དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-14 09:13:42   |   265

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། 2025ལོའི་ཡུན་རིང་གི་དམིགས་བསལ་རྒྱལ་བུན་གྱིས་སྒྲིག་ཆས་གསར་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་མ་འཇོག་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1880གཤམ་སྤྲོད་བྱས་ཟིན་པ་དང་། བཟོ་ལས་དང་ནུས་རྒྱུའི་སྒྲིག་ཆས་སོགས་ཁྱབ་ཁོངས་ལ་སྤྱོད་རྒྱུ་རེད།

  • ནོར་སྲིད་པུས་དམིགས་བསལ་སློབ་གསོའི་སློབ་གྲྭར་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས2025ལོར་མ་དངུལ་སྒོར་དུང་ཕྱུར42.5བཏང་བ་དེ་ལོ་གོང་མ་ལས16.8%འཕར་ཡོད།

  • ཚེས13ཉིན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག《སྨན་བཅོས་བརྡ་ཁྱབ་ངོས་འཛིན་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་ཏེ། ཁྲིམས་འགལ་སྨན་བཅོས་བརྡ་ཁྱབ་ལ་རྡུང་རྡེག་ནུས་ལྡན་གཏོང་ཆེད་སྔར་བས་ཁ་གསལ་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་མཛུབ་ཁྲིད་བྱས་ཡོད།

  • ཀྲུང་གོ་བཟོ་ཚོང་དངུལ་ཁང་སོགས་དངུལ་ཁང་ཆེན་པོ་དྲུག་གིས་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་སྐྱེད་གསབ་ལས་དོན་སྐོར་གྱི་སྤྱི་བསྒྲགས་སྤེལ།

  • རིག་གནས་གནས་སྐོར་པུས་ཟླ7པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ཐེན་ཅིན་དང་ནང་སོག་སོགས་ཞིང་ཆེན་བརྒྱད་ལ་ལྐོག་ཞིབ་བྱས། ས་ཁུལ་ཁག་གཅིག་གི་གཉེར་སྐྱོང་བྱ་ཡུལ་གྱི་མེ་ཟོན་ཡོ་བྱད་ཀྱི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པའམ་ཡང་ན་བཀོད་སྒྲིག་མི་འདང་བ་སོགས་བདེ་འཇགས་ཐོན་སྐྱེད་དང་ཁྲོམ་རའི་སྒྲིག་ལམ་གྱི་གནད་དོན་སྔར་བཞིན་ལྷག་ཡོད་པ་ཤེས་རྟོགས་བྱུང་།

1.jpg

  • ཚེས13ཉིན། རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་དང་རྒྱང་སྐྱོད་ཨང་གཉིས་པའི་སྟེང་རིམ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་ཚོགས་ཆུ08ཀྱི་སྲུང་སྐར་འཕེན་གཏོང་བྱས་པ་དང་། སྲུང་སྐར་དེ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱོད།

  • ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་གསར་འགྱུར་མགྲིན་ཚབ་པས་ཨ་རིའི་མཐར་སྐྲོད་དམག་གྲུ་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མཚོ་ཁོངས་སུ་ཁྲིམས་འགལ་ངང་འཛུལ་བའི་ཐད་གཏམ་བཤད་སྤེལ་དོན། འཐབ་ཁུལ་གྱི་མཚོ་དམག་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་དོགས་ཟོན་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།

  • ཚོང་དོན་པུས《ཡོ་རོབ་མནའ་འབྲེལ་གྱི་དངུལ་རྩའི་སྒྲིག་གཞི་གཉིས་ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། ཟླ8པའི་ཚེས13ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

    སྤྱི་ཚོགས།

  • ཚེས13ཉིན་ཆུ་བེད་པུས་གྲོས་མོལ་བྱས་ཏེ་ཆུ་ལོག་སྔོན་འགོག་ལས་དོན་བཀོད་སྒྲིག་བྱས་པ་དང་འབྲེལ་ཧྥུ་ཅན་དང་། ཀོང་ཏུང་། ཀོང་ཞི། ཧུའུ་ནན་བཅས་ཞིང་ཆེན་བཞིར་ཆུ་ལོག་འགོག་སྲུང་རིམ་པⅣཅན་གྱི་འཕྲལ་སྡོམ་སྤྱོད་མགོ་ཚུགས།

  • རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་ཞིབ་དཔྱད་ཚད་ལེན་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། སྒུལ་བདེའི་ཉེར་སྤྱོད་ཀྱིས་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པའི་གནས་ཚུལ་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཉིན་ཤས་གོང་ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་ཀྱི་དཀར་ཆག་ལས་ཐོག་མའི་ཞིབ་བཤེར་ཁྲོད་ཁས་ལེན་ཐོབ་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། སྨན་རྫས121ལ་ཐོག་མའི་ཞིབ་བཤེར་ལས་ཁས་ལེན་ཐོབ།

  • ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བཏུང་བྱའི་ཐོན་རྫས་ལ་ལྟ་སྐུལ་འཐེན་བཤེར་ཐེངས་ཁྲི11.19བྱས་པ་དང་། ཚད་གཞི་ལོན་མེད་པའི་ཚད0.57%ཡིན།

  • ཚེས13ཉིན་གྱི་ཆུ་ཚོད15:06བར། 2025ལོའི་དབྱར་གསེང(ཟླ6པ་ནས8པ)གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར90ལས་བརྒལ་ཡོད།

  • པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནམ་བདེ་སྒོ་མོ་ཆེའི་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་མཐའ་འཁོར་ས་ཁོངས་ཀྱི་ཨར་ལས་བཀོད་སྒྲིག་གཞིར་བཟུང་སྟེ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དེ་ཟླ8པའི་ཚེས20ནས་ཚེས23ཉིན་བར་གནས་སྐབས་སྒོ་འབྱེད་མཚམས་འཇོག་རྒྱུ་ཡིན་པའི་དྲན་སྐུལ་བྱས།

  • ཡུན་ནན་ཏ་ལིས་བརྡ་ཁྱབ་བཏང་བར་གཞིགས་ན། ཚང་ཧྲན་རི་བོ་ནས་མགོ་འཁོར་བའི་ལོ8ལ་སླེབས་པའི་བྱིས་པ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར། ཐོག་མའི་བརྟག་དཔྱད་ལྟར་ན་ཉེས་དོན་གྱོད་གཞིར་འབྲེལ་བ་མེད།

2.jpg

  • ཚེས13ཉིན་གྱི་ཐོ་རེངས་སུ། སའི་གོ་ལ་ཕྱེད་བྱང་མའི་སྐར་མདའི་ཁྱུ་ཚོའི་གྲས་ཡིན་པའི་དབྱིན་ཞན་སྐར་མདའི་ཁྱུ་ཚོ་ཧ་ཅང་ཇེ་གསལ་ཏུ་འགྲོ་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོའི་སྐར་མར་ལྟ་བར་དགའ་བའི་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད།

3.jpg

  • ཉེ་ཆར། ལེའོ་ཉིང་ཧྲེན་དབྱང་གི་ཟ་ཁང་ཞིག་ཏུ་བུད་མེད་ཅིག་གིས་འོ་ཇ་འཐུང་དུས་སེམས་ཆུང་མ་བྱས་པར་མིད་ཐག་བཀག་སྟེ་ངོ་གདོང་སྨུག་པོར་གྱུར། ཉེན་ཁ་ཆེ་བའི་སྐབས་སུ་ལོ11ལ་སླེབས་པའི་བུ་མོ་ཧུའུ་ཙི་ཧན་གྱིས་ཧའེ་མུའུ་ལི་ཁེས་མྱུར་སྐྱོབ་བྱས་ཏེ་བུད་མེད་དེ་ཉེན་ཁ་ལས་ཐར་རོགས་བྱས།

    སྲིད་ཇུས།

  • ཧྲན་ཞི་ཡིས་ལོ་ལྔའི་ནང་ས་ཁོངས་ཡོངས་ཀྱི་ས་ཆ་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུའི་འཆར་འགོད་བྱས་པ་སྟེ། བཅོས་སྒྲིག་བྱ་རྒྱུར་ཁ་གཡར་ནས་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་བཟུང་སྤྱོད་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་མཁར་གྲོང་གསར་སྤེལ་གྱི་མཐའ་མཚམས་ལེགས་སྒྲིག་བྱེད་པ། རི་བརྐོས་ཏེ་མཚེའུ་ཡི་མཛེས་ལྗོངས་བཟོ་བ་དང་ནགས་ཚལ་དང་འདམ་ར་ཁྲིམས་འགལ་ངང་བཟུང་སྤྱོད་བྱེད་པ་སོགས་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ་ཁ་གསལ་བཏོན་ཡོད།

  • ཧྥུ་ཅན་གྱིས་བྱེད་ཐབས་པར་འགྲེམ་བྱས་པ་སྟེ། ཕྲུ་གུ་སྐྱེ་བར་ཕན་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བུད་མེད་ལས་བཟོ་པ་ཅུང་མང་བའི་མི་སྤྱོད་སྡེ་ཚན་གྱིས“ཨ་མའི་ཁང་ཆུང”འཛུགས་རྒྱུར་སྐུལ་ལྕག་བཏང་ཡོད།

  • ཧའེ་ནན་གྱིས་བྱ་ཐབས་པར་འགྲེམ་བྱས་པ་སྟེ། ས་བོན་ཕྱིར་གཏོང་ནང་འདྲེན་གྱི་ཐོན་སྐྱེད་གཉེར་སྐྱོང་ཆོག་འཐུས་དོ་དམ་ཚད་ལྡན་དུ་བཏང་ནས་ས་བོན་ཐོན་སྐྱེད་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གྱི་ནུས་ལྡན་དུས་བཀག་ལོ་ལྔ་ཡིན་པ་ཁ་གསལ་བཟོས་པ་དང་། གློག་རྡུལ་ལག་ཁྱེར་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཤོག་བུའི་ལག་ཁྱེར་དང་གཅིག་མཚུངས་ཀྱི་བཅའ་ཁྲིམས་ཀྱི་ནུས་པ་ལྡན།

    དེ་རིང་གི་གནམ་གཤིས།

4.png

  • ཀོང་ཏུང་གི་དབུས་ཤར་རྒྱུད་དང་བྱང་རྒྱུད། ཧྥུ་ཅན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཅང་ཞིའི་ལྷོ་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། དེའི་ནང་ཀོང་ཏུང་གི་ཤར་རྒྱུད་དང་ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། དེ་མིན་ཧེ་ལུང་ཅང་གི་ཤར་རྒྱུད་དང་། ནང་སོག་དབུས་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ། ཧོ་པེའི་བྱང་རྒྱུད། ཐེན་ཅིན། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ཧོ་ནན་གྱི་ལྷོ་ནུབ་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད། ཡུན་ནན་གྱི་དབུས་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད།


མཉམ་སྤྱོད།