དེ་རིང་ནི2025ལོའི་ཟླ08པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-15 09:14:48   |   51

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་བ་རྒྱལ་ཁོངས་སུ་ཡོང་བ་དང་རྒྱལ་ཁོངས་ལས་ཕྱིར་འགྲོ་བའི་དོ་དམ་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན》ཁྱབ་བསྒྲགས་བྱས་ཤིང་། 2025ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་སོགས་སྡེ་ཚན་བཅུ་གཉིས་ཀྱིས་མཉམ་འབྲེལ་ཐོག《ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་མཐུན་སྦྱོར་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས།

  • ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་རྒྱབ་སྐྱོར་བྱས་ནས2025ལོའི་དཔྱིད་ཀའི་སློབ་དུས་ནས་བཟུང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་། འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་པའི་དབང་པོ་སྐྱོན་ཅན་གྱི་སློབ་མ་རེར་ཆ་སྙོམས་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་བྱེད་པའི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར6000ནས་སྒོར7000བར་མཐོ་རུ་གཏོང་རྒྱུ་རེད།

  • ཟླ་དྲུག་པའི་ཟླ་མཇུག་བར་རང་རྒྱལ་གྱི5Gསྦྲེལ་ཚུགས་ཀྱི་སྡོམ་འབོར་ཁྲི455ཟིན་པ་དང་། ཀྲའོ་སྟོང་གི་དྲ་ཆེན་སྤྱོད་མཁན་དུད་ཚང་དུང་ཕྱུར2.26ཟིན། རྩིས་རྒྱག་ཤུགས་ཀྱི་སྤྱིའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད།

  • ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1223ཟིན་པ་དེ་དུས་མཚུངས་ལས16.2%འཕར་ཡོད། དེའི་ནང་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1120.5ཟིན་པ་དེ་དུས་མཚུངས་ལས18.7%འཕར་ཡོད།

1.png

  • ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ས་ཁོངས་ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། དེའི་ནང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི9.59ཟིན་པ་དེ་དུས་མཚུངས་ལས5.4%འཕར་བ་དང་། དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་གྱི37.3%བཟུང་ཡོད།

  • འཆར་གཞིའི་བཀོད་སྒྲིག་ལྟར་ན། ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གིས་ཉེ་ཆར་གོ་སྐབས་བདམས་ནས་གྲུ་ཁང་ནས་ཕྱིར་སྐྱོད་པའི་བྱེད་སྒོ་ཐེངས་གསུམ་པ་སྤེལ་རྒྱུ་རེད།

  • མིག་སྔར་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་གསུམ་ཆ་གཉིས་ལས་བརྒལ་བ་ལེགས་གྲུབ་ཟིན་ཡོད། ཚེས14ཉིན་གྱི་ཆུ་ཚོད18བར་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ22དང་། དངུལ་གྱི་རྟགས་མ6དང་། ཟངས་ཀྱི་རྟགས་མ4བཅས་བླངས་པ་དང་། གསེར་གྱི་རྟགས་མ་ལེན་ཚད་ཨང་དང་པོར་སླེབས་ཡོད།

    སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས། དེ་རིང་ཧུའུ་ནན་གྱི་ལྷོ་རྒྱུད་དང་། ཀོང་ཞིའི་དབུས་བྱང་རྒྱུད། ལྷོ་རྒྱུད་མཚོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་པ་དང་། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • པེ་ཅིང་གྲོང་ཨུས་འབྲུབ་འགོག་གེགས་སེལ་ཁྲོད་སྟབས་མ་ལེགས་པར་སྐུ་གཤེགས་པའི་བློ་མཐུན་དབྱི་ཁྲུན་ཡན་དང་ཚའེ་ཡུང་ཀྲང་ལ“པེ་ཅིང་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལོ་སྟོད་ཀྱི་རྒྱལ་ཡོངས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་འཐེན་བཤེར་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ་སྟེ། ལོ་སྟོད་དུ་རྒྱལ་ཡོངས་ཀྱིས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་འཐེན་བཤེར་ཁག་ཐེངས་ཁྲི263.9བྱས་པ་དང་སྤྱིའི་ཚད་གཞི་ལོན་མེད་པའི་ཚད2.61%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས0.17ཆག་ཡོད།

  • གཞུང་ཕྱོགས་ཀྱི་རྩིས་ཐོའི་ཨང་གྲངས་རྫུན་བཟོ་དང་དམག་དོན་གྱི་དཀྲོག་གཏམ་བཟོས་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་དམག་དཔུང་དང་འབྲེལ་བའི་རང་མོས་སྨྱན་སྦྱོར་གྱི་རྩིས་ཐོའི་ཨང་གྲངས་ཁག་གཅིག་ཐག་གཅོད་བྱས།

  • 2025ལོའི་ལོ་སྟོད་དུ་རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་རྒྱུགས་ལེནCETགྲུབ་འབྲས་འདྲི་རྩད་ཞབས་ཞུ་ཚེས16ཉིན་ཤར་གཏོང་བྱ་རྒྱུ་རེད།

3.jpg

  • ཚེས14ཉིན། 2025ལོའི་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་པའི་ལག་རྩེད་སྤོ་ལོའི་ཨེ་ཤེ་ཡའི་བུམ་པའི་རྟིང་རྩོད་འགྲན་བསྡུར་ཐོག་ཀྲུང་གོའི་རུ་ཁག་ལྷོ་ཁོ་རེ་ཡའི་རུ་ཁག་ལས་རྣམ་པར་རྒྱལ་ནས་རྩེ་གྲ་བཞི་པར་སླེབས་ཡོད། འདི་ནི་ཀྲུང་གོའི་སྐྱེས་པའི་ལག་རྩེད་སྤོ་ལོའི་རུ་ཁག་གིས་ལོ10ཡི་རྗེས་སུ་སླར་ཡང་ཨེ་ཤེ་ཡའི་བུམ་པའི་རྩེ་གྲ་བཞི་བླངས་པ་ཐེངས་དང་པོ་ཡིན།

    སྲིད་ཇུས།

  • ཧྲང་ཧའེ་ཡིས་ཐཱན་ཁྲོམ་རའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཇུས་གཞི་པར་འགྲེམ་བྱས། 2026ལོ་ནས་བཟུང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སོགས་ནུས་ཆེའི་ལས་རིགས་དང་གྲངས་གཞི་ལྟེ་གནས་ཀྱི་དོ་དམ་ཚད་གཞི་དེ་ལོར་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི1ཕྱིར་འབུད་བྱེད་ཚད་བར་མར་ཆག་ཡོད།

  • ཧོ་པེས2025ལོའི་གཙང་པོ་དང་མཚེའུ་ཡི་སྤྱི་དཔོན་གྱི་བཀའ་རྒྱ་ཨང་གཉིས་པ་ཁྱབ་བསྒྲགས་བྱས་པ་སྟེ། 2030ལོར་སླེབས་སྐབས་བདེ་སྐྱིད་གཙང་པོ་དང་མཚེའུ100དང་སྤྱི་ལེ1000ལྷག་ཙམ་གྱི་མཚོ་འགྲམ་རྒྱུད་གྱི་སྤྲོ་གསེང་གནས་བསྐྲུན་རྒྱུ་རེད།

  • ཅང་ཞི་ཡིས་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལུས་རྩལ་རིགས་ཀྱི་ཆེད་ལས་ཀྱི་གཅིག་གྱུར་རྒྱུགས་ལེན་ལས་ལག་རྩེད་སྤོ་ལོའི་རྣམ་གྲངས་ཀྱི་ཚོད་ལྟའི་བྱ་ཐབས་ལེགས་སྒྲིག་བྱས་པ་སྟེ། 2028ལོ་ནས་བཟུང་ལུས་རྩལ་གཅིག་གྱུར་རྒྱུགས་ལེན་གྱི་དུས་ཚོད་ལོ་གོང་མའི་ཟླ11པར་བཀོད་སྒྲིག་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཧུའུ་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད། ཀོང་ཞི་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་ཧུའུ་ནན་གྱི་ལྷོ་རྒྱུད་དང་། ཀོང་ཞིའི་དབུས་བྱང་རྒྱུད། ལྷོ་རྒྱུད་མཚོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། གཞན་ཡང་ནང་སོག་གི་དབུས་རྒྱུད་དང་། པེ་ཅིང་གི་བྱང་ཤར་རྒྱུད། ཐེན་ཅིན་གྱི་བྱང་རྒྱུད། ཧེ་ལུང་ཅང་གི་ལྷོ་རྒྱུད། ཧྲན་ཏུང་གི་དབུས་བྱང་རྒྱུད། ཧོ་ནན་གྱི་བྱང་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད་སོགས་སུ་ཁ་ཐོར་རང་བཞིན་གྱི་ཆར་ཆེན་དང་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།