དེ་རིང་ནི2025ལོའི་ཟླ08པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-18 09:31:35   |   204

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་《ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་མཐའ་འཁྱོངས་བྱ་རྒྱུའི་སྐོར་གླེང་བ》ཞེས་པའི་དེབ་དང་པོ་དང་གཉིས་པ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

01.jpg

  • ཟླ8ཚེས16ཉིན་གྱི17:30ནས་ཟླ8ཚེས17ཉིན་གྱི3:30བར། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ས་ཁུལ་དུ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ཕྱོགས་བསྡུས་ནང་སྦྱོང་ཐེངས་གཉིས་པ་བྱས་པ་དང་། མི་ཁྲི་4ཙམ་ནང་སྦྱོང་དང་ཡུལ་དངོས་ཀྱི་འགན་ལེན་ལས་དོན་ནང་ཞུགས།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་སྔོན་གྱི་ཟླ7པོའི་ནང་། རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1120.5ཟིན་པ་དང་། དུས་མཚུངས་ལས18.7%འཕར་ཡོད།

  • ཚོང་དོན་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཚེས14ཉིན་བར། 2025ལོར་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་འབྲེལ་ཡོད་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི1.9ལས་བརྒལ་བར་སྐུལ་ཁྲིད་བྱས་ནས། མི་ཐེངས་དུང་ཕྱུར3.2ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། ད་ལོའི་སྟོན་འབྲུ་ཐོན་སྐྱེད་བྱེད་འགོ་སྤྱིའི་ཆ་ནས་བདེ་བླག་ཡིན་པ་དང་རྒྱ་ཁྱོན་བརྟན་པོའི་ངང་འཕར་ཡོད།

  • ཚེས17ཉིན། རང་རྒྱལ་གྱི་ཆེས་བྱང་མཐའ་ཡི་མཐོ་གྲང་མྱུར་བགྲོད་ལྕགས་ལམ་ཧ་ཆི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་བཅུ་འགོར་བ་དང་། ལོ་བཅུའི་རིང་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར1ལས་བརྒལ་ཡོད་པ་རེད།

02.jpg

  • ཚེས17ཉིན། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཚོད་ལྟའི་སྲུང་སྐར་ཨང་རྟགས་ཉི་ཤུ་རྩ་བརྒྱདBསྐར02མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

  • སྐབས་བཅུ་གཉིས་པའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཚེས17ཉིན་ཁྲེང་ཏུའུ་རུ་གྲོལ་བ་དང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་སྐབས་འདིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ36དང་། དངུལ་གྱི་རྟགས་མ17 ཟངས་ཀྱི་རྟགས་མ11བཅས་བླངས་ཤིང་། གསེར་གྱི་རྟགས་མའི་བླངས་པ་དང་བྱ་དགའི་རྟགས་མའི་བླངས་པའི་ཨང་རིམ་དང་པོར་སླེབས་ཡོད།

  • ཡོ་རོབ་མནའ་འབྲེལ་དང་བྱང་ཆིངས། དེ་བཞིན་ཡོ་རོབ་རྒྱལ་ཁབ་མང་པོའི་མགོ་ཁྲིད་པ་ཚེས18ཉིན་ཨ་རིའི་ཕོ་བྲང་དཀར་པོར་ཕྱིན་ནས། ཨ་རིའི་ཙུང་ཐུང་ཁྲོན་ཕུ་དང་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་མཇལ་འཛོམས་བྱ་རྒྱུ་ཐག་བཅད།

སྤྱི་ཚོགས།

03.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ནས། ཚེས18ཉིན་གྱི་ཉིན་མོར་ཧོང་ཧོའེ་མང་ཆེ་བ་དང་། ཅང་ཧའེ། ཅང་ཧན་དབུས་ཤར་རྒྱུད། ཅང་ནན་གྱི་དབུས་བྱང་རྒྱུད། ཧྲའན་ཤིས་ཀོན་ཀྲུང་། སི་ཁྲོན་གཤོང་ས། ཤིན་ཅང་ཐུའུ་ལུའུ་ཧྥན་གཤོང་ས་དང་ཤིན་ཅང་ལྷོ་རྒྱུད་གཤོང་སའི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཏུའུ་གྲངས35ནས39བར་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་བྱུང་རྒྱུ་རེད།

04.jpg

  • ཉེ་ཆར། ཀྲུང་གོ་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་དུ་རིག་དངོས་རྩེ་གྲ་ཁག་གཅིག་བཤམས་པ་དང་། རྡོ་ཆས་གསར་པའི་དུས་རབས་ཀྱི་སྒོང་ཤུན་རྫ་ཆས་དང་། ཚོན་རིས་རྫ་ཆས། དེ་བཞིན་ཐང་རྒྱལ་རབས་ཀྱི་རྟ་བཞོན་རྫ་ཆས་སོགས་རིག་དངོས་འགྲེམས་སྟོན་བྱས་པ་རེད།

  • རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲསAG600ཐོན་སྐྱེད་བྱས་པའི་གནམ་གྲུ་གཉིས་པ་དེ་ཐོན་སྐྱེད་བྱས་ནས་ཚོད་ལྟའི་འཕུར་སྐྱོད་ཐོག་མ་ལེགས་གྲུབ་བྱུང་ཡོད།

  • ཚེས17ཉིན་པེ་ཅིང་ཐེན་ཀོང་རུ་ཁག་གི“ཅུའུ་ཧྲིན་ཐེན་ཀོང་Ultra”འཕྲུལ་མིས་སྐར་ཆ21.50ཡི་གྲུབ་འབྲས་ཐོག་ནས་གོ་ལ་ཧྲིལ་པོའི་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ཀྱི་སྨི100ཡི་ཐུང་རྒྱུག་རྣམ་གྲངས་ཀྱི་ཨང་དང་པོ་བླངས་པ་རེད།

05.jpg

  • ཉེ་ཆར། ཀྲའོ་ཧྲང་ཀྲི་ཡིས་འཇར་འགོག་ངེས་མེད་རྒོལ་རྡུང་རུ་ཁག་སྐབས་ཀྱི་འདྲ་པར་ཞིག་ཁྱབ་བསྒྲགས་བྱས་པ་རེད། ལོ་ངོ90ལྷག་གི་རིང་འགོར་རྗེས། དཔའ་བོའི་ཉམས་འགྱུར་སླར་ཡང་མངོན་བྱུང་།

  • ཧོ་པེ་ལང་ཧྥང་ནས་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་མི་ཅིང་ཀུའུ་ལི་དབྱི་ལང་གིས་ལག་བྲིས་བྱས་པའི་ཉིན་ཐོ་ཞིག་རྙེད་པ་དང་། ཉིན་ཐོའི་ནང་འཇར་པན་དམག་གི་གཏུམ་སྤྱོད་སྐོར་གསལ་པོར་གླེང་ཡོད་པ་དང་།  དེས་འཇར་པན་གཡས་རུའི་ཕྱོགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་གཡོ་འགེབས་བྱེད་པའི་རྫུན་གཏམ་ལ་དགག་པ་ནུས་ལྡན་བརྒྱབ་ཡོད།

  • ཚེས17ཉིན། འཛམ་གླིང་ཐོག་གི་ཚངས་ཐིག་ཆེ་ཤོས་ཀྱི་ཆུ་འོག་གི་ཕུག་ལམ་སྟེ། ཧྲན་ཏུང་ཅི་ནན་ཧོང་ཀང་ལམ་གྱི་རྨ་ཆུའི་ཕུག་ལམ་བདེ་བླག་ངང་བཏོད་ཐུབ་ཡོད།

  • རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་སྒྲིག་གཞིས་སྐྱེ་དངོས་གྲུབ་རྣམ་པའི་མིས་བཟོས་རིག་ནུས་སྤྱད་དེ་དུག་སྲིན་འགོག་སྨན་གསར་པ་ཇུས་འགོད་བྱེད་པའི་བྱེད་ཐབས་ཤིག་གསར་སྤེལ་བྱས་པས། སྨན་འགོག་རང་བཞིན་གྱི་གནད་དོན་ལ་ཁ་གཏད་གཅོག་པར་ཐམས་ལམ་བཏོད་པའི་རེ་བ་ཡོད།

  • ཚེས17ཉིན་གྱི17:20བར། ནང་སོག་པ་ཡན་ཀྲོར་གྲོང་ཁྱེར་ཝུའུ་ལ་ཐེ་ཧོའུ་ཆིའི་ཆུ་ལོག་གིས་ཕྱི་རོལ་དུ་སྒར་སྡོད་བྱེད་པའི་མི་སྣ10རྐྱེན་ལམ་དུ་ཤོར་བ་དང་། ད་དུང་མི་གཉིས་འབྲེལ་ཐག་ཆད་ཡོད་ལ་མིག་སྔར་མི1སྐྱོབ་ཐུབ་པ་བྱུང་།

06.jpg

  • ཉེ་ཆར། ཀྲེ་ཅང་ཧང་ཀྲོའུ་ཡི་ལོ31ལ་སླེབས་པའི་འབྲས་སྐྲན་ཁོག་ནད་ཚན་ཁག་གི་སྨན་པ་ཚའེ་ཁྲེང་ཀྲིས་ཁྲག་སྐྱེས་ཕྲ་ཕུང་སྐམ་པོ་བསྲེས་མའི་གཤེར་ཁུ་ཧོ་ཧྲེང209ཞལ་འདེབས་ཕུལ་བ་དང་། ལག་བྲིས་བྱས་པའི་འཕྲིན་ཡིག་ཅིག་དང་མཉམ་དུ་ནད་པ་ཆུང་ཆུང་ཞིག་ལ་ཚེ་སྲོག་གི་མེ་སོན་སྤྲད་པ་དང་། མིག་སྔར་ནད་པ་ཆུང་ཆུང་དེས་ཁྲག་སྐྱེས་ཕྲ་ཕུང་གཙོ་བོའི་སྤོ་འཛུགས་ལེགས་འགྲུབ་བྱུང་ཡོད།

སྲིད་ཇུས།

  • ཧྲན་ཏུང་གིས་བྱེད་ཐབས་བཏོན་ནས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་རའི་རྐང་གྲུག་ཁྱད་ལྡན་སློབ་གྲྭ3000ཙམ་བསྐྲུན་རྒྱུ་རེད།

  • ཁྲུང་ཆིང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་མ་དངུལ་སྒོར་ཁྲི1000བསྐྱར་སྣོན་བྱས་ནས། 2025ལོའི་དུས་ཚིགས་གསུམ་པའི་གློག་སྒུལ་རྐང་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ་ཐད་སྤྱོད་རྒྱུ་ཡིན་པ་རེད།

  • ཡུན་ནན་གྱིས་བརྡ་ཐོ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཕྱོགས་ལ་རིན་མེད་ངང་ས་མཐོའི་མི་མེད་གནམ་གྲུའི་ཚོད་ལྟའི་ཞབས་ཞུ་མཁོ་འདོན་བྱས་ཏེ། ཞིབ་བཤེར་གཏན་འབེབས་བྱས་པའི་ཚོད་ལྟའི་རྣམ་གྲངས་ཀྱི་གཉེར་སྐྱོང་མ་གནས་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

07.jpg

  • ཀོང་ཏུང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད། ནང་སོག་གི་དབུས་རྒྱུད་དང་བྱང་ཤར་རྒྱུད། ཧྲན་ཏུང་ཕྱེད་གླིང་། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཡུན་ནན་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཀོང་ཏུང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།