དེ་རིང་ནི2025ལོའི་ཟླ08པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-19 09:43:24   |   84

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་དམག་ཨུའི་ཆོག་མཆན་བརྒྱུད།《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ལྡན་དང་དར་རྒྱས་གཏོང་བའི་སྐོར་གླེང་བ(བཞི)》ཞེས་པ་དམག་ཡོངས་ལ་དཔར་འགྲེམས་བྱས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས20ཉིན་གྱི་སྔ་དྲོའི་ཆུ་ཚོད10པར། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། དམག་གཟིགས་གྲ་སྒྲིག་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད།

  • ཀྲུང་དབྱང་སྒྲིག་ཁོངས་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་ཡུལ་གྲོང་ཁྲོམ་གཞུང་ཁྲི3.8ཀྱི་འགན་འཁྲི་སྒྲུབ་པའི་དོན་གནད་ཀྱི་གསལ་ཐོ་བཟོ་བའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཡོད།

  • 2024ལོའི་ཟླ4པ་ནས2025ལོའི་ཟླ7པའི་བར། རྒྱལ་ཡོངས་ཀྱི་ཁེ་ལས་ཀྱིས་འཕྲུལ་ཆས་སྒྲིག་ཆས་ཉོ་སྒྲུབ་བྱེད་པའི་རིགས་ཀྱི་དངུལ་གྲངས་དུས་མཚུངས་ལས7.3%འཕར་བ་དང་། དེའི་ནང་བཟོ་ལས་ཁེ་ལས་ཀྱིས་འཕྲུལ་ཆས་སྒྲིག་ཆས་རིགས་ཀྱི་ཉོ་སྒྲུབ་དངུལ་གྲངས་དུས་མཚུངས་ལས9.8%འཕར་ཡོད།

01.jpg

  • ཚེས15ཉིན། ཧྲིན་ཀྲོའུ་ཨང་རྟགས་ཉི་ཤུ་པའི་ཚོགས་ཆུང་གིས་ཐེངས་གསུམ་པའི་གྲུ་ཁང་ཕྱི་རུ་འབུད་པའི་བྱ་འགུལ་ལེགས་འགྲུབ་བྱུང་། ད་ཐེངས་ཀྱི་ལས་འགན་ནང་། ཁྲེན་ཏུང་གིས་གྱོན་པའི་བར་སྣང་ས་ཚིགས་ཀྱི་གྲུ་ཁང་གི་གྱོན་ཆས་Bཡིས་རིམ་རྩིས་བྱས་ན་གྲུ་ཁང་ནས་ཕྱིར་ཐེངས20འབུད་པའི་ལས་འགན་འགན་ལེན་བྱས་པ་དང་། རང་རྒྱལ་གྱི་བར་སྣང་ས་ཚིགས་ཀྱི“ལོ4དང་ཐེངས20”བསྲིང་བའི་དམིགས་ཚད་མངོན་འགྱུར་བྱེད་པའི་གྲུ་ཁང་གི་གྱོན་ཆས་ཐོག་མར་གྱུར་ཡོད།

  • ཚེས18ཉིན། ཧེང་ཆིན་འགག་སྒོ་གསར་པ་དངོས་སུ་སྤྱོད་མགོ་ཚུགས་ནས་ལོ་ལྔ་འགོར་བ་དང་། ཤར་གཏོང་བྱས་པ་ནས་བཟུང་། རིམ་རྩིས་བྱས་ན་གཤམ་སྤྲོད་བྱེད་མཁན་མི་ཐེངས་ཁྲི7560ལས་བརྒལ་བ་དང་། རླངས་འཁོར་ཐེངས་གྲངས་ཁྲི895ལས་བརྒལ་ནས། ལོ་རེར་ཆ་སྙོམས་འཕར་ཚད་སོ་སོར55.6%དང་43.3%ཟིན་ཡོད།

  • ཚོང་དོན་པུས་ཡོ་རོབ་མནའ་འབྲེལ་ནས་ཐོན་པའི་ནང་འདྲེན་བྱས་པའི་འབྲེལ་ཡོད་དཀར་ཆུའི་ཐོན་རྫས་ཀྱི་ཁ་གསབ་ལྡོག་པའི་བྱེད་པའི་བརྟག་དཔྱད་དུས་བཀག་དེ2026ལོའི་ཟླ2ཚེས21ཉིན་བར་རིང་དུ་གཏོང་རྒྱུ་ཐག་བཅད།

02.jpg

  • 2025ལོའི་སྐྱེས་པའི་གཟེབ་གྲུག་ཨེ་ཤེ་ཡའི་བུམ་པའི་འགྲན་བསྡུར་ཚེས18ཉིན་སོ་ཏི་ཨ་རབ་ཀྱི་ཅི་ཏར་མཇུག་འགྲིལ་ཞིང་། ཀྲུང་གོའི་སྐྱེས་པའི་གཟེབ་གྲུབ་རུ་ཁག་གིས་སྐར་མ་གཅིག་གི་ཁྱད་པར་གྱིས་ཨོ་སི་ཁྲུ་ལི་ཡའི་རུ་ཁག་ལས་ཕམ་ནས་ཨང་གཉིས་པ་བླངས་པ་རེད།

སྤྱི་ཚོགས།

03.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་ཉེན་ཟོན་བརྡ་རྟགས་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཧྲའན་ཞིའི་ཀོན་ཀྲུང་དང་། ཧོ་ནན་དབུས་ལྷོ་རྒྱུད། ཧུའུ་པེའི་བྱང་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་དབུས་ནུབ་རྒྱུད་སོགས་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས་ཏུའུ་གྲངས40ཡན་ལ་ཐོན་རྒྱུ་རེད།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། 2025ལོའི་དབྱར་གསེང་སྐབས་ཀྱི་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་ཚོང་ཚུད་པ)སྒོར་དུང་ཕྱུར100ལས་བརྒལ་བ་དང་།《ནན་ཅིང་པར་ལེན་ཁང་》དང་《ལང་ལང་རི་བོའི་འདྲེ་ཕྲུག》《ཁྲང་ཨན་གྱི་ལི་ཀྲི》གསུམ་པོ་མདུན་གྲལ་ཨང་གསུམ་པའི་ནང་ཐོན་ཡོད་པ་རེད།

  • ཟླ7ཚེས1ཉིན། དབྱར་གསེང་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་ནས་བཟུང་། ཟླ8ཚེས17ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར7ལས་བརྒལ་ནས། མི་ཐེངས་དུང་ཕྱུར་7.12ཟིན་པ་དང་། དུས་མཚུངས་ལས4.1%འཕར་ཡོད།

  • ཀྲེ་ཅང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རིན་གཞོན་པ་ཀུའོ་ཞིན་ཧྥུའུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འགོར་བའི་སྐབས་སུ། ད་ལོའི་སྔོན་རྩིས་བཀོད་སྒྲིག་གི་དམངས་འཚོའི་བྱ་བ་དངོས་28ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་པའི་རྨང་གཞིའི་ཐོག བོད་ལྗོངས་ཀྱིས་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར20ཙམ་བཏང་ནས་དམངས་འཚོའི་བྱ་བའི་དོན་ཚན་བཅུ་ཁ་སྣོན་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

  • རྒྱལ་ཡོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས2025ལོའི་ཉེན་ཟོན་སྔོན་བརྡ་ཨང་3པ་ཁྱབ་བསྒྲགས་བྱས་ནས། “སློབ་སྐྱོར་དངུལ་བུན་གཉེར་བའི”གཡོ་ཐབས་ལ་དོགས་ཟོན་བྱེད་དགོས་ཞེས་བསྟན་པ་རེད།

  • པེ་ཅིང་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་བརྡ་ཐོ་བཏང་ནས། 2025ལོའི་འབྲུབ་ཆུ་རྒྱས་པའི་ཤུགས་རྐྱེན་ཕོག་པའི་དངུལ་བཅོལ་ལས་བཟོར་དུས་མཚམས་རང་བཞིན་གྱི་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཚེས20ནས་ཚེས21ཉིན་གྱི་ཞོགས་པར། སྐར་མ་པ་སངས་དང་ཕུར་བུ་གཉིས་རེས་སྐོར་གཅིག་གི་ཟླ་གམ་དང་མཉམ་དུ་ཤར་ཕྱོགས་ཀྱི་མཁའ་དབྱིངས་སུ་“སྐར་གཉིས་ཟླ་གཅིག”རྣམ་པ་བྱུང་རྒྱུ་རེད། སྐབས་དེར་གནམ་ངོ་ཐང་ཚེ་རང་རྒྱལ་གྱི་སྤྲོ་བ་ཡོད་པའི་སྤྱི་དམངས་ཀྱིས་དེར་བལྟ་ཐུབ་པ་རེད།

04.gif

  • ཚེས13ཉིན། ཨན་ཧུའེ་ཨན་ཆིང་གི་གྲོང་མི་ཞིག་ཆུ་ལོག་ལ་འཕྲད་ནས་ལྕང་སྡོང་ཆུང་ཆུང་ཞིག་བཟུང་ནས་རང་སྐྱོབ་བྱས་པ་དང་། ཉེན་ཁ་ཆེ་བའི་འགག་རྩའི་དུས་སུ་གྲོང་ཚོའི་ཏང་ཀྲི་པུ་ཧྲུའུ་ཅི་དང་དམག་འཁྱུར་དམག་མི་ཉི་ལིན་ཡན་གྱིས་སྲོག་སྐྱོབ་ཐག་པ་མཚོ་འགྲམ་གྱི་ལན་ཀན་ཐོག་བཏགས་ཏེ་སྲོག་སྐྱོབ་རྐྱལ་བ་བཟུང་ནས་དྲག་ཏུ་བཞུར་བཞིན་པའི་ཆུའི་ནང་དུ་མཆོངས་ཏེ་ཉེན་ཁར་ཕྲད་པའི་གྲོང་མི་བདེ་བླག་ངང་བསྐྱབས།

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཆུ་ཚོད24ཡི་སྒོ་དབྱེའི་སྤྱི་གླིང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཆུ་ཚོད24རིང་གི་སྤྱི་གླིང་གི་གནས་སྐོར་བའི་གསང་སྤྱོད་ཀྱི་དགོས་མཁོ་འགན་ལེན་བྱེད་པ་དང་། ཉུང་མཐར་ཡང་སྤྱོད་ཁང་གཅིག་ཆུ་ཚོད་24རིང་སྒོ་འབྱེད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཧོ་ནན་གྱིས་ཁེ་ལས་ཀྱི་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འགའ་ཁྱབ་བསྒྲགས་བྱས་ནས། མ་དངུལ་སྒོར་ཁྲི5000ཡན་བཏང་བའི་ལག་རྩལ་གལ་ཆེན་སྒྱུར་བཀོད་དཔེ་སྟོན་རྣམ་གྲངས་ལ་དངོས་སུ་མ་དངུལ་འཇོག་གྲངས་ཀྱི15%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། ཆེས་མང་ན་སྒོར་ཁྲི་1000ལས་མི་བརྒལ།

  • ཧའེ་ནན་གྱིས་སྨན་རྫས་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་ནད་ཐོག་སྨན་བཅོས་གོང་གི་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ཚོད་ལྟ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་གཞིགས་ནས་སྒོར་ཁྲི40ནས་ཁྲི1000བར་གྱི་མ་དངུལ་བྱ་དགའ་སྤྲོད་དགོས་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

05.jpg

  • མཚོ་སྔོན་གྱི་ཤར་རྒྱུད་དང་། ཀན་སུའུ་ཡི་དབུས་ཤར་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ནང་སོག་གི་དབུས་རྒྱུད། ཧེ་ལུང་ཅང་གི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ལེའོ་ཉིང་གི་དབུས་ལྷོ་རྒྱུད། ཧྲན་ཞིའི་བྱང་རྒྱུད། པེ་ཅིང་དང་། ཐེན་ཅིན། ཧོ་པེ།  སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་གི་ས་ཆ་མང་ཆེ་བར་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ནང་སོག་གི་ཀོའུ་ཧོ་ཐའོ་ས་ཁུལ་དང་། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་བྱང་རྒྱུད། ཧོ་པེའི་དབུས་བྱང་རྒྱུད། པེ་ཅིང་། ཐེན་ཅིན། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།