དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-20 08:50:46   |   115

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་དྲིལ་སྒྲོག་པུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་ཚོགས་ཡོངས་ལ2025ལོའི“ཆེས་མཛེས་པའི་སྨན་པ”ཡོངས་བསྒྲགས་བྱས་ཤིང་། ཝང་ཡུས་ཧྥེང་དང་། ཧྲེན་ཞའོ་ཧུའེ། ཉི་མ་ལྷ་མོ། ཞིན་ཧྲའོ་ཡུན། ལིའུ་ཀྲི་ཧུང་། ནུང་ཁང་། ཧོ་ཅན་ཞིང་། ཀྲང་ཅུན་ཆའོ། ཀྲོའུ་ཅན་ཧུང་། ལིའང་ཁྲུན་རུང་སོགས་བློ་མཐུན10གཟི་བརྗིད་ངང་བདམས་ཐོན་བྱུང་བ་རེད།

  • ད་ལོའི་སྔོན་གྱི་ཟླ7པོའི་ནང་། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར135839ཟིན་པ་དང་། དུས་མཚུངས་ལས0.1%འཕར་ཡོད།

  • 2024ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་སུ་འཕྲོད་བསྟེན་མི་སྣ་སྡོམ་འབོར་ཁྲི1578ཟིན་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན5ཡིས《མི་སྒེར་གྱི་རྒན་གསོའི་དངུལ་ལེན་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།

  • ཟླ1པ་ནས7པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར23.31སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་མེ་འཁོར་ཁྲི18.33ནང་དངོས་ཟོག་སྐྱེལ་བ་རེད།

01.jpg

  • ཚེས19ཉིན། ལི་ཅན་ཨང་རྟགས་ཅན་གྱི་ཡའོ་ཧྲི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཏུང་ཧྥེང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་དུ་འཕེན་གཏོང་བྱས་ཤིང་། ནང་དུ་བཞག་པའི་ཀྲུང་ཁོ་སྲུང་སྐར05སོགས་སྲུང་སྐར7སྔོན་དཔག་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ་བ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་གི་དངོས་ཟོག་ཉོ་ཚོང་སྡོམ་འབོར་ཨ་སྒོར་དུང་ཕྱུར2477ཟིན་པ་དང་། དུས་མཚུངས་ལས0.8%འཕར་ཡོད།

  • ས་གནས་དེ་གའི་དུས་ཚོད་ཚེས19ཉིན། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མིའི་མཇལ་འཛོམས་ཐེངས་24པ་ཞིན་ཏེ་ལི་རུ་འཚོགས།

  • ས་གནས་དེ་གའི་དུས་ཚོད་ཚེས19ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་ཐོན་ཚུན། རྩ་འཛུགས་དེས་སྨན་བཅོས་སྒྲིག་གཞིར་དམིགས་པའི་གཏུམ་སྤྱོད་འཇབ་རྒོལ་གྱི་དོན་རྐྱེན་174ཟིན་ཐོ་བཀོད་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

  • ཆུ་བེད་པུས་ཚེས19ཉིན་གྱི་ཆུ་ཚོད14ཙམ་ལ་ཐེན་ཅིན་དང་། ཧོ་པེ། ལེའོ་ཉིང་། ཡུན་ནན་བཅས་ཞིང་ཆེན(ཐད་གཏོགས་གྲོང་ཁྱེར)4ལ་དམིགས་ནས་ཆུ་ལོག་འགོག་སྲུང་རིམ་པའི་འཕྲལ་སྡོམ་དང་ལེན་བྱས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་ཆུ་ལོག་འགོག་སྲུང་རིམ་པར་དམིགས་པའི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་པ་དང་འབྲེལ་ལས་དོན་ཚོགས་ཆུང་ཐེན་ཅིན་དང་ཧོ་པེའི་དྲག་ཆར་ཆུ་ལོག་འགོག་སྲུང་གི་འཐབ་ས་དང་པོར་གཞོགས་འདེགས་མཛུབ་ཁྲིད་བྱེད་པར་མངགས་པ་རེད།

  • ཉེ་ཆར་ཀྲུང་དབྱང་དངུལ་ཁང་གིས་ཞིང་སྐྱོར་ཆུང་གྲས་ཀྱི་དངུལ་བུན་བསྐྱར་གཏོང་དངུལ་གྲངས་སྒོར་དུང་ཕྱུར1000མང་དུ་བཏང་ནས་འབྲུབ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།

  • གྲངས་གཞི་ལས་མངོན་པར། 2024ལོར་རང་རྒྱལ་གྱི་ཕྱི་རོལ་ལུས་རྩལ་དྲ་ཐོག་འཛད་སྤྱོད་བྱེད་ཚད་མི་ཐེངས་དུང་ཕྱུར2ཙམ་ཟིན་པ་དང་། འཛད་སྤྱོད་སྡོམ་འབོར་སྒོར་དུང་ཕྱུར3000ལས་བརྒལ་ཡོད་པ་རེད།

  • ཉེ་ཆར། ཀྲུང་གུང་པེ་ཅིང་གྲོང་ཨུས་བློ་མཐུན་ཡུས་ཧུང་ཆིང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡིན་པ་རྗེས་འདེད་ཁས་ལེན་བྱ་རྒྱུའི་ཆོག་མཆན་ཐོབ།

  • ཚེས15ཉིན། རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱས་པའི་ཉེས་གསོག་དོགས་ཅན་ལི་ཆེ་གེ་མོ་ཐེ་ལན་ནས་རང་རྒྱལ་དུ་ཕྱིར་ཁྲིད་ཡོང་དང་། ལི་ཆེ་གེ་མོ་དང་གྱོད་འབྲེལ་མི་དམངས་ཤོག་སྒོར་དུང་ཕྱུར3ལྷག་ཙམ་ཟིན་ཡོད་པ་རེད།

02.jpg

  • ཉེ་ཆར། ཧོ་པེ་ཀུའུ་ཨན་ནས་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་དམག་མིའི་ཉིན་ཐོའི་པར་དེབ་རྙེད་པ་དང་། འཇར་པན་དམག་གིས་ཀྲུང་གོར་བཙན་འཛུལ་བྱས་པའི་ནག་ཉེས་ཐེར་འདོན་བྱེད་པར་དཔང་རྟགས་གསར་པ་བསྣན་ཡོད་ལ། འབྲེལ་ཡོད་ལོ་རྒྱུས་ཞིབ་འཇུག་ཐད་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

03.jpg

  • ཚེས19ཉིན། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་སྤྱི་ལེ20ལས་བརྒལ་བའི་ཕུག་ལམ་རིང་ཤོས་ཐོག་མ་དེ་ཕུག་ཚར་ཡོད།

  • ཧྲེན་ཀྲེན་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། སྐྱེས་པ་རོན་ག་གེ་མོ་ཕིང་གིས་དམག་འཁྱུར་ཧྲའོ་ཅང་དམག་དཔོན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་སོགས་དམིགས་བསལ་ཐོབ་ཐང་རྫུན་བཟོ་བྱས་ནས་ཁྲིམས་འགལ་ངང་ཁེ་ཕན་ཐོབ་པ་དང་། ད་ལྟ་ཉེས་དོན་བཀག་ཉར་བྱས་ཡོད།

  • ཚེས19ཉིན་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་2025ལོའི་གཟའ་འཁོར34པའི་འཛམ་གླིང་གི་མིང་རིམ་ཁྱབ་བསྒྲགས་བྱས་པ་དང་། སུན་དབྱིང་ཧྲ་ཡིས་གཟའ་འཁོར་ཐེངས162ལ་བསྟུད་མར་བུད་མེད་རྐྱང་འགྲན་གྱི་འཛམ་གླིང་གི་ཨང་དང་པོ་བཟུང་པ་རེད།

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན5ཡིས《ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཚོར་སྣང་ཆེ་རུ་གཏོང་བའི་བྱེད་ཐབས་འགའ》ཁྱབ་བསྒྲགས་བྱས་ནས། མི་ཚོགས་ཡོངས་དང་གཙོ་གནད་མི་ཚོགས་ལ་དམིགས་ནས། གན་རྒྱ་འཇོག་མཁན་མི་ཚོགས་ཀྱི་ཞབས་ཞུའི་ཚོར་སྣང་ཆེ་རུ་གཏོང་བའི་ཕྱོགས3གྱི་བྱེད་ཐབས་ཁག10བཏོན་ཡོད།

  • ཧའེ་ནན་གྱིས་རང་མོས་ཚོང་དོན་གྲུ་ཁར་ལས་ཀ་བྱེད་པ་དང་འབྲེལ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་རྩེར་སོན་ཤེས་ལྡན་མི་སྣར་གསལ་ཐོའི་དོ་དམ་ལག་བསྟར་བྱས་པ་དང་། དེའི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཁྲལ་འཁྲི་དངོས་ཀྱི15%ལས་བརྒལ་བའི་ཆ་ཤས་ལ་རྩ་ཆག་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

  • ཧུའུ་པེས་སྨན་རྫས་སིལ་ཚོང་ཁེ་ལས་ཀྱིས་སྤུས་ཚད་དོ་དམ་སྡེ་ཚན་འཛུགས་པའམ་ཡང་ན་སྤུས་ཚད་དོ་དམ་མི་སྣ་བཀོད་སྒྲིག་བྱེད་དགོས་པ་དང་། དུས་མཚུངས་སུ་སྤུས་ཚད་དོ་དམ་ལས་གནས་ཀྱི་འགན་འཁྲི་དེ་ལས་གནས་གཞན་དག་གི་མི་སྣས་ཚབ་སྒྲུབ་བྱས་མི་ཆོག་ཅེས་བསྟན་ཡོད།

དེ་རིང་གི་གནམ་གཤིས།

04.jpg

  • པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་དབུས་བྱང་རྒྱུད། ལེའོ་ཉིང་གི་དབུས་ལྷོ་རྒྱུད། ཅི་ལིན་གྱི་ཤར་ལྷོའི་རྒྱུད། མཚོ་སྔོན་ཤར་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཀོང་ཞིའི་དབུས་བྱང་རྒྱུད། ཡུན་ནན་གྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་། ལེའོ་ཉིང་གི་ལྷོ་རྒྱུད་དང་ཤར་རྒྱུད། ཧོ་པེའི་དབུས་རྒྱུད་དང་བྱང་ཤར་རྒྱུད། པེ་ཅིང་གི་ཤར་ལྷོ་རྒྱུད། ཐེན་ཅིན་གྱི་དབུས་བྱང་རྒྱུད་སོགས་ཀྱི་ས་ཆ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།