དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-21 09:35:32   |   226

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཚེས20ཉིན་གྱི་ཉིན་གུང་ཆེད་མངགས་གནམ་གྲུར་བསྡད་ནས་ལྷ་སར་འབྱོར་ནས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འགོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་རེད།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས20ཉིན་གྱི་ཕྱི་དྲོར་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ལ་མཇལ་འཛོམས་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་ཐག་པས་སྨོན་འདུན་ཞུས་པ་དང་། རྗེས་ཕྱོགས་ཀྱང་ཚང་མས་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ཀྱི་མཛེས་སྡུག་ལྡན་པའི་གངས་ལྗོངས་ཀྱི་ལེའུ་རྩོམ་དགོས་པ་བསྟན།

  • ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་ཞུར་ཉན་སྐབས་ནན་གྱིས་བསྟན་དོན། དུས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཧུར་ཐག་གིས་མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་ཟེར།

  • བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འགོར་བའི་རྟེན་འབྲེལ་ཚོགས་ཆེན་དེ་རིང་སྔ་དྲོའི་དུས་ཚོད10ཐོག་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོག་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དུ་ཞུགས་རྒྱུ་རེད།

02.jpg

  • ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དམག་གཟིགས་གྲ་སྒྲིག་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

  • ད་ལོ་ཚུན་དུ། རང་རྒྱལ་གྱི་གྲོང་གསེབ་གཞུང་ལམ་ལེགས་སུ་གཏོང་བའི་རེས་སྐོར་གསར་པའི་བྱ་སྤྱོད་སྤེལ་ནས། སྔོན་གྱི་ཟླ7པོའི་ནང་། རྒྱལ་ཡོངས་སུ་གྲོང་གསེབ་གཞུང་ལམ་གསར་དུ་བསྐྱར་སྐྲུན་བྱས་པ་སྤྱི་ལེ་ཁྲི5ལས་བརྒལ་ཡོད།

  • ད་ལོའི་སྔོན་གྱི་ཟླ7པོའི་རིང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གྱིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་དངུལ་བུན་སྒོར་དུང་ཕྱུར3850སྤྲད་པ་དང་། དུས་མཚུངས་ལས51.3%འཕར་ཡོད།

  • ད་ལོའི་སྔོན་གྱི་ཟླ7པོའི་རིང་། རང་རྒྱལ་གྱིས་ཧྲང་ཧའེ་མཉམ་འབྲེལ་རྩ་འཛུགས་ཀྱི་ཁོངས་མིའི་གཞན་དག་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི2.11བྱས་པ་དང་། གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཉེ་ཆར། རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་ཁྲང་ཨི་ཨང་རྟགས་དྲུག་པའི་ཟླ་བའི་ས་རྒྱུའི་དཔེ་མཚོན་གྱི་ཞིབ་ཚད་མཐོ་བའི་ལོ་རབས་རིག་པའི་ཞིབ་འཇུག་བྱས་པ་བརྒྱུད། ཟླ་བའི་ཨ་པོ་ལུའོ་གཤོང་ས་ལོ་ངོ་དུང་ཕྱུར41.6གི་སྔོན་ལ་གྲུབ་པ་ཚད་འཇལ་གཏན་འཁེལ་ཐོག་མར་བྱས་པ་རེད།

03.jpg

  • ཚེས20ཉིན་གྱི་སྔ་དྲོར། ཀྲུང་གོ་དང་ཨུ་རུ་སུའི་མཚོ་དམག་གི་མཚོ་ཐོག་མཉམ་འབྲེལ་སྐོར་སྐྱོད་ཐེངས་ལྔ་པ་ལེགས་གྲུབ་བྱུང་བ་རེད།

སྤྱི་ཚོགས།

04.jpg

  • མ་འོངས་པའི་གཟའ་འཁོར་གཅིག་གི་ནང་། ཧོང་ཧོའེ་དང་། ཅང་ཧོའེ། ཅང་ནན་སོགས་ཀྱི་ས་ཁུལ་དུ་རྒྱུན་མཐུད་རང་བཞིན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད་པ་དང་། ཅང་ཞུའེ་དང་ཀྲེ་ཅང་། ཧྲང་ཧའེ་སོགས་ས་ཁུལ་ཁག་གཅིག་དྲོད་ཚད་མཐོ་ཤོས37-39℃བར་ལ་སླེབས་རྒྱུ་རེད། ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་ཉེན་ཟོན་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་སྤྱི་སྤྱོད་བྱ་ལས་མངའ་ཁོངས་ཀྱི་སྒེར་སྡོམ་འགོག་པའི་ཕྱོགས་སྟོན་འཆར་ཟིན་བཀོད་པ་དང་། ཚེས20ཉིན་ནས་བཟུང་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།

  • 2025ལོར་གྲོས་ཁང་གཉིས་ཀྱི་ཡོན་ཧྲི་འཕར་འདེམས་ཀྱི་ནུས་ལྡན་འདེམ་སྒུག་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།

  • ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི《གསར་སྒྲིག་འཛམ་གླིང་དམག་འཁྲུག་ཐེངས་གཉིས་པའི་ལོ་རྒྱུས》སོགས་འཇར་འགོག་ལོ་རྒྱུས་དང་འཛམ་གླིང་དམག་འཁྲུག་ཐེངས་གཉིས་པའི་ལོ་རྒྱུས་ཀྱི་ཞིབ་འཇུག་གྲུབ་འབྲས་གལ་ཆེན་ཁག8ཁྱབ་བསྒྲགས་བྱས་པ་རེད།

  • ཉེ་ཆར། ལུས་རྩལ་སྤྱི་ཁྱབ་ཅུ་ཡིས་ཡིག་ཆ་བཀྲམས་ནས། རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་ལུས་རྩལ་རུ་ཁག་མཉམ་སྒྲིག་བྱེད་པའི་དོ་དམ་ལམ་སྲོལ་གསལ་བོ་བཟོས་ནས། སྒོ་འབྱེད་བྱས་ནས་འགྲན་བསྡུར་ལུས་རྩལ་གཉེར་དགོས་པ་བསྟན།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའི་བརྡ་ཁྱབ་ལྟར་ན། ཧའར་པིན་སྨི་ཞུའེ་ཨར་བྱུག་རྫས་ཚད་ཡོད་སྤྱི་གཉེར་དང་། ཧི་ཧྲི་སྐྱེ་དངོས་ཚན་རྩལ(ཁྲུང་ཆིང་)ཚད་ཡོད་སྤྱི་གཉེར། ཁོའུ་སི་ཧྥུའུ་རྒྱལ་སྤྱིའི་ཉོ་ཚོང་(ཧྲེན་ཀྲེན་)ཚད་ཡོད་སྤྱི་གཉེར་བཅས་ཀྱི་ཐོན་སྐྱེད་སྤུས་ཚད་དོ་དམ་མ་ལག་ལ་ཞན་ཆ་ཚབས་ཆེན་ཡོད་པས་ཐོན་སྐྱེད་གནས་སྐབས་མཚམས་འཇོག་བྱ་རྒྱུའི་ཐག་བཅད།

  • པེ་ཅིང་གྲོང་ཁྱེར་འཛད་སྤྱོད་མཐུན་ཚོགས་གྱིས་མཉམ་སྤྱོད་གློག་གསོག་འབོ་ལས་རིགས་ཀྱི་རང་གཅུན་སྤྱི་ཆིངས་བཏོན་པ་དང་། མཉམ་སྤྱོད་གློག་གསོག་འབོ་བཀོལ་སྐབས་སྐར་མ5འགོར་ཚེ་ད་གཟོད་རིན་བསྡུ་བའི་གྲོས་གཞི་བཏོན།

  • ཀོང་ཞི་ཡིས་ལྗོངས་ཡོངས་ཀྱི་ལོ་ཚད་རན་པའི་བུ་མོ་ཁྲི96ལ་རིན་མི་ལེན་པརHPVརིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

  • ཉིང་ཞ་ནས་ཧུའུ་ནན་བར་གྱི་སྟོང་ཝ±800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭའི་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ལོ་ལྟར་ཧུའུ་ནན་ལ་གློག་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར360གཏོང་ཐུབ།

05.jpg

  • ཞིན་ཅང་ཝུའུ་ལུའུ་མུའུ་ཆི་ནས་ཝུའེ་ལི་མྱུར་བགྲོད་གཞུང་ལམ་བར་ལ་སྔོན་དཔག་བྱས་ན་ལོ་མཇུག་ཏུ་རླངས་འཁོར་གཏོང་ཐུབ་པའི་ཆ་རྐྱེན་ལྡན་པ་དང་། ཐེན་ཧྲན་ལྷོ་བྱང་གི་འགྲིམ་འགྲུལ་ཀྱི་རྣམ་པར་འགྱུར་ལྡོག་བྱུང་རྒྱུ་རེད།

སྲིད་ཇུས།

  • ནོར་སྲིད་པུའ་དང་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས། ཕྲུ་གུ་གསོ་སྐྱོང་ཁ་གསབ་ལམ་ལུགས་ཀྱི་གཏན་འབེབས་ལྟར་སྤྲད་པའི་ཕྲུ་གུ་གསོ་སྐྱོང་ཁ་གསབ་ལ་མི་སྒེར་གྱི་ཐོབ་ཁྲལ་མི་བསྡུ་ཟེར།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན4ཡིས་ཡིག་ཆ་བཀྲམས་ནས། བྱིས་པ་དང་གཞོན་ནུ་ལོ་ཆུང་གིས་ཚན་རིག་ལ་མཐུན་པ་དང་། བདེ་འཇགས་ངང་སྒྲ་འཛིན་སོགས་བཀོལ་བར་ཁྲིད་སྟོན་བྱེད་པའི་ལས་འགན་བཞག་ནས། རྣ་བ་དང་ཐོས་ཤུགས་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཏོན།

  • ཀོང་ཀྲོའུ་ཚོང་ལས་སྡོད་ཁང་གི་དངུལ་བུན་དེ་སྤྱི་གསོག་མ་དངུལ་གྱི་དངུལ་བུན་བུན་གཏོང་ལ་བསྒྱུར་བའི་སྲིད་ཇུས་དེ་རིང་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཚོང་ལས་སྡོ་ཁང་དངུལ་བུན་ཁྱིམ་ཚང་ལ་སྐྱེད་ཀ་གཅོག་པའི་ཐབས་ལམ་སྤྲད་པ་རེད།

དེ་རིང་གི་གནམ་གཤིས།

06.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲའན་ཞི། ཧྭ་པེ། ཅང་ནན་གྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ནུབ་ཀྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ལེའོ་ཉིང་གི་ཤར་རྒྱུད་དང་ལྷོ་རྒྱུད། ཧྲའན་ཞིའི་ཤར་རྒྱུད། ཧྲན་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧོ་པེའི་དབུས་བྱང་རྒྱུད། པེ་ཅིང་གི་ཤར་རྒྱུད། ཐེན་ཅིན་གྱི་བྱང་རྒྱུད་དང་ནུབ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། ས་ཆ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།