དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-25 09:17:47   |   82

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས23ཉིན་གྱི་ཆུ་ཚོད17ནས24ཉིན་གྱི་ཆུ་ཚོད5བར། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ས་ཁུལ་དུ་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ཕྱོགས་བསྡུས་འཁྲབ་སྦྱོང་ཐེངས་གསུམ་པ་སྤེལ། དེ་ནི་དྲན་གསོའི་ཚོགས་ཆེན་གྱི་ཕྱོགས་བསྡུས་འཁྲབ་སྦྱོང་མཐའ་མ་རེད།

  • ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་ཚེས27ཉིན་ནས་བཟུང་ཕྱི་ཕྱོགས་ལ་སྣེ་ལེན་ཞབས་ཞུ་བྱ་རྒྱུ་རེད།

  • རྒྱལ་ཡོངས་ལྕགས་ལམ་གྱིས་དབྱར་གསེང་རིང་འགྲུལ་པ་མི་ཐེངས་དུང་ཕྱུར8ལས་བརྒལ་བ་སྐྱེལ་འདྲེན་བྱས། དེ་དུས་མཚུངས་ལས6.4%འཕར་ཡོད།

  • རང་རྒྱལ་གྱིས་གཞི་རིམ་གྱི་གྲིབ་ནད་རྒྱང་ཁྲིད་སྨན་བཅོས་སྐྱོབ་བཅོས་རྣམ་གྲངས་སྤེལ་ཏེ། གཞི་རིམ་སྨན་བཅོས་སྒྲིག་གཞིར་ཚད་ལྡན་ཅན་དང་སྤུས་ཚད་གཅིག་མཚུངས་ཅན་གྱི་སྨན་བཅོས་རམ་འདེགས་བྱས་པས་གྲིབ་ནད་ཀྱིས་དབང་པོ་སྐྱོན་ཅན་དུ་འགྱུར་ཚད་དང་ཤི་ཚད་དམའ་རུ་བཏང་ཡོད།

1.jpg

  • རང་རྒྱལ་གྱི་མཚོ་གཏིང་ཞིབ་འཇུག་ལ“ཚན་རིག་རྟོག་ཞིབ་ཀྱི་མཚོན་ཆ་རྣོན་པོ”ཞིག་གསར་དུ་བསྣན་པ་དང་། རང་བརྟེན་ཞིབ་བཟོ་བྱས་པའི་སྨི6000རིམ་པའི་མཚོ་གཏིང་གི་མི་མེད་རྒྱང་འཛིན་ཆུ་འཛུལ་ཡོ་བྱད“ཧེ་ཆིན”རྟགས་ཅན་ལྷོ་རྒྱ་མཚོར་ཚོད་ལྟ་ལེགས་གྲུབ་བྱུང་ཡོད།

  • བཟོ་འཕྲིན་པུས་རྒྱལ་ཡོངས་ཀྱི་བཟོ་ལས་རིག་གནས་ཐོན་ཁུངས་ཀྱི་མཐིལ་རྟོགས་བརྟག་དཔྱད་ཐེངས་དང་པོ་བྱས། བརྟག་དཔྱད་ཁྱབ་ཁོངས་ནང་བཟོ་ལས་ཤུལ་བཞག་དང་། བཟོ་ལས་ཀྱི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་ཁང་། བཟོ་ལས་རིག་གནས་ཐོན་ཁུངས་གཅིག་སྡུད་ཁུལ་སོགས་ཚུད་ཡོད།

  • ཟླ་དང་པོ་ནས་བདུན་པའི་བར་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་ཟུང་དཔལ་འབྱོར་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་ཡོད།

  • ཨ་རིས་རིན་གོང་ཨ་སྒོར800དང་དེའི་མན་གྱི་ནང་འདྲེན་འབོག་སྒྲིལ་ལ་ནང་འདྲེན་ཁྲལ་འཇལ་མི་དགོས་པའི་ཐོབ་ཐང་སྤྱོད་མཚམས་བཞག་པའི་རྐྱེན་གྱིས་ཧྥ་རན་སེ་དང་། འཇར་མན། དབྱིན་ཇི། དབྱི་ཐ་ལི་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་སྦྲག་སྲིད་ཀྱིས་ཉིན་ཤས་གོང་ཨ་རིར་འབོག་སྒྲིལ་སྐུར་མཚམས་བཞག་ཡོད།

    སྤྱི་ཚོགས།

2.jpg

  • གཟའ་འཁོར་འདིར་ཅང་ཧོའེ་དང་འབྲི་ཆུའི་ལྷོ་རྒྱུད་སོགས་སུ་རྒྱུན་མཐུད་ངང་དྲོད་ཚད་མཐོ་བའི་གནམ་གཤིས་འདུག་པ་དང་། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་བཏང་ཡོད།

  • ཉེ་ཆར་ཕིང་ཨན་དང་། ཀྲུང་ཞིན། ཧྭ་ཞ་སོགས་དངུལ་ཁང་མང་པོས་སྤྱི་བསྒྲགས་སྤེལ་ནས་ཡིད་རྟོན་བྱང་བུའི་མ་དངུལ་གྱི་སྤྱོད་སྒོ་བསྐྱར་བསྒྲགས་བྱས་ཤིང་། ཡིད་རྟོན་བྱང་བུའི་མ་དངུལ་དེ་མ་རྐང་འཛིན་ཤོག་དང་ཐེབས་རྩ་སོགས་མ་འཇོག་དང་རྒྱུ་ནོར་བདག་གཉེར་ཁྱབ་ཁོངས་སུ་སྤྱོད་མི་ཆོག་པ་ཁ་གསལ་བྱས་ཡོད།

  • ཚེས23ཉིན། ཀོང་ཏུང་ཞིང་ཆེན་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འབྲེལ་འགྲན་བསྡུར་དང་། ནང་སོག་རང་སྐྱོང་ལྗོངས་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འབྲེལ་འགྲན་བསྡུར། དབྱང་ཀྲོའུ་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་བཅས་ཉིན་གཅིག་ལ་མགོ་བརྩམས་པས་སྤོ་ལོ་དགའ་མཁན་དང་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད།

  • སྐབས་ཉི་ཤུ་པའི་ཀྲུང་གོའི་ཁྲང་ཁྲུན་གློག་བརྙན་དུས་ཆེན་མགོ་ཚུགས་པ་དང་།《ནན་ཅིང་པར་ལེན་ཁང》དང་།《ཁྲང་ཨན་གྱི་ལི་ཀྲི》《དང་བླངས་དམག། ཆགས་འཇིག་གི་དམག་འཐབ》སོགས་གློག་བརྙན18“ཅིན་ལུའུ་བྱ་དགའི”ནང་ཚུད་ཡོད།

3.jpg

  • གོ་ལ་ཧྲིལ་པོའི“ཚད་བརྒལ་ཐཱན་མེད་བཟོ་སྐྲུན”ཐོག་མ་དེ་ཆིང་ཏའོ་རུ་སྤྱོད་མགོ་ཚུགས་པ་དང་། འཛུགས་སྐྲུན་གྱིས་འོད་ཤུགས་གློག་གཏོང་དང་། སྐས་རིམ་ནུས་གསོག་གློག་རྫས། ནུས་རྒྱུ་གསར་པའི་རླངས་འཁོར་གློག་གཏོང་སོགས་བརྒྱུད་དེ100%ལྗང་མདོག་ནུས་རྒྱུས་ཚབ་བྱེད་ཐུབ་ཡོད།

4.jpg

  • ཚེས24ཉིན། པེ་ཅིང་ཤྭ་བ་རྔ་རིང་གླིང་དུ་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཤྭ་བ་རྔ་རིང་ཁྱིམ་དུ་ལོག་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས། ལོ40ཡི་རིང་རང་རྒྱལ་གྱི་ཤྭ་བ་རྔ་རིང་རང་ཡུལ་ནས་རྒྱུད་ཆད་པ་ནས་ཕྱིར་ཁྱུ་ཚོགས་སླར་གསོ་བྱུང་ལ། ད་ཆ་གྲངས་འབོར་ཁྲི་ལས་བརྒལ་ཡོད་པ་རེད།

  • ཡུན་ནན་ཏ་ལི་ཚང་ཧྲན་གྱི“ཤ་མོ་འཐུ་བའི་གནས་སྐོར”དེ་དྲ་རྒྱའི་ཐོག་སྐད་གྲགས་ཆོད་པར་གྱུར་པར་བརྟེན། གོ་རིམ་མེད་པར་ཤ་མོ་འཐུས་པས་ས་གནས་དེ་གའི་སྐྱེ་ཁམས་ལ་རྡུང་རྡེག་བཏང་ཡོད། ཏ་ལི་གྲོང་ཁྱེར་གྱིས་སྤྱི་བསྒྲགས་སྤེལ་ནས་ཚང་ཧྲན་སྲུང་སྐྱོང་དོ་དམ་ཁྱབ་ཁོངས་ཀྱི་བར་ཆོད་ཁུལ་དུ་གནས་སྐོར་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་མི་ཆོག་ཅེས་བསྟན།

5.jpg

  • ནན་ཅིང་ལྕགས་ལམ་འབབ་ཚུགས་ལྷོ་མར་འགྲུལ་པ་ཞིག་ལ་གློ་བུར་དུ་དོས་དྲག་ནད་ཕོག་ནས་དྲན་པ་ཐོར་བ་ན། དེ་གར་ཡོད་པའི་ཀོང་ཏུང་ཧྲའོ་ཀོན་གྱི་ནད་གཡོག་པ་ལི་མོང་ཀྲིས་མཛུབ་དཀྲིས་སོགས་བླངས་ནས་དུས་ཡུན་སྐར་ཆ300ཡི་ནང་མི་སྐྱོབ་ཐུབ་པ་བྱུང་ཡོད།

    སྲིད་ཇུས།

  • རང་རྒྱལ་གྱིས་གློག་ཆས་དང་གློག་རྡུལ་ཐོན་རྫས་ཀྱི་གནོད་ཡོད་དངོས་རྫས་དོ་དམ་ཚོད་འཛིན་གྱི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་ཁྱབ་བསྒྲགས་བྱས་པ་སྟེ། གློག་ཆས་དང་གློག་རྡུལ་ཐོན་རྫས་ཁྲོད་ཀྱི་ཞ་ཉེ་དང་། དངུལ་ཆུ། ཁད་སོགས་ཀྱི་འདུས་ཚད་ལ་བཙན་ཤེད་རང་བཞིན་གྱི་ཚད་གཞི་བཏོན་ཡོད།

  • པེ་ཅིང་གྲོང་ཁྱེར་གྱི་ས་གནས་ཀྱི་ཚད་གཞི་སྟེ།《གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་ལས་གྲྭའི་ཇུས་འགོད་ཚད་གཞི》བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་ཤིང་། མེ་འཁོར་གྱི་འཁོར་སྐྱོད་མྱུར་ཚད་མཐོ་ཤོས་སྤྱི་ལེ100ནས་སྤྱི་ལེ120བར་མཐོ་རུ་བཏང་ཡོད།

  • ཉེ་ཆར། ཧྲང་ཧའེ་དང་སུའུ་ལེན། ཀྲེ་ཅང་། ཨན་ཧུའེ་བཅས་ས་ཁུལ་བཞིས་《འབྲི་ཆུའི་ཟུར་གསུམ་གླིང་གི་ཚན་རྩལ་གསར་གཏོད་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཟླ9པའི་ཚེས1ཉིན་ནས་བཟུང་མཉམ་དུ་ལག་བསྟར་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

6.jpg

  • ཧའེ་ནན་གླིང་ཕྲན་དང་། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་བྱང་རྒྱུད། ཧོ་ནན་གྱི་ལྷོ་རྒྱུད། སུའུ་ཝན་གྱི་བྱང་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་ཤར་རྒྱུད། ལིའོ་ཉིང་གི་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་དེ་བཞིན་ཞིན་ཅང་གི་ཐེན་ཧྲན་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། དེའི་ཁྲོད་ཧའེ་ནན་གླིང་ཕྲན་གྱི་དབུས་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད། ལིའོ་ཉིང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཧའེ་ནན་གླིང་ཕྲན་གྱི་ས་ཁུལ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།