དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-26 09:13:18   |   58

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས25ཉིན། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས།

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་འགག་སྒོས་ལོ་རེར་ཆ་སྙོམས་དངོས་ཟོག་ཏུན་དུང་ཕྱུར52ཕྱིར་གཏོང་ནང་འདྲེན་བྱས་ཤིང་། དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་ཁྲི41.5ཟིན་ཡོད། དེ་གོ་ལ་ཧྲིལ་པོའི་གྲངས་འབོར་ཆེ་ཤོས་རེད།

  • ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་དང་། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག《དངུལ་རྩས་ནགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས་ནས་ཞིབ་ཕྲའི་བྱེད་ཐབས15བཏོན་ཞིང་། དངུལ་རྩའི་སྟོབས་ཤུགས་སྤྱད་དེ་ནགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ157གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་དུ་གྱུར་ཡོད།

  • ཟླ6པའི་ཟླ་མཇུག་ཏུ་དངུལ་ཁང་གིས་ཁེ་ལས་བར་བཞག་པའི་ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་དངུལ་གྲངས་སྒོར་དུང་ཕྱུར་ཁྲི2ལས་བརྒལ། དེ2024ལོའི་ལོ་མཇུག་གི་ལྡབ2.4ཡིན་པ་དང་། རིམ་རྩིས་བྱས་ན་ཚན་རྩལ་ཅན་གྱི་ཁེ་ལས་ཆུང་འབྲིང་ཁྲི1.8ལ་དངུལ་བུན་ཐོག་མར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • ཚེས25ཉིན་འཛམ་གླིང་གི་ཟམ་པ་མཐོ་ཤོས་ཏེ་ཧྭ་ཅང་གྲོག་རོང་ཟམ་ཆེན་གྱི་ཐེག་ཚད་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། སྔོན་དཔག་བྱས་ན་ཟླ་དགུ་པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

  • 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབུ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་དེ་ཟླ8པའི་ཚེས28ཉིན་གྱི་ཆུ་ཚོད8པ་ནས་བཟུང་དངོས་སུ་སྒོ་མོ་འབྱེད་རྒྱུ་རེད།

  • ཨ་རིའི་ལྷོ་ཕྱོགས་དམག་སྤྱི་ཁང་གི་དམག་སྤྱིས་ཀྲུང་གོས་སའི་གོ་ལའི་ཕྱེད་ནུབ་མར་སིམ་འཛུལ་བྱེད་མཚམས་འཇོག་དགོས་ཞེས་བཤད། ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱིས་དཀྲུག་ཤིང་དང་དོན་མེད་རྙོག་དྲ་བཟོ་མཚམས་འཇོག་དགོས་ཞེས་དགག་ལན་བཏབ།

    སྤྱི་ཚོགས།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས24ཉིན་གྱི་ཆུ་ཚོད8པ་ནས་ཚེས25ཉིན་གྱི་ཆུ་ཚོད8པའི་བར། ཆར་བབས་པའི་ཤུགས་རྐྱེན་དབང་གིས་རྒྱལ་ཡོངས་ཀྱི་ཆུ་བོ་ཆུང་འབྲིང7ལ་ཉེན་ཟོན་མཚམས་ཐིག་ལས་བརྒལ་བའི་ཆུ་ལོག་བྱུང་ཡོད།

1.jpg

  • ཚེས25ཉིན།“མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཡིན།——ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན”ཀྲུང་གོ་མཛེས་རྩལ་ཁང་དུ་མགོ་ཚུགས།

  • གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དེ་ཟླ9པའི་ཚེས1ནས་ཚེས3ཉིན་བར་སྒོ་འབྱེད་མཚམས་འཇོག་རྒྱུ་དང་། ཟླ9པའི་ཚེས4ཉིན་དུས་ཐོག་ཏུ་སྒོ་འབྱེད་རྒྱུ་བྱེད།

  • གནམ་བདེ་སྒོ་མོ་ཆེའི་ས་ཁུལ་གྱི་བྱེད་སྒོའི་བཀོད་སྒྲིག་ལ་གཞོགས་འདེགས་བྱ་ཆེད། ཀུའུ་གུང་ཕོ་བྲང་རྟེན་མཛོད་ཁང་ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས4ཉིན་བར་གནས་སྐབས་སྒོ་རྒྱག་རྒྱུ་དང་། ཟླ9པའི་ཚེས5ཉིན་རྒྱུན་ལྡན་ལྟར་སྒོ་ཕྱེ་རྒྱུ་རེད། ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དེ་ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས3ཉིན་བར་སྒོ་རྒྱག་རྒྱུ་རེད།

  • ཚེས25ཉིན་མ་རྐངAཡི་ཁྲོམ་རའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཁྲི3ལས་བརྒལ། ན་ནིང་གི་ཟླ10པའི་ཚེས8ཉིན་ཚུན་དུ་སྒོར་དུང་ཕྱུར་ཁྲི3ལས་བརྒལ་བ་ཐེངས་དང་པོ་ཡིན།

  • མིག་སྔའི་བར། 2025ལོའི་དབྱར་གསེང་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར110ལས་བརྒལ་ཡོད།

  • ཀྲུང་གོ་ཞིང་ལས་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ལོའུ་ཝུན་ལུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། ལོའུ་ཝུན་ལུང་ལ་ཚེ་གང་བཙོན་འཇུག་གི་ཁྲིམས་ཐག་བཅད།

  • ས་གནས་དེ་གའི་ཚེས25ཉིན། 2025ལོའི་འཛམ་གླིང་བྱ་སྒྲོ་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཧྥ་རན་སེའི་ཕ་རི་སིར་མགོ་ཚུགས་ཤིང་། ཀྲུང་གོའི་རུ་ཁག་གི་འགྲན་བསྡུར་ནང་ཞུགས་མཁན་མི26ཟིན་པ་དང་རྣམ་གྲངས་ཆུང་གྲས་ལྔ་ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《རྒན་འཚམ་ཁྱིམ་ཆས་ཇུས་འགོད་ཕྱོགས་སྟོན》གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱ་རྒྱུའི་ཆོག་མཆན་སྤྲད། རྒན་པའི་དགོས་མཁོ་དངོས་དང་ལུས་ཁམས་སེམས་ཁམས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཕྱིའི་རྒྱུ་ཆ་དང་། རིག་ནུས་ཅན། ནུས་པ་བཀོད་སྒྲིག་སོགས་ཀྱི་ཐད་ནས་ཇུས་འགོད་ཀྱི་བླང་བྱ་ཞིབ་ཕྲ་བཏོན་ཡོད།

  • ཧྲང་ཧའེ་ཡིས་ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་ལེགས་སྒྲིག་བྱས་པ་སྟེ། ཆ་རྐྱེན་དང་མཐུན་པའི་གྲོང་མིའི་ཁྱིམ་ཚང་གིས་ཕྱི་སྐོར་དུ་ཁང་པ་ཉོ་བར་ཁ་གྲངས་ཀྱི་ཚོད་འཛིན་མེད་པར་བྱས།

  • ཡུན་ནན་ཏ་ལིས་བརྡ་ཁྱབ་བཏང་པ་སྟེ། ཚང་ཧྲན་གྱི་སྒོ་དབྱེ་མེད་པའི་ས་ཁོངས་སུ་སྒྲིག་འགལ་ངང“ཤ་མོ་འཐུ་བའི་གནས་སྐོར”དང“ཞིབ་འཇུག་སློབ་སྦྱོང་གནས་སྐོར”དང་།“མྱུལ་དཔྱད་གནས་སྐོར”སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ་གཏན་འགོག་བྱ་རྒྱུ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

2.jpg

  • ནང་སོག་གི་ཧོ་ཐའོ་ས་ཁུལ་དང་། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཉིང་ཞའི་བྱང་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ལེའོ་ཉིང་གི་ཤར་རྒྱུད། ཧོ་ནན་གྱི་དབུས་ཤར་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་པ་དང་། དེའི་ཁྲོད། ནང་སོག་གི་ཧོ་ཐའོ་ཡི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།