དེ་རིང་ནི2025ལོའི་ཟླ08པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-27 09:13:25   |   129

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ8པའི་ཚེས26ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲུང་ནན་ཧའེ་རུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་མཇལ་འཛོམས་གནང་།

2.jpg

  • ཟླ8པའི་ཚེས26ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཏུའུ་མའི་ཀྲུའུ་ཞི་ཨོ་ལུའོ་ཅིན་དང་མཇལ་འཛོམས་གནང་།

  • ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“མི་ཐབས་རིག་ནུས+”ཡི་བྱ་སྤྱོད་ལག་བསྟར་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས།

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་དྲ་རྒྱ་ཆེ་ཤོས་བསྐྲུན་པ་དང་། གློག་སྒུལ་རླངས་འཁོར་ལྔ་རེར་གློག་གསོག་ཡོ་བྱད་གཉིས་རེ་འདང་ངེས་ཡོད།

  • ཟླ་བདུན་པའི་ཟླ་མཇུག་བར་རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱི་གཏན་འཇགས་དྲ་སྦྲེལ་དྲ་ཆེན་སྤྱོད་མཁན་དུང་ཕྱུར6.86ཟིན་ཡོད།

  • སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི1.98གསར་དུ་སྒྱུར་བཀོད་བྱེད་མགོ་ཚུགས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་གསར་གཏོད་ཅན་གྱི་སྨན་བཅོས་ཡོ་བྱད་ཐོན་རྫས367ལ་ཆོག་མཆན་སྤྲད་ཡོད།

0000.jpg

  • ཚེས26ཉིན་རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་ཚོགས་ཆུང10ཡི་སྲུང་སྐར་འཕེན་གཏོང་བྱས།

    སྤྱི་ཚོགས།

4.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས26ཉིན་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས། སྔོན་དཔག་བྱས་ན། ཚེས26ཉིན་ཁྲུང་ཆིང་དང་ཧུའུ་ནན་གྱི་ཤར་རྒྱུད། ཅང་ཞི། ཀྲེ་ཅང་གི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་གི་དྲོད་ཚད་མཐོ་ཤོས40℃ཟིན་རྒྱུ་རེད།

  • ཚེས26ཉིན་ཆུ་བེད་པུས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ལ་དམིགས་ནས་ཆུ་ལོག་སྔོན་འགོག་གི་རིམ་པⅣགྱི་འཕྲལ་སྡོམ་དང་ལེན་བྱས།

  • ཚེས26ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར180དང་སྒོར175མར་ཆག་ཡོད། རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་གོང་ལྟར་རྩིས་བརྒྱབ་ན། རླངས་སྣུམ་ཨང92ཧྲེང50བསྣན་ན་སྒོར་བདུན་གྲོན་ཆུང་ཐུབ་རྒྱུ་རེད།

  • ཚེས26ཉིན། ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལིའུ་ཞིན་ཐའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། ལིའུ་ཞིན་ཐའེ་ལ་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་སྲོག་ཁྲིམས་ཕྱི་སྣུར་གྱི་ཆད་པ་བཅད།

111111.jpg

  • ཚེས26ཉིན། ཅང་མོན་ཕྲ་རྡུལ་ཚོད་ལྟའི་ཚན་རིག་ཆེ་མོའི་སྒྲིག་ཆས་དངོས་སུ་འཁོར་སྐྱོད་བྱས་ཤིང་། དེས་ཤེས་རྟོགས་བྱུང་མེད་པའི་དངོས་ཁམས་ཁྱབ་ཁོངས་སུ་སྐར་ཁུང་གསར་པ་ཞིག་གཏོད་རྒྱུ་རེད།

  • ཧྲང་ཧའེ་དང་ཁྲུང་ཆིང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཝུའུ་ཧན་ནས་དབྱི་ཁྲང་དུམ་བུ་དེ་ཚེས26ཉིན་ཚོད་ལྟ་བྱེད་མགོ་ཚུགས། དངོས་སུ་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་གྲོང་ཁྱེར་མང་པོ་མྱུར་བགྲོད་ལྕགས་ལམ་ཡོད་པའི་དུས་རབས་སུ་སླེབས་རྒྱུ་རེད།

  • ཚེས26ཉིན་ཡུན་ནན་ཐེན་པ་རྡོ་སོལ་གཏེར་ཁུལ་གྱི་མི་ཤི་བའི་ལས་འཛོལ་གྱི་བརྟག་དཔྱད་བྱས་འབྲས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་དོན། ལས་འཛོལ་དེའི་ཐད་ཀའི་རྒྱུ་རྐྱེན་ནི་མི་སྣས་སྒྲིག་འགལ་ངང་ལས་ཀ་བྱས་པས་ཡིན། འབྲེལ་ཡོད་འགན་འཁྲི་འཁུར་མཁན18ལ་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

6.jpg

  • ཅང་སུའུ་ནན་ཅིང་གི་བུད་མེད་ཅིག་གིས་རི་སྟེང་དུ་རྡེའུ་ཁྲ་འཚོལ་བའི་སྐབས། རྦབ་རྡོ་ཆེན་པོས་མནན་ནས་འགུལ་སྐྱོད་བྱེད་མ་ཐུབ། རོགས་སྐྱོབ་མི་སྣ་འཕྲལ་མར་འབྱོར་ཏེ་གཤེར་གནོན་དབྱུག་པ་དང་ཐག་པས་འཐེན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་བུད་མེད་སྐྱོབ་ཐུབ་པ་བྱུང་།

    སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《ཞིབ་བཤེར་ཚད་ལེན་སྒྲིག་གཞིས་སྙན་ཞུ་རྫུན་མ་བཏོན་པའི་གནས་ཚུལ་ཚབས་ཆེན་གྱི་ཚད་གཞི་གཏན་འཁེལ་སྐོར་གྱི་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)》གྱི་འཆར་ཟིན་བཀོད་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་མགོ་ཚུགས།

  • ཧུའུ་ནན་གྱིས་སློབ་གྲྭས(བུ་བཅོལ་ཁང་ཚུད་པ)རང་དགར་རིན་གོང་ལེགས་སྒྲིག་དང་། སྒྲིག་འགལ་ངང་གསབ་ཁྲིད་རིན་ལེན་པ། ཁྱིམ་བདག་ཨུ་ལྷན་བརྒྱུད་བཙན་ཤེད་ཀྱིས་ངོས་ལེབ་གློག་ཀླད་ཉོ་བ། ཟ་ཁང་གི་ཁེ་བཟང་ཟ་བ་སོགས་སློབ་གསོའི་གྲོན་དངུལ་གང་བྱུང་བསྡུ་བའི་བྱ་སྤྱོད་དེ་འགན་འཁྲི་བདའ་འདེད་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་ཞེས་ཁ་གསལ་བཏོན།

  • ཀོང་ཞིས་ཡིག་ཆ་བཀྲམ་ནས་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་འཛོམས་པའི་ཁེ་ལས་རྐྱང་པར་ལོ་ལྟར་བྱ་དགའ་མཐོ་ཤོས་སྒོར་ཁྲི50སྤྲོད་རྒྱུའི་སྐུལ་ལྕག་བྱས།

    དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་གི་དབུས་ལྷོ་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཉིང་ཞའི་དབུས་ལྷོ་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྭ་བྱང་གི་དབུས་བྱང་རྒྱུད། ཧོ་ནན་གྱི་དབུས་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།