དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-28 09:17:29   |   384

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར394.6ལ་སླེབས་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བདུན་པར་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས6.8%འཕར་བ་དང་འཕར་ཚད་ཟླ་དྲུག་པ་ལས་བརྒྱ་ཆའི་གྲངས5.4ཡིས་མགྱོགས་སུ་ཕྱིན་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་སོགས་སྡེ་ཚན་གསུམ་གྱིས་ཇུས་གཞི་པར་འགྲེམས་བྱས་ཏེ། 2027ལོར་སླེབས་སྐབས་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི30གསར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཆུ་བོ་དང་མཚེའུ་གལ་ཆེན་ལ་འགུལ་རྣམ་དོ་དམ་བྱེད་པ་གཞི་རྩའི་སྟེང་ནས་མངོན་འགྱུར་བྱུང་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། སྨན་བཅོས་སྒྲིག་གཞི་དེ་བས་མང་བས་འགོག་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་སྨན་བཅོས་མྱོང་ཚོར་ལེགས་སུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  • སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། 2024ལོའི་རང་རྒྱལ་གྱི་གྲངས་འཛིན་དཔེ་སྐྲུན་ཐོན་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི1.7ལས་བརྒལ་བ་དེ་ལོ་གོང་མ་ལས8.07%འཕར་ཡོད།

  • ཟླ9པའི་ཚེས10ནས་ཚེས14ཉིན་བར། 2025ལོའི་ཞབས་ཞུའི་ཚོང་དོན་ཚོགས་འདུ་པེ་ཅིང་དུ་འཚོག་རྒྱུ་རེད།

  • ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དྲན་གསོ་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་མེ་ཏི་ཡའི་གསར་འགྱུར་ལྟེ་གནས་ཀྱི་ཐོག་སོ་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས3དང་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་ཐེངས3འཚོག་རྒྱུ་རེད།

1.png

  • ཉེ་ཆར། ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ཉིང་ལག་རུ་ཁག་ག་གེ་མོ་གཏན་འཁེལ་བྱས་པའི་མཚོ་ཁོངས་ཤིག་ཏུ་བསྐྱོད་དེ་ཤུགས་ཚད་མཐོ་བའི་མཚོ་ཐོག་སྦྱོང་བརྡར་བྱས།

  • ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཚེས27ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ལོ་རྒྱུས་མཐུན་ཚོགས་ཀྱིས་གཞུང་ཕྱོགས་དྲ་བའི་ཐོག་འཇར་པན་དམག་རྒྱལ་རིང་ལུགས་སྐོར་གྱི་གསང་འགྲོལ་ཡིག་ཚགས200ཙམ་ཡོངས་བསྒྲགས་བྱས།

    སྤྱི་ཚོགས།

2.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་ཚེས27ཉིན་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་བཏང་། སྔོན་དཔག་བྱས་པ་ལྟར་ན། ཚེས27ཉིན་གྱི་ཆུ་ཚོད20ནས་ཚེས28ཉིན་གྱི་ཆུ་ཚོད20བར་སི་ཁྲོན་གྱི་བྱང་རྒྱུད་དང་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེན་པོ་ཡོད།

  • ཚེས27ཉིན་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་བརྡ་ཁྱབ་བཏང་སྟེ། ཅང་སུའུ་ཞིང་ཆེན་སྨན་རྫས་ལྟ་སྐུལ་ཞིབ་བཤེར་ཞིབ་འཇུག་ཁང་སོགས་སྨན་རྫས་ཞིབ་བཤེར་སྒྲིག་གཞི12ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ཁེ་ལས17གྱིས་ཐོན་སྐྱེད་བྱས་པའི་སྨན་རྫས་ཁག28གཏན་འབེབས་དང་མི་མཐུན་པ་རེད།

  • ཚེས27ཉིན་སྤྱི་བདེ་པུས་གནོད་འཚེ་དང་ཉེན་ཁའི་གནས་ཚུལ་དང་འབྲེལ་བའི་དྲ་རྒྱའི་དཀྲོག་གཏམ་གྱི་དཔེ་མཚོན་གྱོད་གཞི10ཡོངས་བསྒྲགས་བྱས། དེའི་ནང་ལུའུ་ཆེ་གེ་མོས“སི་ཁྲོན་ལུའུ་ཏིང་ཟམ་པ་རྡིབ་པའི”དྲ་རྒྱའི་དཀྲོག་གཏམ་བཟོས་པ་སོགས་ཚུད་ཡོད།

3.jpg

  • ཧེ་ལུང་ཅང་ཞིང་ཆེན་གྱི་ཡིག་ཚགས་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཡིག་ཚགས་ཤིག་ལས་མངོན་པ་ལྟར་ན། 1940ལོའི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད16:30སྟེང་། དབྱང་ཅིན་ཡུས་ཅི་ལིན་ཞིང་ཆེན་མིང་ཅང་རྫོང(དེང་གི་ཅིང་ཡུས་རྫོང་)གི་ཉེ་འགྲམ་དུ་གཟི་བརྗིད་ངང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་།

  • ཚེས27ཉིན། འཛམ་གླིང་ཐོག་གི་ཀྲའོ་ཝ660ཅན་གྱི་འགྱུར་མཚམས་དང་ཤིན་ཏུ་ཉེ་བའི་ཀ་བ་གཉིས་ལྡན་གྱི་རྡོ་སོལ་འཕྲུལ་ཚན་ཐོག་མ་བདེ་བླག་ངང་འཁོར་སྐྱོད་བྱས། དེས་རང་རྒྱལ་གྱི་ནུས་ཆེའི་རྡོ་སོལ་དང་གློག་གཙང་མའི་ལག་རྩལ་ཁྱབ་ཁོངས་སུ་ཚད་བརྒལ་གལ་ཆེན་བྱུང་བ་མཚོན།

  • ཚེས26ཉིན་ཡུན་ནན་ཏ་ལིས་ཚང་ཧྲན་སྲུང་སྐྱོང་དོ་དམ་གྱི་ཁྲིམས་འགལ་གྱོད་གཞི་གཉིས་ཀྱི་བརྡ་ཁྱབ་བཏང་བ་སྟེ། མི་གཉིས་ཁྲིམས་འགལ་ངང་ཚང་ཧྲན་སྲུང་སྐྱོང་ཁུལ་དུ་སོང་བས་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས།

4.jpg

  • ཉེ་ཆར། པར་ལེན་པར་དགའ་མཁན་ཞིག་གིས་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གསའ་དར་མ་ཞིག་དང་ཕྲུ་གུ་གཉིས་མཉམ་དུ་རྩེ་བཞིན་པའི་རྩ་ཆེའི་པར་བླངས་ཡོད།

  • ཡུན་ནན་ཀྲེན་ཡོན་གྱི་ལོ18ལ་སླེབས་པའི་བུ་མོ་ཧྲི་ཧུང་མའེ་བསམ་ཡུལ་ལས་འདས་པར་ཚེ་ལས་འདས། མོའི་ཕ་མས་བུ་མོའི་དབང་པོ་ཞལ་འདེབས་སུ་འབུལ་རྒྱུའི་ཐག་བཅད། ཤེས་རྟོགས་བྱུང་བར་གཞིགས་ན། ཧྲི་ཧུང་མེ་ཡིས་ཞལ་འདེབས་ཕུལ་བའི་དབང་པོས་ནད་པ7ལ་རེ་བ་དང་འོད་སྣང་སྦྱིན་རྒྱུ་རེད།

    སྲིད་ཇུས།

  • ཅི་ལིན་ཞིང་ཆེན་གྱིས2025ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཕྱི་རྒྱལ་གྱི་འགྲུལ་པས་དངོས་ཟོག་ཉོ་སྒྲུབ་བྱས་ནས་མངའ་ཁོངས་ནས་བྲལ་བར་ཁྲལ་སློག་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

  • ཨན་ཧུའེ་ཡིས་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་སྔོན་ཐོན་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཆ་རྐྱེན་དང་མཐུན་པའི་སྤུས་ལེགས་ལག་རྩལ་སྒྱུར་བཀོད་རྣམ་གྲངས་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི500སྤྲོད་རྒྱུ་རེད།
    ཀོང་ཞིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཏེ། ཚོང་ཟོག་སྡོད་ཁང་གི“རྙིང་ཚབ་གསར་བརྗེར” རྒྱབ་སྐྱོར་བྱས་ནས་ད་ཡོད་སྡོད་ཁང་ཕྱིར་ཚོང་བྱེད་པ་དང་འབྲེལ་ཟླ6གི་ནང་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཉོ་མཁན་ཁྱིམ་ཚང་ལ་གན་ཁྲལ་དངུལ་གྲངས་ཀྱི50%ལྟར་གཟིགས་སྐྱོང་ཁ་གསབ་སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

5.jpg

  • མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དང་། ཀན་སུའུ་ཡི་དབུས་ཤར་རྒྱུད། ཉིང་ཞའི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། པེ་ཅིང་གི་ཤར་རྒྱུད། ཐེན་ཅིན། ཧོ་པེའི་ཤར་རྒྱུད། ཧྲན་ཏུང་གི་ནུབ་བྱང་རྒྱུད། ལེའོ་ཉིང་། ཅི་ལིན་གྱི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ལེའོ་ཉིང་གི་ནུབ་རྒྱུད། ཧོ་པེའི་ལྷོ་རྒྱུད་དང་ཤར་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀོང་ཏུང་གི་ལྷོ་རྒྱུད་མཚོ་རྒྱུད་ས་ཁུལ་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།