དེ་རིང་ནི2025ལོའི་ཟླ09པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-08 09:32:23   |   136

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《བུད་མེད་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》དང་། 《ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》ཞེས་པའི་དབྱིན་ཡིག་པར་གཞི་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས་པ་རེད། 

  • པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ9ཚེས8ཉིན་པེ་ཅིང་དུ་བརྙན་ལམ་ཐོག་ནས་གསེར་འབོ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ལ་ཞུགས་རྒྱུ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད། 

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་སོགས་སྡེ་ཁག17གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ལོ་གསུམ་གྱི་ཆེད་དོན་བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་རྒྱུ་ཡིན་ཞིང་། གཙོ་གནད་དུ་འདབ་ཆགས་སྲུང་སྐྱོང་གི་བྱེད་སྒོ་དང་། ཆེད་དོན་རྡུང་རྡེག་བྱ་སྤྱོད། དྲིལ་སྒྲོག་སློབ་གསོ་བཅས་ལས་འགན་གསུམ་ཚུད་ཡོད་པ་རེད། 

  • རྒྱལ་ཡོངས་ཀྱི་གྲོང་ཁྱེར་མཉམ་འབྲེལ་ཐོག་སྟོན་བསྡུའི་ཆེད་དོན་བྱེད་སྒོ་སྤེལ་མགོ་བརྩམས་པ་དང་བྱེད་སྒོ་དེ་ཟླ11པའི་བར་སྤེལ་རྒྱུ་དང་། གཙོ་གནད་མཐོ་སློབ་མཐར་ཕྱིན་སློབ་མར་ཕྱོགས་རྒྱུ་རེད། 

  • རྒྱལ་ཁབ་ཕྱི་དངུལ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བརྒྱད་པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར33222ཡིན་པ་དེ་ཟླ7པའི་ཟླ་མཇུག་དང་བསྡུར་ན་ཨ་སྒོར་དུང་ཕྱུར299འཕར་ཡོད། 

c5210010fcd11f9ed0eabe42e491fcde.jpg

  • ཚེས7ཉིན། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་བསྒྱུར་བའི་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས་ནས་རྒྱང་ཚོར་ཨང་བཞི་བཅུ་པའི་སྲུང་སྐར་ཚན་སྐོར03པ་མཁའ་དབྱིངས་སུ་འཕེན་གཏོང་བྱས། 

  • ཚེས7ཉིན། ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥུ་ཧན་ལ་མཁོ་འདོན་བྱས་པའི་ས་ཡོམ་གེགས་སེལ་གྱི་མྱུར་མཁོའི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་ཁག་དང་པོ་ཁ་པུར་དུ་འབྱོར་བ་རེད། 

  • ཚེས7ཉིན། འཇར་ཕན་གྱི་དབུ་བཞུགས་བློན་ཆེན་དང་རང་དབང་དམངས་གཙོ་ཏང་གི་སྤྱི་འཛིན་ཧྲི་ཕོ་མའོ་ཡིས་དབུ་བཞུགས་བློན་ཆེན་གྱི་ལས་ཤག་ཏུ་ཛ་དྲག་གི་གསར་འགོད་པའི་ཚོགས་འདུ་འཚོགས་ནས། རང་དབང་དམངས་གཙོ་ཏང་གི་སྤྱི་འཛིན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

  • འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་བརྡ་ཁྱབ་བཏང་བ་ལྟར་ན། ལ་ཉི་ན་སྣང་ཚུལ་ད་ལོའི་ཟླ9པ་ནས་བཟུང་ཕྱིར་ལོག་པ་དང་འབྱུང་འགྱུར་ཟླ་བ་ཁ་ཤས་རིང་གོ་ལ་ཧྲིལ་པོའི་གནམ་གཤིས་དང་ནམ་ཟླའི་གནས་ཚུལ་ལ་ཤུགས་རྐྱེན་ཐེབས་སྲིད།   

    སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཉེན་ཟོན་སྔོན་བརྡ་བཏང་ནས། ཚེས7ཉིན་གྱི་ཆུ་ཚོད20ནས8ཉིན་གྱི་ཆུ་ཚོད20བར། ཀོང་ཀྲོའུ་ཤར་ནུབ་རྒྱུད་དང་། ཀོང་ཞིའི་ཤར་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་བྱང་རྒྱུད། ཧྲའན་ཞིའི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད་པ་རེད། 

  • ཚེས7ཉིན་ཆུ་བེད་པུས་ཀོང་ཏུང་དང་ཀོང་ཞི་ཞིང་ཆེན་གཉིས་ཀྱིས་ཆུ་ལོག་འགོག་སྲུང་རིམ་པའི་འཕྲལ་སྡོམ་དང་ལེན་བྱས་ཏེ། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང16པ“ཐར་པ”ལ་ཁ་གཏད་གཅོག་རྒྱུ་རེད། 

  • ཀྲུང་གོ་གནམ་གཤིས་ཅུས་ཞིབ་ཚད་མཐོ་བའི་མཁའ་འགྲུལ་ཉེན་ཆེའི་གནམ་གཤིས་རིག་ནུས་ཤེས་ཚོར་དང་ཉེན་ཟོན་ཉེན་བརྡའི་འགག་རྩའི་ལག་རྩལ་ཁྱབ་ཁོངས་འགའ་ཞིག་ལ་ཚད་བརྒལ་གསར་པ་བྱུང་ནས། སྐར་མ15སྔ་སྣུར་དུ་གནམ་གཤིས་ཀྱི་སྔོན་བརྡ་བཏང་ནས་བར་སྣང་དམའ་བའི་དཔལ་འབྱོར་ལ་བདེ་འཇགས་འཕུར་སྐྱོད་ཀྱི་གནམ་གཤིས་འགན་ལེན་བྱེད་ཐུབ་རྒྱུ་རེད། 

  • ཚེས7ཉིན་གྱི་ནམ་གུང་ནས་ཚེས8ཉིན་གྱི་ཐོ་རེངས་བར། བརྗིད་ཉམས་ལྡན་པའི་ཟླ་འཛིན་བྱུང་བས། ས་ཆ་མང་པོའི་མང་ཚོགས་ཀྱི་ཡིད་དབང་འཕྲོག་ཡོད། 

  • ཁྲུང་ཆིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་ཁྲུང་ཆིང་འགག་གསུམ་སློབ་གླིང་གི“རིན་གོང་འབྲིང་བའི་སྒྲིག་ཆས་ཁྲི85དང་དྲ་ཐོག་ཉོ་སྒྲུབ་སྒོར299ཡིན་པའི”དོན་རྐྱེན་བརྡ་ཁྱབ་བཏང་བ་དང་། ལས་བགོས་འགན་གཉེར་གྱི་ཡོན་ཀྲང་གཞོན་པ་ཝང་ཆེ་མོ་སོགས་ཀྱི་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ་རེད། 

  • 2025ལོའི་ཨ་རིའི་ཝང་ཆིའུ་རྐུབ་སྟེགས་འཁོར་ལོའི་ཝང་ཆིའུ་སྤོ་ལོའི་བུད་མེད་རྐྱང་པའི་རྟིང་རྩོད་ནང་ཀྲུང་གོའི་བདམས་ཐོན་པ་ལི་ཞའོ་ཧུའེ་ལ་ཨ་རིའི་ཝང་ཆིའུ་རྐུབ་སྟེགས་འཁོར་ལོའི་ཝང་ཆིའུ་སྤོ་ལོའི་བུད་མེད་རྐྱང་པའི་ཨང་གཉིས་པ་ཐོབ་པ་རེད། 

7d3e66616f260aa157797e1c81f0643e.jpg

  • ཚེས7ཉིན། ཀྲུང་གོའི་འཁྲབ་སྟོན་པ་ཤིན་ཀྲི་ལའེ་ལ་གློག་བརྙན《ཉིན་གུང་ཉི་མ》ཞེས་པར་བརྟེན་ནས། ཝེ་ཉི་སིའི་གློག་བརྙན་དུས་ཆེན་སྐབས82པའི་ཆེས་ལེགས་པའི་བུད་མེད་འཁྲབ་སྟོན་པའི་བྱ་དགའ་ཐོབ་པ་རེད། 

  • ཉེ་དུས། དྲ་དམངས་དབྱང་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོས“ཀྲུང་གོའི་སྐྱེས་མ་ཞིག་ཕྱི་རྒྱལ་གྱི་དབུལ་པོའི་སྡོད་གནས་སུ་གནས་ལ་སོང་ནས་རྒྱལ་ནང་དུ་ལོག་རོགས་ཞུ”བ་འུད་སྒྲོག་བྱས་ནས་དཀྲོག་གཏམ་བཟོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མི་གཉིས་ལ་སྲིད་འཛིན་གྱི་ཆད་པ་བཅད་པ་རེད། 

f6f027fe771e9ebcd6e1a7e4ba72e409.jpg

  • ཉེ་ཆར། ཧྲན་ཏུང་ལེའོ་ཁྲེང་གི་མི་དམངས་ཉེན་རྟོག་པ་ཡུས་ལུང་པིན་གྱིས་ཁྲག་སྐྱེས་ཕྲ་ཕུང་སྐམ་པོ་བསྲེས་མའི་གཤེར་ཁུ་ཧའོ་ཧྲེང187ཞལ་འདེབས་ཕུལ་ནས། ཁྲག་རྒྱུན་ནད་པ་ཞིག་ལ་གསོན་པའི་རེ་བ་བསྩལ་ཡོད། 

    སྲིད་ཇུས།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ཁེར་རྐྱང་དུ་ལུས་རྩལ་འགྲན་བསྡུར་བྱེད་སྒོར་ཞུགས་ཚེ། དེའི་ལྟ་སྐྱོང་མཁན་ལ་འབྲེལ་ཡོད་ཉེན་ཁ་གསལ་བཤད་བྱེད་དགོས་པ་དང་འབྲེལ་ལྟ་སྐྱོང་བྱེད་མཁན་གྱིས་ཁས་ལེན་ཡི་གེར་མིང་རྟགས་འགོད་དགོས། 

  • ཧེ་ལུང་ཅང་གིས་བྱ་ཐབས་དཔར་འགྲེམ་བྱས་ནས། ཞག་སྡོད་ལམ་ལུགས་མིན་པའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་རྩ་དོན་ཐོག་སློབ་གྲྭར་བཟའ་བཅའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་བཙུགས་མི་ཆོག་པ་དང་། བཀོད་སྒྲིག་བྱས་ཟིན་པ་རྣམས་རིམ་བཞིན་ཕྱིར་འཐེན་བྱེད་དགོས། 

  • ནང་སོག་གིས་ལས་ཀའི་བྱེད་ཐབས་བཀྲམ་ནས། སྤྱི་གླིང་དང་རིག་དངོས་གནའ་ཤུལ། རང་བྱུང་མཛེས་ལྗོངས་ཁུལ་སོགས་ཀྱི་ལྟ་སྐོར་ས་ཚིགས་ལ་དགེ་རྒན་ལ་སྒོ་འཛིན་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ་དང་། དགེ་རྒན་གྱི་དུས་ཆེན་གྱི་ཟླ་བ་དེར་གཟིགས་སྐྱོང་ཇེ་ཆེར་གཏོང་བའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་བྱས། 

    དེ་རིང་གི་གནམ་གཤིས།

c4fdb564122170154e587f67dee7cdd7.jpg

  • ཀོང་ཏུང་གི་དབུས་ལྷོ་རྒྱུད་དང་ཀོང་ཞིའི་ཤར་ལྷོའི་རྒྱུད་དུ་དྲག་ཆར་ནས་ཆར་ཆེན་པོ་འབབ་པ་དང་། དེའི་ནང་ཀོང་ཏུང་ལྷོ་ནུབ་ས་ཁུལ་གྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་ཅིང་། ཅང་སུའུ་དབུས་བྱང་རྒྱུད་དང་ཨན་ཧུའེ་བྱང་རྒྱུད། ཧོ་ནན་དབུས་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། ཁྲུང་ཆིང་བྱང་རྒྱུད་དང་ནུབ་རྒྱུད། སི་ཁྲོན་གཤོང་སའི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་པ་དང་། ས་ཁུལ་ཁག་ཅིག་ཏུ་དྲག་ཆར་རམ་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།