དེ་རིང་ནི2025ལོའི་ཟླ09པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-05 09:23:17   |   199

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ9པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་།

2.jpg

  • ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པ་དང་འབྲེལ་ལས་དོན་འཚམས་འདྲི་གནང་བའི་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཇལ་འཛོམས་གནང་།

3.jpg

  • ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པའི་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་དང་། ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི·ཁ་ནེར་དང་མཇལ་འཛོམས་གནང་།

4.jpg

  • ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པའི་ཅིན་པ་པུའུ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་མཇལ་འཛོམས་གནང་།

5.jpg

  • ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པའི་ཁོང་ཀོ(པུ)ཡི་ཙུང་ཐུང་ས་སུའུ་དང་མཇལ་འཛོམས་གནང་།

6.jpg

  • ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པའི་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་།

7.jpg

  • ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པའི་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེའང་ཆང་དང་མཇལ་འཛོམས་གནང་།

8.jpg

  • ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པའི་སི་ལོ་ཝ་ཁེའི་ཙུང་ལི་ཧྥེ་ཙུའོ་དང་མཇལ་འཛོམས་གནང་།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《ལུས་རྩལ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • བཟོ་འཕྲིན་པུ་སོགས་ཀྱིས་བྱ་སྤྱོད་ཇུས་གཞི་པར་འགྲེམས་བྱས་ནས2026ལོར་སླེབས་སྐབས་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་སྔོན་དཔག་གཉེར་སྐྱོང་གཞི་ཁྱོན་དང་ཕྱིར་གཏོང་བསྡུར་ཚད་དེ་བཟོ་ལས་རིགས་ཆེ་གྲས41ཁྲོད་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པ་བཏོན།

  • ཨ་ཧྥུ་ཀ་ནི་སི་ཐན་གྱི་རེ་ཞུ་ལྟར་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥུ་ཀ་ནི་སི་ཐན་ལ་ས་ཡོམ་གེགས་སེལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མི་དམངས་ཤོག་སྒོར་ཁྲི5000བྱ་རྒྱུའི་གཏན་འབེབས་བྱས་ཤིང་། དེའི་ནང་གཙོ་བོ་གུར་དང་། བལ་ཕྱར། བཟའ་བཅའ་སོགས་གེགས་ཁུལ་དུ་དགོས་མཁོ་ཆེ་བའི་དངོས་ཟོག་ཚུད་ཡོད་པ་རེད།

སྤྱི་ཚོགས།

9.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ལི་མདོག་གི་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་བཏང་སྟེ། སྔོན་དཔག་བྱས་ན་དེ་རིང་སི་ཁྲོན་དང་། ཧྲའན་ཞི། ཀན་སུའུ་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད་པ་རེད།

  • ཚེས4ཉིན། ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཚན་རྩལ་གསར་གཏོད་མཉམ་ལས་ལྟེ་གནས་ཧྲན་ཏུང་ཆིང་ཏའོ་རུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

10.jpg

  • ཉིན་ཤས་གོང་ཀྲུང་གོ་སྦྲག་སྲིད་ཀྱིས《ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ》ཡི་དྲན་གསོའི་སྦྲག་འཛིན་འགྲེམས་སྤེལ་བྱས་པ་རེད།

  • ཀྲུང་གོའི་ལག་རྩལ་སྤོ་ལོའི་མཐུན་ཚོགས་ཀྱིས་པེ་ཅིང་གྲོང་ཁྱེར་ནི2027ལོའི་རྒྱལ་སྤྱིའི་ལག་རྩལ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་རྩལ་སྤོ་ལོའི་མཛམ་གླིང་བུམ་པའི་ཨེ་ཤེ་ཡ་ཁུལ་ཆེན་གྱི་གྲ་སྒྲིག་འགྲན་བསྡུར་གྱི་དུས་ཐེངས་དང་པོའི་འགན་འཁུར་གྲོང་ཁྱེར་ཡིན་པ་གཏན་འཁེལ་བྱས།

  • ཚེས4ཉིན། ཧྲེན་དབྱང་ནས་ཁྲང་པའེ་རི་བོའི་བར་གྱི་མྱུར་བགྲོད་ལྕགས་ལམ་་ཚོད་ལྟའི་འཁོར་སྐྱོད་བྱེད་མགོ་བརྩམས་ནས་ཤར་གཏོང་གཉེར་སྐྱོང་ལ་གྲ་སྒྲིག་བྱས་ཡོད།

11.png

  • ཉེ་ཆར་མཚོ་སྔོན་རྟ་ཐང་གིས་གསའ་བཞི་མཚན་མོར་མཉམ་དུ་རྒྱུ་བའི་རྩ་ཆེའི་གཟུགས་བརྙན་པར་བླངས་བ་རེད།

  • རང་རྒྱལ་གྱི་ཚན་རིག་པས་སྐར་མ་མིག་དམར་ནང་ཁུལ་དུ་སྟོང་སྨི600ཙམ་ཡོད་པའི་སྲ་གཟུགས་ཀྱི་ནང་སྙིང་ཡོད་པ་ར་སྤྲོད་བྱས་པ་མ་ཟད། དེའི་གྲུབ་ཆ་གཙོ་བོ་ནི་གཞི་རྒྱུ་ཡང་མོ་འདུས་པའི་ཞུན་ཐིགས་ལྕགས་ནིག་བསྲེས་ལྕགས་ཡིན་པ་གསལ་སྟོན་བྱས། གྲུབ་འབྲས་དེ《རང་བྱུང》དུས་དེབ་ཐོག་སྤེལ་བ་རེད།

12.png

  • ཉེ་ཆར་ཧུའུ་ནན་ཁྲང་ཧྲའི་བུད་མེད་ཅིག་འཁྱགས་མཛོད་དུ་ལས་ཀ་བྱེད་སྐབས་གཟབ་གཟབ་མ་བྱས་པར་ནང་དུ་བཅུག སྐབས་དེར་ཕྱི་ཚོང་པ་ལིའུ་ཤུས་ཀྱིས་སྒོ་རྡུང་བའི་སྒྲ་ཐོས་རྗེས་ཚོང་ཁང་དུ་ལྟ་ཞིབ་བྱས་ནས་བུད་མེད་བསྐྱབས་པ་རེད།

སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)རྒྱལ་ཁབ་ཀྱི་ཚད་གཞི་ཞིག་པར་འགྲེམས་བྱ་རྒྱུའི་ཆོག་མཆན་སྤྲད་དེ། འཕྲོད་བསྟེན་བདེ་འཇགས་དང་། བདེ་ཐང་འགོག་སྲུང་ནུས་པ། ཐོན་རྫས་མཚོན་རྟགས་བཅས་ཕྱོགས་གསུམ་གྱི་ཐད་ནས་གློག་སྡོད་སྟབས་བདེའི་ཡོ་བྱད་ཀྱི་རྐུབ་སྟེགས་ལ་བླང་བྱ་ཁ་གསལ་བཏོན་ཡོད།

  • རྒྱལ་ཁབ་ཁས་ལེན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྤུས་ཚད་དོ་དམ་མ་ལག་སྔར་བས་ཚད་ལྡན་དུ་བཏང་ནས་སྤྱོད་འཐུས་ཁྱབ་ཁོངས་དང་། བདེན་དཔང་ར་སྤྲོད་ཀྱི་གཞི་འཛིན་ས། བདེན་དཔང་ར་སྤྲོད་སྒྲིག་གཞི། བདེན་དཔང་ར་སྤྲོད་མི་སྣའི་གཞི་རྩའི་བླང་བྱ་སོགས་ཕྱོགས13ནས་སྤུས་ཚད་དོ་དམ་མ་ལག་གི་བདེན་དཔང་ར་སྤྲོད་བྱེད་སྒོ་སྤེལ་བའི་གཏན་འབེབས་གཙོ་བོ་སྔར་བས་ཁ་གསལ་བཟོས།

  • ཅང་སུའུ་ཡིས་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ནས2027ལོར་སླེབས་སྐབས་མཐོ་སློབ་ཀྱི་རིག་ཚན་ཆེད་ལས་གསར་དུ་བསྣན་པའི་ནང་རྒྱལ་ཁབ་བམ་ཡང་ན་ཅང་སུའུ་ལ་དགོས་མཁོ་ཆེ་བའི་བསྡུར་ཚད85%ལྷག་ཙམ་ཟིན་དགོས་པ་དང་། རྩིས་བཟོ་ཞིང་གསོ་རིགས་ཀྱི་སློབ་གནས་སྤྲོད་ཚད60%ལྷག་ཙམ་བཟུང་དགོས་པ་གཏན་ལ་ཕབ།

དེ་རིང་གི་གནམ་གཤིས།

13.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བོད་ལྗོངས་ཀྱི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཧོ་པེ། ཧྲའན་ཞི། ཧྲན་ཞི། ཧོ་ནན་གྱི་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད། སི་ཁྲོན་གཤོང་སའི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། དེའི་ནང་ཧྲའན་ཞིའི་ལྷོ་ནུབ་རྒྱུད་དང་སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།