དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-04 10:25:07   |   103

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་དམག་དཔུང་ལ་གཟིགས་ཞིབ་མཛད།

2.jpg

  • ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་།

  • ཚེས3ཉིན་གྱི་དགོང་མོར། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགས《དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས་རེད》ཅེས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཀྲུང་ཕྱི་མི་སྣ6000ཙམ་དང་མཉམ་དུ་དགོང་ཚོགས་ལ་གཟིགས་ནས་གཟི་བརྗིད་ལྡན་པའི་ཉིན་མོ་དེར་ཐུན་མོང་ཐོག་དྲན་གསོ་ཞུས་པ་རེད། 

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ9པའི་ཚེས3ཉིན་བཀའ་རྒྱར་མིང་རྟགས་བཀོད་དེ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་ལ་ཞུགས་པའི་མི་སྣ་ཡོངས་ལ་གཟེངས་བསྟོད་མཛད་པ་རེད།

3.jpg

  • ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་ནས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཨོ་དང་མཇལ་འཛོམས་གནང་བ་རེད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར57246ཟིན་པ་དང་། དེ་དུས་མཚུངས་ལས13.4%འཕར་ཡོད། མཉེན་ཆས་ལས་རིགས་ཡོང་འབབ་ཀྱི68.8%བཟུང་ཡོད།

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བརྒྱད་པར་རང་རྒྱལ་གྱི་ལྕགས་ལམ་སྐྱེལ་འདྲེན་ལས་རིགས་དང་། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་བཅས་ཀྱི་མངགས་ཐོ་གསར་པའི་སྟོན་གྲངས55%ཡན་གྱི་ཆུ་ཚད་སླེབས་ཡོད་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གསོག་ནུས་གསར་པ་སྟོང་ཝ་དུང་ཕྱུར1.68རེར་སྟོང་ཝ་ཁྲི7376བསྐྲུན་ནས་འཁོར་སྐྱོད་བྱས་པ་དང་། གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་བསྡུར་གྲངས་བཟུང་ཚད40%ལས་བརྒལ་ཡོད་པ་རེད།

  • རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི2025ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་བྱེད་སྒོ་ཉེ་ཆར་པེ་ཅིང་དུ་སྤེལ་མགོ་ཚུགས་པ་རེད།

སྤྱི་ཚོགས།

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་བཏང་སྟེ། སྔོན་དཔག་བྱས་ན་ཚེས3ཉིན་གྱི་ཆུ་ཚོད20ནས་ཚེས4ཉིན་གྱི་ཆུ་ཚོད20བར་ཧྲན་ཞིའི་ལྷོ་ནུབ་རྒྱུད་དང་། ཧོ་ནན་གྱི་ནུབ་བྱང་རྒྱུད། ཧུའུ་པེའི་དབུས་ནུབ་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཀན་སུའུ་ཡི་དབུས་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་བཅས་སུ་ས་གཤིས་གནོད་འཚེ་བྱུང་བའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད།

  • གྲངས་གཞི་ལས་མངོན་པར། ཟླ7པའི་ཚེས1ཉིན་ནས་ཟླ8པའི་ཚེས31ཉིན་བར་འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར1.84སྐྱེལ་འདྲེན་བྱས་ཤིང་། དེ་དུས་མཚུངས་ལས་འཕར་ཚད3.4%ཟིན་པ་དང་། དབྱར་གསེང་སྐབས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • 2025ལོའི་རྒྱལ་ཡོངས་ཀྱི་ཆུ་རྐྱལ་གཟེངས་རྟགས་འགྲན་བསྡུར་དེ་ཟླ9པའི་ཚེས5ནས་ཚེས12ཉིན་བར་ཁྲེང་ཏུའུ་རུ་འཚོག་རྒྱུ་རེད། ཝང་ཧྲུན་དང་། ཕན་ཀྲེན་ལེ། ཞུས་ཅ་ཡུས། ཀྲང་ཡུས་ཧྥེ། ཡུས་དབྱི་ཐིང་སོགས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

  • ཟླ་བརྒྱད་པར་ཧྲང་ཧའེ་གྲུ་ཁའི་དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་ཁྲི502ལས་བརྒལ་ནས་ཟླ་རེའི་འདོན་འཇུག་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཚེས2ཉིན། ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་གིས་རིག་དངོས་ཀྱི་ལོ་རྒྱུས་དཔྱད་གཞི་ཞལ་འདེབས་ཕུལ་བའི་མཛད་སྒོ་འཚོགས་ནས་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གི་ནག་ཉེས་དང་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་སོགས་ཀྱི་བརྗོད་དོན་གཙོ་བོའི་རིག་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ཁག་གཅིག་དྲན་གསོ་ཁང་དུ་བསྐྱལ་བ་རེད།

4.jpg

  • གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོ་ཨ་ལ་ཧྲན་ལྕགས་ལམ་འགག་སྒོ་བརྒྱུད་ནས་ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ་དབུས་མའི)བར་གྱི་དུས་གཏན་མེ་འཁོར་གཏོང་གྲངས5000ལས་བརྒལ་ཡོད་པ་རེད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཉེ་ཆར་དྲ་ཆེན་གྱི་འོད་གློག་མཉམ་འདྲེས་འདུས་གྲུབ་མ་ལག་ཞིབ་བཟོ་ལེགས་གྲུབ་བྱུང་བ་དང་། ཟློས་དུམ་ཧྲིལ་པོ་དང་བབ་བསྟུན་མཐུན་སྦྱོར་ཐུབ་པའི་མྱུར་བགྲོད་སྐུད་མེད་འཕྲིན་གཏོང་ཐེངས་དང་པོ་མངོན་འགྱུར་བྱུང་ནས་འབྱུང་འགྱུར་དེ་བས་ཤར་གཏོང་དང་བློས་འགེལ་ཆོག་པའི6Gསྐུད་མེད་འཕྲིན་གཏོང་ལ་འགན་ལེན་ཐུབ་རེ་ཡོད་པ་རེད།

640.gif

  • སི་ཁྲོན་ཁྲེང་ཏུའུ་ཡི་སྐྱེས་པ་ཞིག་དྲག་ཏུ་རྒྱུག་པའི་ཆུ་ནང་དུ་ལྷུང་བ་དང་། ཉེ་འགྲམ་ཟ་ཁང་གི་ལས་མི་པད་མས་མཐོང་རྗེས་ཟམ་པའི་འགྲམ་དུ་སྒྲིག་སྦྱོར་བྱས་པའི་སྲོག་སྐྱོབ་ར་བ་བླངས་ནས་ཆུ་ནང་དུ་མཆོངས་ཏེ་འགྲམ་ངོགས་ཀྱི་མང་ཚོགས་དང་མཉམ་དུ་སྐྱེས་པ་དེ་བསྐྱབས།

སྲིད་ཇུས།

  • ཧྲན་ཞིས་བྱེད་ཐབས་པར་འགྲེམས་བྱས་ནས་རིག་ནུས་ཅན་གྱི་མཚོན་རྟགས་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་བླང་བྱ་དང་མཐུན་པའི་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ལ་མ་དངུལ་འཇོག་གྲངས་སྡོམ་འབོར་གྱི30%ལས་མི་བརྒལ་བ་དང་མཐོ་ཤོས་སྒོར་ཁྲི200ཡི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་རྒྱུ་རེད།

  • ཧའེ་ནན་གྱིས་བརྡ་ཐོ་བཏང་ནས་དངུལ་བཅོལ་མཁན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་རེ་ཞུ་བྱས་ནས། ཡུལ་གཞན་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་རྒྱུ་རིགས་ལ་རང་ཉིད་དམ་ཡང་ན་བཟའ་ཟླས་ཁང་པ་ཉོ་སའི་ཐེམ་ཐོའི་དཔང་ཡིག་དང་། མཁར་གྲོང་གི་ལས་བཟོའི་རྒན་གསོ(སྨན་བཅོས)འགན་བཅོལ་ལམ་ཡང་ན་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་པའི་དཔང་ཡིག་སོགས་འབྲེལ་ཡོད་དཔྱད་གཞི་མཁོ་འདོན་བྱེད་དགོས་ཀྱི་མེད།

  • ཁྲུང་ཆིང་གིས་གཏན་འབེབས་པར་འགྲེམས་བྱས་ནས་གློག་སྒུལ་རྐང་འཁོར་ལ་མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། གློག་སྒུལ་རྐང་འཁོར་གྱི་བདག་པོས་རང་ཉིད་ཀྱི་མིང་ཐོག་ནས་ཐོ་འགོད་རེ་ཞུ་བྱེད་དགོས་པའི་བླང་བྱ་བཏོན།

དེ་རིང་གི་གནམ་གཤིས།

5.jpg 

  • ཧེ་ལུང་ཅང་གི་དབུས་ནུབ་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་བྱང་རྒྱུད། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་དབུས་ནུབ་རྒྱུད་དང་། ཧུའུ་པེའི་དབུས་བྱང་རྒྱུད། ཧྲན་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། དེའི་ནང་སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཧྲན་ཏུང་ཕྱེད་གླིང་། ཧོ་ནན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཧུའུ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།