དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-03 07:46:03   |   158

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་ལ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་གཙོ་བདག་མཇལ་འཛོམས་ཐེངས་བདུན་པ་གནང་བ་རེད།

2.jpg

  • ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་།

3.jpg

  • ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་མཇལ་འཛོམས་གནང་།

4.jpg

  • ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཕུའུ་དང་མཇལ་འཛོམས་གནང་།

5.jpg

  • ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཕུའུ་དང་མཇལ་འཛོམས་གནང་།

6.jpg

  • ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་དང་མཇལ་འཛོམས་གནང་།

7.jpg

  • ཟླ9པའི་ཚེས2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་མཇལ་འཛོམས་གནང་།

8.jpg

  • ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པཱ་ཙེ་དང་མཇལ་འཛོམས་གནང་།

9.jpg

  • ཟླ9པའི་ཚེས2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་།

  • རང་རྒྱལ་གྱི་མཚོ་ཐོག་སྣུམ་གར་ཚ་འདོན་བྱེད་ཚད་རིམ་རྩིས་བྱས་ན་ཐོན་ཚད་ཏུན་ཁྲི500ལས་བརྒལ་ནས་གོ་ལ་ཧྲིལ་པོའི་མཚོ་ཐོག་གི་སྣུམ་གར་གཞི་ཁྱོན་ཅན་གྱི་ཚ་འདོན་གསར་སྤེལ་བྱེད་པའི་རྒྱལ་ཁབ་ཐོག་མ་དེར་གྱུར་ཡོད།

  • ད་ལོའི་ཟླ6པའི་ཟླ་མཇུག་བར་རང་རྒྱལ་གྱི་རིག་ནུས་རྩིས་ཤུགས་ཀྱི་གཞི་ཁྱོན་སྐར་ཆ་རེར་ཐེར་འབུམ788ཟིན་ནས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད་པ་རེད།

  • ཀྲུང་གོ་ཕྱོགས་ཀྱིས2025ལོའི་ཟླ9པའི་ཚེས15ཉིན་ནས2026ལོའི་ཟླ་9པའི་ཚེས14ཉིན་བར་ཨུ་རུ་སུར་སྤྱིར་བཏང་གི་ལམ་ཡིག་ཡོད་མཁན་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

སྤྱི་ཚོགས།

  • ཀྲུང་དབྱང་གྲོང་གསེབ་གཞུང་ལས་ཁང་གིས་གྲོང་གསེབ་ཀྱི་སློང་རྟེན་མཐོན་པོ་སྤྲོད་པའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར“སློང་རྟེན་དམའ་བ”དང“སློང་རྟེན་མེད་པའི”སྐུལ་ལྕག་བྱེད་ཐབས་ཁ་ཤས་བཏོན་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་སྤེལ་ནས་མེ་ཟོན་ཐོན་རྫས་དང་། འཛུགས་སྐྲུན་དྲོད་སྲུང་རྒྱུ་ཆ། གློག་སྒུལ་རྐང་འཁོར་སོགས་ཐོན་རྫས་རིགས་ཁག23ལ་དམིགས་ཡོད།

  • ཀྲུང་གོའི་ཟོག་འགྲེམ་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་བརྒྱད་པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་འཕེལ་ཚད50.9%ཟིན་པ་དང་། དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.4འཕར་ནས་དགོས་མཁོ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར83246ཟིན་པ་དང་། དེ་དུས་མཚུངས་ལས12.3%འཕར་ཡོད།

  • ཟླ9པ་ནས་བཟུང་ནང་སོག་གི་ཀེན་ཧོ་དང་ཨེར་ཀུའུ་ན་ཡིས་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་མགོ་བརྩམས་ནས་སང་ལོའི་ཟླ5པའི་ཚེས31ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད། འདི་ནི་རྒྱལ་ཡོངས་ཀྱི་དྲོད་རླངས་མཁོ་འདོན་བྱེད་སྔ་ཤོས་དང་རིང་ཤོས་ཀྱི་གྲོང་ཁྱེར་གཉིས་ཀ་ཡིན།

  • ཡུན་ནན་ཏ་ལིས་སྒྲིག་འགལ་ངང་ཚང་ཧྲན་དུ་ཕེབས་པའི་བྱེད་སྤྱོད་སྣ་ཚོགས་བཅོས་སྒྲིག་བྱས་ནས་ཚང་ཧྲན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་དང་། ཟླ་བརྒྱད་པར་ཁྱོན་མི1500ལྷག་ཙམ་དང་རླངས་འཁོར110ཕྱིར་ལོག་ཏུ་བཅུག

640.gif

  • ཟླ9པའི་ཚེས1ཉིན། ཅི་ནན་གྱི་ལོ8ལ་སླེབས་པའི་བྱིས་པ“ཞའོ་ཧྲི་ཐོའུ”སློབ་ཆུང་དུ་ཞུགས་པ་དང་། སློབ་གྲྭས་ཁོང་ལ་རྐུབ་སྟེགས་འཁོར་ལོ་ཅན་གྱི་རླངས་འཁོར་འཇོག་ས་དང་སློབ་སྦྱོང་བྱེད་རོགས་ཀྱི་ངལ་གསོ་ཁང་མཁོ་འདོན་བྱས། དེ་སྔ་ཁོང་ལ་མཐོང་དཀོན་པའི་ནད་ཕོག་ནས་ལོ6ལ་སླེབས་སྐབས་གཞི་ནས་རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་ལངས་པ་རེད།

སྲིད་ཇུས།

  • བཟོ་འཕྲིན་པུ་དང་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཡིག་ཆ་བཀྲམ་ནས“དྲ་ཆེན་ནགས་རྩྭ”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་ནགས་ཁུལ་དང་རྩྭ་ཐང་བརྒལ་བའི་རྒྱལ་ལམ་དང་གཙོ་གནད་ཞིང་ལམ་གྱི་ལམ་རྒྱུད་དུ་དགོས་མཁོ་ལྟར4G/5Gདྲ་རྒྱ་ཁྱབ་པ་བྱེད་དགོས་ཞེས་བཏོན་ཡོད།

  • དགེ་རྒན་དུས་ཆེན་ཐེངས41པའི་རིང་ཧྲན་ཞིས་དགེ་རྒན་ལ་ཕན་པའི་བྱེད་ཐབས་རབ་དང་རིམ་པ་བཏོན་པའི་ནང་ཆེད་གཏོགས་ལྟ་སྐོར་གཟིགས་སྐྱོང་དང་དཔེ་དེབ་ཉོ་བའི་གཟིགས་སྐྱོང་སོགས་ཚུད་ཡོད་པ་རེད།

  • ཀོང་ཞི་ཡིས་བརྡ་ཐོ་བཏང་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་ཉིན་ལྟར་ལུས་རྩལ་སློབ་ཚན་གཅིག་བཀོད་སྒྲིག་བྱེད་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཉིན་ལྟར་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོ་ཆུ་ཚོད་གཉིས་ལས་མི་ཉུང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

11.jpg

  • ཞིན་ཅང་གི་བྱང་རྒྱུད་དང་། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་དབུས་ནུབ་རྒྱུད་དང་སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིང་གི་བྱང་རྒྱུད། ཧུའུ་པེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་ཤར་རྒྱུད། ཧྥུའུ་ཅན་གྱི་ཤར་རྒྱུད། ཀོང་ཏུང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། དེའི་ནང་ཧྲའན་ཞིའི་དབུས་ལྷོ་རྒྱུད་དང་ཧོ་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།