དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-02 09:30:29   |   104

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.png

  • ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་བ་རེད།

2.png

  • ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར། “ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཚོགས་འདུ་ཐེན་ཅིན་མེ་ཅང་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《ཧྲང་ཧའེ་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།

  • ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དང་རིག་རྩལ་མཚན་ཚོགས་ཟླ9པའི་ཚེས3ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།

  • རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་སློབ་སྐབས་གསར་པ་མགོ་བརྩམས་པ་དང་། ས་གནས་མང་པོས་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་བརྗོད་དོན་གཙོ་བོར་བྱས་ནས“སློབ་མགོ་ཚུགས་པའི་སློབ་ཚན་དང་པོ”མགོ་ཚུགས་ཏེ་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་།

  • རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟླ་བའི་བྱེད་སྒོ་ཐོག་མ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“ཚན་རིག་ཁྱབ་གདལ་སྙན་ཞུའི་གཏམ་གླེང་མདུན་ས”དང“ཚན་རིག་ཁྱབ་གདལ་གྱི་གཡུལ་སར་འབྱུང་འགྱུར་འཚོལ་ཞིབ་བྱེད་པ”“IPཁྲི་སྟོང་གིས་ཚན་རིག་ཁྱབ་གདལ་གཏོད་པ”སོགས་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་ས་ཁུལ20ལ་བུ་བཙའི་ཕོགས་སྣོན་ཕྱོགས་ཡོངས་ནས་མི་སྒེར་ལ་ཐད་ཀར་སྤྲོད་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།

  • 2025ལོར་ལྕགས་ལམ་དབྱར་གསེང་སྐྱེལ་འདྲེན་བདེ་བླག་ངང་མཇུག་འགྲིལ་ནས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར9.43སྐྱེལ་འདྲེན་བྱས་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

  • རྒྱལ་ཁབ་གློག་བརྙན་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2025ལོའི་དབྱར་གསེང་སྐབས་ཀྱི་གློག་བརྙན་གྱི་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར119.66ཟིན་པ་དང་། གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར3.21ཟིན་ཡོད།

  • འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ལས་མངོན་པར། ཧྲེན་ཀྲེན་དང་ཞང་ཀང་། ཀོང་ཀྲོའུ་བཅས་ཀྱི་ཁྱུ་ཚོགས་ཐོ་ཁེའོ་ནས་ཧེང་པིན་ཁྱུ་ཚོགས་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་གསར་གཏོད་ཁྱུ་ཚོགས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

  • ཟླ8པའི་ཚེས31ཉིན་གྱི་དགོང་མོར། ཨ་ཧྥུ་ཀ་ནི་སི་ཐན་ཤར་རྒྱུད་དུ་ས་ཡོམ་དྲག་པོ་བརྒྱབ་ནས་མི800ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི2800ལ་རྨས་སྐྱོན་ཕོག་པ་རེད། རང་རྒྱལ་གྱི་ཕྱི་འབྲེལ་པུས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དགོས་མཁོ་ལྟར་གེགས་སེལ་རོགས་སྐྱོར་བྱེད་འདོད་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

  • འཕྲལ་སྡོམ་དོ་དམ་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པར་བྱང་ཤར་དང་། ཧྭ་ཤར། ཧྭ་ལྷོ། ནུབ་བྱང་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་དང་སེར་བའི་གནོད་འཚེ་ཚབས་ཆེན་ཡོད་ལ། རྒྱ་མཚོའི་རླུང་འཚུབ2ནས3བར་སྐམ་སར་འཛེགས་པའམ་ཡང་ན་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་སྲིད།

  • ཟླ9པར་སླེབས་རྗེས་བྱང་ཕྱོགས་ཀྱི་སྟོན་ཁའི་རྣམ་པ་ཐོག་མར་མངོན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས1ཉིན་གྱི་དགོང་མོ་ནས་ཚེས3བར་མཚོ་སྔོན་དང་། ཀན་སུའུ། ནང་སོག་སོགས་སུ་དྲོད་ཚད4~6℃མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་ཏུའུ8ཡན་ཟིན་རྒྱུ་རེད།

3.png

  • ཟླ9པའི་ཚེས1ཉིན། ཧོང་པོ་ཧའེ་མཚོ་ཁུལ་དུ་ཉ་འཛིན་མཚམས་འཇོག་པའི་དུས་སྐབས་མཇུག་རྫོགས་པ་དང་། ཉ་གྲུ་ཁྲི3ལྷག་གཅིག་སྡུད་ཀྱིས་རྒྱ་མཚོར་བསྐྱོད་ནས་ལས་ཀ་བྱས། ད་ལོ་རང་རྒྱལ་གྱི་མཚོ་ཁོངས་ཆེན་པོ་གསུམ་ཚང་མར་ཉ་འཛིན་བྱེད་མགོ་ཚུགས་པ་རེད།

4.jpg

  • ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས31ཉིན། ཕ་རི་སིའི་བྱ་སྒྲོའི་སྤོ་ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཧྲི་ཡུས་ཆིས་ཨང་དང་པོ་བླངས་པ་རེད། འདི་ནི་ཀྲུང་གོའི་བྱ་སྒྲོ་རུ་ཁག་གིས་ལོ10འགོར་རྗེས་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་གི་ཨང་དང་པོ་བླངས་པ་རེད།

5.jpg

  • ལེའོ་ཉིང་གི་སྐྱེས་པའི་ལག་རྩལ་སྤོ་ལོའི་སྤོ་ལོ་རྒྱག་མཁན་གཙོ་བོ་ཧན་ཏེ་ཅུན་ལས་འཁྱུར་བྱས་ནས་ལོ18རིང་གི་ལས་རིགས་འཚོ་བ་མཇུག་འགྲིལ་བ་རེད།

  • ད་ལོ་རང་རྒྱལ་གྱི་མི་ཤུགས་འཕྲུལ་མི་ཕྱིར་ཚོང་བྱེད་ཚད་ཁྲི1ལས་བརྒལ་ཡོད་པ་དང་། དེ་དུས་མཚུངས་ལས125%འཕར། མིའི་གཟུགས་འཕྲུལ་མིའི་ཐོན་ལས་གཞི་ཁྱོན་ཅན་གྱི་དོན་འཁྱོལ་དུས་མཚམས་སུ་སླེབས་ཡོད།

  • འབྲི་ཆུའི་འགག་གསུམ་གློག་ཁང་གིས་རིམ་རྩིས་བྱས་ན་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་ཁྲི1.8ལས་བརྒལ་བ་དང་། ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར5.4གྲོན་ཆུང་བྱས་པ་དང་མཚུངས།

  • ཀྲེ་ཅང་དབྱི་ཝུའུ་ཡི་ཡིག་ཆས་ཕྱི་རྒྱལ་ཕྱིར་འཚོང་བྱས་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད། སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་དབྱི་ཝུའུ་གྲོང་ཁྱེར་གྱིས་ཡིག་ཆས་ཐོན་རྫས་སྒོར་དུང་ཕྱུར4.1ཕྱིར་གཏོང་བྱས་ཤིང་། དུས་མཚུངས་ལས12.3%འཕར་ཡོད།

6.png

  • ཧྲང་ཧའེ་སུང་ཧུའུ་འཇར་འགོག་དམག་འཁྲུག་དྲན་གསོ་ཁང་གིས《དམག་འཁྲུག་རྗེས་ཀྱི་འདྲི་གཅོད་དང་འཛམ་གླིང་ཞི་བདེའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན》སྤེལ་རྒྱུ་དང་། ཧྥ་རན་སེའི་མཛའ་གྲོགས་མི་སྣ་མ་ཁུའུ་སིས་ཞལ་འདེབས་བརྒྱབ་པའི་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་པར་རིས་འགྲེམ་སྟོན་བྱ་རྒྱུ་རེད།

7.jpg

  • ཉེ་ཆར། པར་རྒྱག་མཁས་ཅན་གྱིས་ཡུན་ནན་ཏེ་ཧུང་ནས་སྣ་མའི་རྩྭ་འབུ་ཀ་ལའི(兰花螳螂)ཕྱི་རོལ་གྱི་གཟུགས་བརྙན་གསལ་པོ་ཐོག་མར་པར་ལེན་ཐུབ་ཡོད། སྣ་མའི་རྩྭ་འབུ་ཀ་ལ་ནི་འབུ་སྲིན་གྱི་ཁམས་སུ་སྐད་གྲགས་ཡོད་པའི“ལད་མོ་བྱེད་མཁན་ཆེན་པོ”ཞིག་ཡིན་པ་དང་། མེ་ཏོག་གི་འདབ་མ་བཞད་མཚམས་འཇོག་སྐབས་བཞད་པའི་སྣ་མའི་མེ་ཏོག་དང་ཕལ་ཆེར་བདེན་རྫུན་དབྱེ་བ་འབྱེད་དཀའ།

སྲིད་ཇུས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《ཡིད་རྟོན་ཉམས་གསོའི་དོ་དམ་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཏེ། ཡོངས་བསྒྲགས་བྱ་རྒྱུའི་དུས་ཚོད་ཐུང་ཤོས་ཚར་རྗེས་ཡིད་རྟོན་གཙོ་གཟུགས་ཀྱིས་གཏན་འབེབས་གཞིར་བཟུང་ནས་ཡིད་རྟོན་ཉམས་གསོ་བྱ་རྒྱུའི་རེ་ཞུ་བྱེད་ཆོག

  • 《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཉིན་གུང་གི་སློབ་ཁྲིད་ཅོག་ཙེ་དང་རྐུབ་སྟེགས་ཀྱི་སྤྱི་སྤྱོད་ལག་རྩལ་བླང་བྱ》ཡི་རྒྱལ་ཁབ་ཚད་གཞི་བཏོན་ནས་ཉིན་གུང་གི་སློབ་ཁྲིད་ཅོག་ཙེ་དང་རྐུབ་སྟེགས་ཀྱི་རྣམ་པའི་ཆེ་ཆུང་གིས་སློབ་སྦྱོང་དང་ཉིན་གུང་གི་ངལ་གསོའི་ནུས་བ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན།

  • 《ཀྲེ་ཅང་ཞིང་ཆེན་གྱི་སྡོད་ཁང་ལས་གྲྭའི་སྤུས་ཚད་དུད་ཚང་དབྱེ་ནས་ཞིབ་བཤེར་རྩིས་ལེན་དོ་དམ་བྱ་ཐབས》ཟླ་འདི་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། དུད་ཚང་བགོས་ནས་ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཡང་ན་དུད་ཚང་བགོས་ནས་ཞིབ་བཤེར་རྩིས་ལེན་བྱས་མེད་པའི་རིགས་ལ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་མི་ཆོག་པ་བཏོན།

དེ་རིང་གི་གནམ་གཤིས།

8.jpg

  • ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་དབུས་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཨན་ཧུའེ་ཡི་ཤར་རྒྱུད། ཅང་སུའུ་ཡི་དབུས་ལྷོ་རྒྱུད། ཀྲེ་ཅང་གི་དབུས་བྱང་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཅང་ཞིའི་དབུས་རྒྱུད་དང་བྱང་རྒྱུད། ཧྥུའུ་ཅན་གྱི་དབུས་ཤར་རྒྱུད། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་མང་ཆེ་བར་ཆར་པ་འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ་དང་། དེའི་ནང་མཚོ་སྔོན་གྱི་ཤར་རྒྱུད་དང་། ཅང་སུའུ་ཡི་དབུས་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཅང་ཞིའི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།