དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-01 09:38:03   |   98

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ8པའི་ཚེས31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཐེན་ཅིན་མེ་ཅང་འགྲེམ་ཚོགས་ལྟེ་གནས་སུ་གསོལ་སྟོན་བཤམས་ཏེ། ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད།

2.jpg

  • ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་ཁང་དུ་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་མར་ཏི་ཝེའི་ཙུང་ཐུང་མུའུ་དབྱི་ཙེ་མཇལ་འཛོམས་གནང་།

3.jpg

  • ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་ཁང་དུ་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་མཇལ་འཛོམས་གནང་།

4.png

  • ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་ཁང་དུ་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་མཇལ་འཛོམས་གནང་།

5.png

  • ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་ཁང་དུ་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་མཇལ་འཛོམས་གནང་།

6.png

  • ཟླ8པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་ཁང་དུ་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པའི་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་དང་མཇལ་འཛོམས་གནང་།

7.png

  • ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་ཁང་དུ་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་ཨར་མེ་ཉི་ཡའི་ཙུང་ལི་ཕ་ཧྲེ་ཉི་དབྱང་དང་མཇལ་འཛོམས་གནང་། 

8.png

  • ཟླ8པའི་ཚེས31ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་ཁང་དུ་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པའི་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་།

9.png

  • ཟླ8པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་ཁང་དུ་ཀྲུང་གོར་ཕེབས་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པའི་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་།

  • ཟླ9པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས17པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གཟི་བརྗིད་ལྡན་པའི་ཕ་རོལ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས》ཞེས་པ་སྤེལ་རྒྱུ་རེད།

  • ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་མཇལ་འཕྲད་ཚོགས་འདུ་ཐེངས་གཉིས་པ་འཚོག་རྒྱུ་རེད།《གཏན་འཇགས་གཞི་རྩའི་ཞིང་ས་སྲུང་སྐྱོང་གི་དམར་ཐིག་དོ་དམ་བྱ་ཐབས》ཉེ་ཆར་དངོས་སུ་ཁྱབ་བསྒྲགས་བྱས་ནས་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་བརྒྱད་པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)49.4%ཟིན་པ་དང་། དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.1འཕར་ཡོད།

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཁྲོམ་ར་ཁྲོམ་ཞུགས་སྤྱི་གཉེར་གྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི35.01ཟིན་པ་དང་། དེ་དུས་མཚུངས་ལས0.16%འཕར་ཡོད།

སྤྱི་ཚོགས།

10.png

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་བཏང་སྟེ། སྔོན་དཔག་བྱས་ན་དེ་རིང་ཅི་ལིན་གྱི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད་པ་རེད།

  • ནོར་སྲིད་པུ་སོགས་སྡེ་ཚན་བཞིའི་སྲིད་ཇུས་བཀོད་སྒྲིག་གཞིར་བཟུང་ན། ཟླ9པའི་ཚེས1ཉིན་ནས་བཟུང་རང་རྒྱལ་གྱིས་ཆ་རྐྱེན་འཛོམས་པའི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་ལ་སྐྱེད་ཀ་སྤྲོད་རྒྱུ་རེད།

  • ཟླ9པའི་ཚེས1ཉིན་ནས་བཟུང་། གློག་སྒུལ་རྐང་འཁོར་གྱི་རྒྱལ་ཁབ་ཚད་གཞི་གསར་པ་སྟེ《གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ལག་རྩལ་ཚད་གཞི》དངོས་སུ་ལག་བསྟར་བྱས་པ་རེད། གློག་སྒུལ་རྐང་འཁོར་གྱི་ཇུས་འགོད་མྱུར་ཚད་མཐོ་ཤོས་ཆུ་ཚོད་རེར་སྤྱི་ལེ25ལས་བརྒལ་མི་ཆོག

  • ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་ནང་མཉམ་བཅོས་མི་ཐེངས་དུང་ཕྱུར2.31བྱས་པ་དང་དངུལ་འབོར་སྒོར་དུང་ཕྱུར304.57ཟིན་ཡོད།

  • ད་ལོའི་དབྱར་གསེང་སྐྱེལ་འདྲེན་རིང་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.47སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི237སྐྱེལ་འདྲེན་བྱས་ནས་དེ་དུས་མཚུངས་ལས3.6%འཕར་ཡོད།

  • ཟླ8པའི་ཚེས31ཉིན་གྱི་ཆུ་ཚོད13དང་སྐར་མ51བར། 2025ལོ་འཁོར་གྱི་ཀྲུང་གོའི་གློག་བརྙན་གྱི་སྤ་སེ་འཚོང་ཚད(ཕྱི་རྒྱལ་ཚུད་པ)སྒོར་དུང་ཕྱུར400ལས་བརྒལ་ཡོད་པ་རེད།

  • 《ཀྲུང་གོའི་ན་སྨིའི་ཚན་རྩལ་ཐོན་ལས་ཀྱི་རྒྱབ་ཤ་དཀར་པོའི་དུས་དེབ(2025)》ནང་ཀྲུང་གོའི་ན་སྨིའི་ཁེ་བེད་བདག་ཐོབ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

640.gif

  • ཉེ་ཆར་ཀུའེ་ཀྲོའུ་ཏུའུ་ཡུན་གྱི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་ཆུ་རྐའི་རྡོ་སྲུབས་སུ་ལྷུང་པ་དང་། ཉེན་ཁ་ཆེ་བའི་སྐབས་སུ་གནས་སྐོར་པས་མཉམ་དུ་ཆུ་རྒྱུན་བཀག་འགོག་བྱས་ཏེ། མང་ཚོགས་ཞའོ་ཧྥུང་ཆུ་ནང་དུ་འཆོངས་ནས་བྱིས་པ་དེ་པང་དུ་བླངས། མཐར་བྱིས་པ་དེ་མང་ཚོགས་ཀྱི་རོགས་རམ་འོག་བདེ་བླག་ངང་ཆུ་འགྲམ་དུ་བསྐྱབས་པ་རེད།

སྲིད་ཇུས།

  • ཧོ་པེ་ཡིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུ་དང་ཚབ་བསྡུའི་གྲོན་དངུལ་ཚང་མ་ངེས་པར་དུ་སྔོན་ལ་ཡིག་ཐོག་ནས་སློབ་མའི་ཁྱིམ་བདག་ལ་བཤད་དགོས་པ་དང་། ཁྱིམ་བདག་གིས་ཡིག་ཐོག་ནས་མོས་མཐུན་བྱུང་རྗེས་ལག་བསྟར་བྱེད་དགོས་པའི་བརྡ་ཐོ་བཏང་།

  • ཧོ་ནན་གྱིས་དེང་རབས་ཞབས་ཞུའི་ལས་རིགས་ལ་དགོས་མཁོ་ཆེ་བའི་ལས་རིགས་གསོ་སྦྱོང་རྣམ་གྲངས་ཁག་གཅིག་བཏོན་ཏེ། གསོ་སྦྱོང་ནང་ཞུགས་པ་དང་ཆ་རྐྱེན་འཛོམས་པའི་མི་སྣར་གཏན་འབེབས་གཞིར་བཟུང་ནས་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྤྲོད་རྒྱུའི་བརྡ་ཐོ་བཏང་།

  • ཀྲེ་ཅང་གིས་ཡིག་ཆ་བཀྲམ་ནས་འགྲེམས་ཚོགས་དཔལ་འབྱོར་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཀྲུང་གོར་ཕེབས་པའི་འགྲེམས་ཞུགས་མི་སྣར་ཆུ་ཚོད24ཡི་འགག་སྒོའི་ཐོངས་མཆན་འགོད་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། ཕྱི་རྒྱལ་ནས་ཀྲེ་ཅང་དུ་ཡོང་པའི་འགྲེམས་ཞུགས་པས་གདན་ཞུའི་ཡི་གེ་ལ་བརྟེན་ནས་རྒྱལ་ཁོངས་སུ་ཡོང་བའི་འགྲོ་ལུགས་གཅིག་སྡུད་ཐོག་གཉེར་ཆོག་པ་རེད།

དེ་རིང་གི་གནམ་གཤིས།

  • ཞིན་ཅང་ཨ་ལེ་ཐའེ་དང་ཐེན་ཧྲན་ས་ཁུལ་དང་། བོད་ལྗོངས་ཀྱི་ནུབ་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ལིའོ་ཉིང་གི་ཤར་རྒྱུད། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད་དང་ཤར་རྒྱུད། ཅང་ཞིའི་བྱང་རྒྱུད་དང་ནུབ་རྒྱུད། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་བྱང་རྒྱུད། ཧྲང་ཧའེ། ཧྥུའུ་ཅན་གྱི་དབུས་བྱང་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན། ཡུན་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཧའེ་ལུང་ཅང་གི་ཤར་ལྷོ་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ནུབ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།



མཉམ་སྤྱོད།