དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-10 09:12:46   |   36

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

bfafbede5ca784513ee50860af30da3e.jpg

  • ཟླ9ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཕོར་ཐིའུ་ཀལ་གྱི་ཙུང་ལི་མོང་ཐེ་ནེ་ཀེ་ལུའོ་དང་མཇལ་འཛོམས་གནང་། 

  • དགེ་རྒན་དུས་ཆེན་ཞེ་གཅིག་པ་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དམིགས་བསལ་ལས་གནས་དགེ་རྒན་གྱི་འཐུས་མིར་འཕྲིན་ལན་སྤྲིངས་ནས། རེ་བ་ནན་པོ་བཏོན་པ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། 

  • ཟླ9ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡ་རྒྱལ་ཁབ་དབུ་བརྙེས་ནས་ལོ77འཁོར་བར་ལྷོ་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་། 

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ན་ནིང་གི་ཐོན་ཚད་ཁྲི1300ལས་བརྒལ་བ་དང་། ཐོན་སྐྱེད་ཕྱིར་འཚོང་བྱེད་ཚད་ལོ་བཅུར་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བརྒྱད་པར་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་འཕར་ཚད་ཟླ7པ་ལས་བརྒྱ་ཆའི་གྲངས0.9མགྱོགས་སུ་ཕྱིན་ཡོད་པ་རེད། 

  • ད་ལོའི་ཟླ7པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སྦྲེལ་ཚུགས5Gཁྲི459.8བསྐྲུན་པ་དང་ཀྲའོ་སྟོང་གི་མཐའ་སྣེ་ཁྲི3053.2ལ་སླེབས་ནས“རྫོང་རེ་རེར་ཀྲའོ་སྟོང་ཁྱབ་པ་དང་ཡུལ་ཚོ་རེ་རེར5Gཁྱབ་པ། སྡེ་བ་རེ་རེར་དྲ་ཆེན་སྦྲེལ་བ” མངོན་འགྱུར་བྱུང་ཡོད། 

  • ད་ལོའི་ལོ་སྟོད་དུ། རྒྱལ་ཁབ་མཐོ་གསར་ཁུལ་གྱི་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི26.9ཡིན་པ་དེ་དུས་མཚུངས་ལས6.5%འཕར་ཡོད། 

1ae10b3fd2dcf705e8eedf4edc7338a7.jpg

  • ཚེས9ཉིན་གྱི་དུས་ཚོད3དང་སྐར་མ48སྟེང་། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཧྲན་ཏུང་རི་ཀྲའོ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཅེ་ལུང་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཅི་ལིའི་སྐར་ཚོམ05ཡི་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་ཡོད། 

27167bfaa0e65831259d586b132d0770.jpg

  • ཚེས9ཉིན་གྱི་དུས་ཚོད10དང་སྐར་མ00སྟེང་། རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། རྒྱང་ཚོར་ཨང་ཞེ་ལྔ་པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས། 

    སྤྱི་ཚོགས།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། དྲག་ཆར་གྱི་ཤུགས་རྐྱེན་ཕོག་ནས་ཀོང་ཏུང་དང་ཀོང་ཞི། ཡུན་ནན། ཧའེ་ནན་སོགས་ས་ཁུལ་གྱི་ཆུ་བོ་འབྲིང་ཆུང11ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད་པ་རེད། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2024ལོར། རྒྱལ་ཡོངས་སུ་ཚུལ་མིན་གྱི་འགྲན་རྩོད་གྱོད་གཞི་སྣ་ཚོགས་ཁྲི1.42ཞིབ་བཤེར་ཐག་གཅོད་བྱས་པ་དང་། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་སྒོར་དུང་ཕྱུར8.05ཡོད། 

  • ཀྲུང་གོ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ལིན་ཅིང་ཀྲེན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ལེན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེར་གཞུང་གཏུག་བྱས་ཡོད། 

  • ཚེས9ཉིན་གྱི་སྔ་དྲོར། རང་རྒྱལ་གྱིས་བཟོས་པའི་རིགས་དགུའིHPVརིམས་འགོག་སྨན་ཁབ་ཧྥུ་ཅན་ཞ་མོན་དུ་བརྒྱབ་ཅིང་། དེས་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་རིན་རིགས་དགུའིHPVརིམས་འགོག་སྨན་ཁབ་དངོས་སུ་སྤྱོད་མགོ་བརྩམས་པ་མཚོན་ཡོད། 

4870e3135a29142cd32af33505bbe9ff.jpg

  • ཚེས9ཉིན་གྱི་དགོང་མོར། ཀྲུང་གོའིU22སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས2026ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིU23ཨེ་ཤེ་ཡའི་བུམ་པའི་གྲ་སྒྲིག་འགྲན་བསྡུར་ཁྲོད0བསྡུར0ཡིས་ཨོ་སི་ཁྲུ་ལི་ཡའི་རུ་ཁག་དང་མཉམ་ནས། U23ཨེ་ཤེ་ཡའི་བུམ་པའི་འགྲན་བསྡུར་གྱི་དངོས་གཞིའི་རིམ་པར་འཕར་ཡོད། 

  • ཀོང་ཞི་ཝུའུ་ཀྲོའུ་གྲོང་ཁྱེར་ཚང་ཝུའུ་རྫོང་གིས་མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་གིས“ཧྲི་ཆའོ་སློབ་འབྲིང་གི་སློབ་མ་བུ་མོར་བརྙས་བཅོས་ཕོག་པའི”དོན་རྐྱེན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

  • ཚེས8ཉིན་ཏ་ལེན་གནམ་ཐང་འགག་སྒོའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི100ལས་བརྒལ་ཞིང་། དེ2024ལོ་ལས་ཉིན52ཀྱི་སྔ་སྣུར་དུ་མི་ཐེངས་ཁྲི་བརྒྱའི་འགག་སྒོ་ཆེན་པོ་བསུས་ཡོད། 

  • ཚེས9ཉིན། སན་ཤིན་ཏུའེ་རིག་གནས་གནས་སྐོར་འཕེལ་རྒྱས་ཁུལ་དེ་སི་ཁྲོན་ཏེ་དབྱང་ཀོང་ཧན་དུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས། 

    སྲིད་ཇུས།

  • ཐེན་ཅིན་གྱིས་གླ་ཕོགས་ཆེས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་ནས། ཟླ་རེའི་གླ་ཕོགས་ཆེས་དམའ་ཤོས་ཀྱི་ཚད་གཞི་དེ་སྒོར2320ནས་སྒོར2510བར་ལེགས་སྒྲིག་བྱས་ཡོད། ཧྲང་ཧའེ་ཡིས་ཡིག་ཆ་བཀྲམ་ནས་གྲངས་འཛིན་བརྡ་ཁྱབ་ཀྱི་ལག་རྩལ་གསར་པ་དང་ལས་རྣམ་གསར་པ་གསར་གཏོད་ལ་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་ཚད་ཀྱི10%ནས50%བར་མཐོ་རུ་བཏང་ནས་སྒོར་ཁྲི500ལས་མི་བརྒལ་བའི་རྒྱབ་སྐྱོར་བྱ་རྒྱུ་རེད། 

  • ཧྲའན་ཞིས་ཇུས་གཞི་དཔར་འགྲེམ་བྱས་ནས། དམངས་གཉེར་ཁེ་ལས་འབྲིང་ཆུང་གི་ཤེས་བྱའི་བདག་དབང་གཏའ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་པར་སྐྱེད་ཀ་ཆེས་མཐོ་ཤོས30%སྤྲོད་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

0e8aaad2c46ba2e8748831909cfceccb.jpg

  • ཀོང་ཞིའི་དབུས་བྱང་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད་དང་། ཀུའེ་ཀྲོའུ་ལྷོ་རྒྱུད། ཧུའུ་ནན་ནུབ་རྒྱུད། ཀོང་ཏུང་ཤར་ལྷོའི་རྒྱུད། ཡུན་ནན་ལྷོ་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ས་ཆ་མང་ཆེ་བ། ལེའོ་ཉིང་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། དེའི་ནང་ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།