དེ་རིང་ནི2025ལོའི་ཟླ09པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-11 09:13:02   |   56

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ9ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།   

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོང་ཡན་གླིང་ཕྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསར་སྐྲུན་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་མཆན་བཀོད་བཀའ་ལན་གནང་། 

  • ལྷ་གྲུ་བཅོ་བརྒྱད་པ་དང་ལྷ་གྲུ་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པར་མཚན་སྙན་སྤྲོད་པའི་མཛད་སྒོ་ཚེས10ཉིན་པེ་ཅིང་དུ་འཚོགས། 

  • རྒྱལ་ཁབ་བསྡོམས་རྩིས་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་བརྒྱད་པར་འཛད་སྤྱོད་ཁྲོམ་རའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་གི་ལྟེ་བCPIཕུད་དུས་མཚུངས་ལས0.9%འཕར་ཡོད། 

5445150b9cec7ce1f6a39476d8157e44.jpg

  • རང་རྒྱལ་གྱིས་ཡུན་ནན་གྱི་ཡོན་དབྱང་ཧ་ཉི་སྐས་ཞིང་དང་། ཅང་སུའུ་ཡི་ཅིའུ་རུང་ཁྲི་ཧྲན་ཧུའུ་ཡི་ཆུ་འདྲེན་བཟོ་སྐྲུན། སི་ཁྲོན་ཕེང་ཀྲོའུ་ཅན་ཅང་ཡན། པེ་ཅིང་མོན་ཐོའུ་ཀོའུ་ཡུང་ཏིང་གཙང་པོའི་གནའ་བོའི་ཆུ་ཡུར་བཅས་འཛམ་གླིང་གི་ཆུ་འདྲེན་བཟོ་སྐྲུན་ཤུལ་བཞག་བཞི་གསར་དུ་བསྣན་ཡོད། 

  • རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། “ཡོངས་ཁྱབ་གསུམ”གྱི་ཐོ་འགོད་རིག་དངོས་ཁྲི76.7ཚང་མ་བསྐྱར་ཞིབ་བྱས་ཟིན་པ་དང་གསར་དུ་རྙེད་པའི་རིག་དངོས་གྲངས་འབོར་ཁྲི13ལས་བརྒལ་ཡོད་པ་རེད། 

  • བཟོ་འཕྲིན་པུ་སོགས་སྡེ་ཁག་དྲུག་གིས་བརྡ་ཐོ་བཏང་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ་གསུམ་གྱི་རླངས་འཁོར་ལས་རིགས་ཀྱི་དྲ་རྒྱའི་རྙོག་འཛིང་ཆེ་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས། 

f2d837f375e9b1a85144c5a74566ef57.jpg

  • ཚེས10ཉིན་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུའི་དཔུང་རུ་བྱང་ཞི་བདེ་རྒྱ་མཚོ་ཆེ་མོར་བསྐྱོད་དེ་སྤྱི་མཚོ་ཉ་ལས་ཁྲིམས་འཛིན་སྐོར་ཞིབ་བྱས། 

  • ཚེས9ཉིན་གྱི་དགོང་མོ་རྒྱལ་སྲུང་པུ་ཀྲང་ཏུང་ཅུན་གྱིས་ཞལ་ཆད་ལྟར་ཨ་རིའི་རྒྱལ་སྲུང་པུ་ཀྲང་ཧོ་ཀེ་སའེ་སི་དང་བརྙན་ལམ་ཐོག་ནས་ཁ་པར་བརྒྱབ་པ་རེད། 

    སྤྱི་ཚོགས།

640 (1).gif

  • དེ་རིང་ནས་བཟུང་། ལྷོ་ཕྱོགས་ཀྱི“སྟོན་གྱི་སྟག་མོ”ཕྱིར་ལོག་རྒྱུ་ཡིན་པ་དང་། ཧྭ་ལྷོ་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མི་ཉུང་བ་ཞིག་གི་དྲོད་ཚད་མཐོ་ཤོས35℃ལ་སླེབས་རྒྱུ་ཡིན་པ་དང་། ཧུའུ་ནན་ལྷོ་རྒྱུད་སོགས་སུ་ད་དུང་དྲོད་ཚད37℃ཡི་གནམ་གཤིས་ཡོད། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་ནས། ཐོན་ལས་གླིང་དང་འགྲིམ་འགྲུལ་ལྟེ་གནས་སོགས་སུ་གདན་ཞུའི་བྱེད་སྒོ་སྤེལ་ཏེ། “གཅིག་འཐུས་རྣམ་པའི”ལས་ཞུགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། 

  • རང་རྒྱལ་གྱི་མཚོ་ཐོག་ཐཱན་བཀག་སྡོམ་ཉར་ཚགས་རྣམ་གྲངས་ཐོག་མ་སྟེ། ཨེན་ཕིང15-1སྣུམ་ཞིང་གི་ཐཱན་བཀག་སྡོམ་ཉར་ཚགས་རྣམ་གྲངས་ཀྱིས་རིམ་རྩིས་བྱས་ན་དབྱང་གཉིས་ཐཱན་རྫས་བཀག་སྡོམ་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1ལས་བརྒལ་བ་དང་། ཐཱན་ཉུང་དུ་གཏོང་ཚད་དེ་སྡོང་རྐང་ཁྲི220བཙུགས་པ་དང་མཚུངས་ཀྱི་ཡོད། 

  • ཀྲེ་ཅང་ཅ་ཤིང་ནན་ཧུའུ་གནམ་ཐང་ལ་ལས་རིགས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། རྣམ་གྲངས་འཁོར་སྐྱོད་བྱས་རྗེས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཆེད་ལས་མཁའ་འགྲུལ་ཟོག་འདྲེན་ལྟེ་གནས་དང་པོར་འགྱུར་རྒྱུ་རེད། 

bff6cd79c2d191de11ba4354febf3e20.jpg

  • ཚེས10ཉིན། རྒྱལ་སྤྱིའི་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་ཀྱི་མདའ་འཕེན་འཛམ་གླིང་བུམ་པའི་ཉིང་པོ་ས་ཚིགས་ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཧུའུ་ཁའེ་ལ་ཨང་དང་པོ་ཐོབ་ནས། མི་སྒེར་གྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ལས“བསྟུད་མར་ཨང་དང་པོ་བཞི”ཐོབ་པ་རེད། 

  • པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཧྲི་ཀྲང་གཞོན་པ་ཀའོ་ཕུང་གིས་ལྐོག་རྔན་བླངས་པ་དང་ལས་གནས་སྣང་མེད་དུ་བཞག་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཀའོ་ཕུང་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། གསར་འགྱུར་ཚན་པའི་རྩིས་ཐོའི་ཨང་གྲངས་རྫུས་མ1200ལྷག་ཙམ་སྒོ་བརྒྱབ་པའམ་ཡང་ན་གསར་འགྱུར་སྤེལ་མི་ཆོག་པ་བྱས་ཡོད། 

  • རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་ཞིབ་བཤེར་ཚད་ལེན་བྱས་པ་ལས་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པའི་སྒུལ་བདེའི་བེད་སྤྱོད་བྱས་པ69ཤེས་རྟོགས་བྱུང་ཡོད། 

  • ཚེས10ཉིན། འགྱིག་པར་གྱི་པར་འདེབས་ཤོག་བུའི་དུས་བཅད་ཚོང་ཟོག་དང་དུས་དབང་དང་། འབར་རྫས་སྣུམ་དང་རྡོ་སྣུམ་སྣུམ་སྙིགས། ཤོག་བུ་དུས་བཅད་དབང་ཆ་སོགས་དུས་བཅད་ཚོང་ཟོག་དང་དུས་དབང་སྣ་ཁ5ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་དུ་ཁྲོམ་རར་བཏོན་ནས་ཉོ་ཚོང་བྱས་པ་རེད། 

640.gif

  • ཀྲེ་ཅང་ཉིང་པོ་ཚི་ཞི་ཡི་ལོ3ལ་སོན་པའི་བྱིས་པ་ཞིག་ཐོག་ཁང་གསུམ་པའི་སྒེའུ་ཁུང་ཕྱི་རོལ་དུ་དཔྱངས་ནས་མར་ལྷུང་བའི་ཉེན་ཁར་འཕྲད་པའི་སྐབས་སུ། དྲ་མིག་པ་མཱ་ཧའེ་ཁྲའོ་དང་སུང་ལི་མྱུར་དུ་འབྱོར་ནས། སྒོ་གཏོར་ནས་མི་བསྐྱབས་པས། ཉེན་ཁར་འཕྲད་པའི་བྱིས་པ་སྐྱོབ་ཐུབ་པ་བྱུང་ཡོད། 

    སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། ཚད་འཇལ་སྲིད་འཛིན་ཞིབ་མཆན་ཞབས་ཞུ་སྔར་བས་ལེགས་སུ་བཏང་སྟེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 

  • ཀྲེ་ཅང་གིས་བསམ་འཆར་དོན་ཚན་བཅུ་བཏོན་ནས“ཀྲེ་ཅང་གི་ཇ་ཕྱི་རྒྱལ་དུ་བསྐྱོད་རྒྱུར”རྒྱབ་སྐྱོར་བྱེད་པའི་ནང་། སྟབས་བདེའི་ཇའི་ཐོན་རྫས་གསར་སྤེལ་དང་ལས་སྣོན་ཞིབ་ཚགས་བྱེད་པའི་ཇའི་ཐོན་རྫས་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་ཇའི་བར་མཐོངས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཚུད་ཡོད། 

  • ལེའོ་ཉིང་གིས་བྱེད་ཐབས་བཀྲམ་ནས། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བླང་བྱ་དང་མཐུན་པའི་ཐོན་ལས་ཀྱི་མཐོ་རིམ་ཤེས་ལྡན་པ་དང་ཕུལ་བྱུང་གཞོན་ནུའི་བཟོ་བཀོད་པ། ཕུལ་བྱུང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་སོ་སོར་མི་རེར་ཆེས་མཐོ་ཤོས་སྒོར་ཁྲི50དང་། སྒོར་ཁྲི30དང་། སྒོར་ཁྲི10བཅས་སྤྲོད་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

569d93b20b4871d26c245de57314a361.jpg

  • ཧོ་ནན་གྱི་ས་ཁུལ་མང་ཆེ་བ་དང་ཧྲའན་ཞིའི་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་སའི་དབུས་ནུབ་རྒྱུད། ཧུའུ་པེའི་དབུས་བྱང་རྒྱུད། ཨན་ཧུའེ་ཡི་ནུབ་རྒྱུད། ཀྲེ་ཅང་ལྷོ་རྒྱུད། ཧྥུ་ཅན་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཧོ་ནན་གྱི་དབུས་རྒྱུད་དང་སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།