དེ་རིང་ནི2025ལོའི་ཟླ09པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-12 09:19:56   |   58

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ9ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ལི་ལ་གློག་འཕྲིན་བཏང་ནས། ཁོང་གིས་ཀུའེ་ཡ་ན་མཉམ་ལས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེརིང་ནས་བཟུང་ལོ2རིང་པེ་ཅིང་གྲོང་ཁྱེར་གྱི་ལྟེ་གནས་གཞོན་པ་སོགས་རྒྱུ་རྐྱེན་གཙོ་བོ10ཁྲོམ་ར་ཅན་གྱི་བཀོད་སྒྲིག་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུར་མཆན་བཀོད་བཀའ་ལན་གནང་། 

  • “ལྔ་བཅུ་བཞིའི”རིང་། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་བརྟན་པོའི་ངང་གནས་པ་དང་། འདས་ཟིན་པའི་ལོ་བཞིའི་རིང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས5.5%འཕར་ཞིང་། ད་ལོ་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི50ལས་བརྒལ་བའི་རེ་བ་ཡོད་པ་རེད། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད2020ལོ་ལས་ལོ1.1མཐོ་རུ་ཕྱིན་ཡོད་པ་རེད། 

  • ཉེ་ཆར། སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་ཁོར་ཡུག་ཐོན་ཁུངས་དང་། བཟའ་བཅའ་དང་སྨན་རྫས་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་ལས་སྟེགས་དངོས་སུ་སྤྱོད་མགོ་བརྩམས་པ་རེད། 

  • ཉིན་འགའི་སྔོན་དུ། བཟོ་འཕྲིན་པུ་སོགས་སྡེ་ཁག་དྲུག་གིས་འོད་ཤུགས་ཐོན་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། འོད་ཤུགས་ཐོན་ལས་ཀྱི་འགྲན་རྩོད་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་། 

  • ད་ལོའི་ཟླ1པོ་ནས8པའི་བར། རང་རྒྱལ་གྱི་རླངས་འཁོར་ཐོན་འཚོང་བྱེད་ཚད་སོ་སོར་ཁྲི2000ལས་ཐོག་མར་བརྒལ་བ་དེ་སོ་སོར་དུས་མཚུངས་ལས12.7%དང12.6%འཕར་ཡོད། 

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི1.3ཡིན་ལ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

7a2af2ca47a40178ada80ed8ced9f15c.jpg 

  • ས་གནས་དེ་གའི་དུས་ཚོད་ཚེས11ཉིན། ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥུ་ཧན་ལ་རོགས་སྐྱོར་བྱས་པའི་མི་ཆོས་རིང་ལུགས་ཀྱི་གེགས་སེལ་དངོས་ཟོག་ཁག་གཉིས་པ་ཁ་པུར་དུ་འབྱོར། 

  • ཚེས10ཉིན་ཨ་རིའི་རྙིང་ཞེན་ཕྱོགས་ཁག་གི་བྱེད་སྒོའི་མི་སྣ་གྲགས་ཅན་དང་ཙུང་ཐུང་ཁྲོམ་ཕུའི་ཆབ་སྲིད་མནའ་གྲོགས་ཁྲ་ལི·ཁོ་ཁེས་གཏམ་བཤད་བྱེད་སྐབས། མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་བ་དང་། ཁྲོམ་ཕུས་ཚེས14ཉིན་གྱི་ས་སྲོད་ཀྱི་ཆུ་ཚོད་དྲུག་པའི་བར རྒྱལ་ཡོངས་སུ་དར་ཆ་ཕྱེད་ཀ་ཕབ་ནས་མྱ་ངན་ཞུ་དགོས་པའི་བཀའ་ཕབ། 

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་ནས། ཚེས11ཉིན་གྱི་ཆུ་ཚོད20ནས་ཚེས12ཉིན་གྱི་ཆུ་ཚོད20བར། ནང་སོག་དབུས་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་རིམ་པ10ཡན་གྱི་སེར་བ་དང་རླུང་འཚུབ་གཡུག་པ་དང་། ཧོ་ནན་དང་ཨན་ཧུའེ། ཅང་སུའུ་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ཚོད་རེའི་ཆར་པ་འབབ་ཚད་ཆེས་ཆེ་ཤོས་ལ་ཧའོ་སྨི60ཡན་ལ་སླེབས་རྒྱུ་རེད། 

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ8པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་དུས་མཚུངས་ལས4.4%འཕར་ཡོད། 

  • ཉེ་ཆར། ཞའོ་ཧུང་ཧྲུའུ་ལས་སྟེགས་ཀྱིས་དྲ་རྒྱའི་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་གནད་དོན་ལ་དམིགས་ནས། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་དྲ་འཕྲིན་གཞུང་ལས་ཁང་ལ་མཛུབ་ཁྲིད་བྱས་ཏེ། ཞའོ་ཧུང་ཧྲུའུ་ལས་སྟེགས་ལ་སྐོང་འདྲི་དང་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་བ། ཐ་ཚིག་སྒྲོག་པ། འགན་འཁྲི་འཁུར་མཁན་ཐག་གཅོད་ནན་པོ་བྱེད་པ་སོགས་ཀྱི་ཆད་གཅོད་བྱེད་ཐབས་སྤྱོད་རྒྱུ་རེད། 

  • ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་ཉེན་བརྡ་བཏང་ནས། རྒྱ་ཆེའི་འཛད་སྤྱོད་པས་ཞིབ་འཇུག་སློབ་སྦྱོང་གི་ཞབས་ཞུ་གཟབ་ནན་གྱིས་བདམས་ནས་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། 

  • ཉེ་ཆར་ཧྲང་ཧའེ་ནས་ཨའོ་ཁེ་ལན་དང། དེ་ནས་པུ་དབྱི་ནོ་སི་ཨེ་རི་སི་བར་གྱི་མཁའ་ལམ་དངོས་སུ་འཚོང་མགོ་བརྩམས་པ་དང་། དེ་ནི་ཀྲུང་གོ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་དབར་བརྗེ་མི་དགོས་པའི་ཐད་གཏོང་མཁའ་ལམ་འབའ་ཞིག་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་ཁྲི2ཡོད་ལ། ཤར་གཏོང་ཐུབ་རྗེས་གོ་ལ་ཧྲིལ་པོའི་མཁའ་ལམ་ཆེས་རིང་ཤོས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད། 

4d56b6b7a67cb939775319cf2e9552ba.jpg

  • ཚེས11ཉིན། ཞི་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་མཉམ་འབྲེལ་སྙོམས་སྒྲིག་དང་མཉམ་འབྲེལ་ཚོད་ལྟའི་དུས་མཚམས་སུ་དངོས་སུ་སླེབས་ཡོད། 

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་འབྲས་སྐྲན་གྱི་རིམས་འགོག་སྨན་བཅོས་ལ་བཀོལ་ཆོག་པའི“ནཱ་སྨི་རྟགས་འགོད་འཕྲུལ་ཆས་མི”གསར་སྤེལ་བྱས་ཡོད། 《རང་བྱུང》དུས་དེབ་ཐོག་འབྲེལ་ཡོད་ཞིབ་འཇུག་དཔྱད་རྩོམ་སྤེལ་ཡོད། 

f38c5a90a414698ee83d707090c2754f.jpg

  • ཉེ་ཆར་བརྟག་དཔྱད་ཚོ་ཚུང་གིས་ཀོང་ཀྲོའུ་ལིའུ་ཞི་གཙང་པོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཀྱི་མཆུ་ཏོ་ཕྱེ་མ་ལེབ(金斑喙凤蝶)ཀྱི་རྗེས་ཤུལ་ལ་རྟོག་འཇལ་ཐེངས་དང་པོ་བྱས་པ་དང་འབྲེལ་ཟིན་ཐོ་གསལ་པོར་བཀོད་ཡོད་པ་རེད། 

cbed8f4a9d988b2998bb2d1b12e0102f.jpg

  • ཉེ་ཆར་ཧྥུའུ་ཅན་ཀྲང་ཀྲོའུ་ཡི་དགེ་རྒན་ཧོང་ལན་ཀྲོའུ་ཡིས་ཁྲག་སྐྱེས་ཕྲ་ཕུང་གཙོ་བོ་ཧའོ་ཧྲེང200ལྷག་ཕུལ་ནས་ཁྲག་ནད་ཕོག་མཁན་ཞིག་ལ་ཚེ་སྲོག་གི་རེ་བ་གནང་ཡོད། 

    སྲིད་ཇུས། 

  • ཧྲན་ཏུང་གིས་བརྡ་ཐོ་བཏང་ནས། རྟེན་མཛོད་ཁང་སོགས་བྱ་གཞག་ཚན་པའི་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཁེ་བཟང་བགོ་བཤའ་རྒྱག་པའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། རིག་གནས་གསར་གཏོད་ཐོན་རྫས་ཕྱིར་འཚོང་གི་ཁེ་བཟང་ཁེར་གཙང70%དང་དེའི་ཡན་བྱ་གཞག་འཕེལ་རྒྱས་ཐད་སྤྱོད་པ་དང་། ཁེ་བཟང་གཙང་མ30%དང་དེའི་མན་འབྲེལ་ཡོད་མི་སྣའི་སྐུལ་ལྕག་ཐད་སྤྱོད་ཆོག་པ་རེད། 

  • ཧོ་ནན་གྱིས་བརྡ་ཐོ་བཏང་ནས།། རྣམ་པ་མི་འདྲ་བའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་ལ་དབྱེ་འབྱེད་ཞིབ་ཚགས་བྱ་དགོས་ལ། སྡོད་དམངས་སྡོད་ཁུལ་ནི་དལ་གསོག་གཙོ་བོར་བྱེད་པ་དང་། མྱུར་གསོག་རམ་འདེགས་སུ་བྱེད་པ། མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ་དང་སྤྱི་པའི་རླངས་འཁོར་འཇོག་ས་གཙོ་བོར་མྱུར་གསོག་བྱ་རྒྱུ་དང་། རྫོང་དང་ཡུལ་ཚོའི་གྲོང་གསེབ་ས་ཁུལ་དུ་མྱུར་དལ་ཟུང་འབྲེལ་གྱི་དཔེ་དབྱིབས་སྤྱོད་དགོས། 

  • ཀྲེ་ཅང་གིས་བརྡ་ཐོ་བཏང་ནས། ལུས་རྩལ་འགྲན་བསྡུར་གལ་ཆེན་ནང་འདྲེན་བྱས་ནས་གཉེར་རྒྱུར་སྐུལ་ལྕག་རིམ་པ་བཞི་ལ་དབྱེ་ནས། ཆེས་མཐོ་ཤོས་ལ་སོ་སོར་སྒོར་ཁྲི800དང་། སྒོར་ཁྲི400དང་། སྒོར་ཁྲི200དང་། སྒོར་ཁྲི100བཅས་སྤྲོད་རྒྱུ། 

དེ་རིང་གི་གནམ་གཤིས།

fd9e138a642818a8bc89a9c9ca406001.jpg

  • ཧོང་ཧོའེ་ཡི་ས་ཆ་མང་ཆེ་བ་དང་ཅང་ཧོའེ། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད། ཅང་ཧན་གྱི་ས་ཆ་མང་ཆེ་བ། ཧྲའན་ཞིའི་ཤར་ལྷོའི་རྒྱུད་དང་བྱང་རྒྱུད། སི་ཁྲོན་གཤོང་སའི་ཤར་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ནང་སོག་གི་དབུས་རྒྱུད། ཧེ་ལུང་ཅང་གི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་བ་ནས་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།