དེ་རིང་ནི2025ལོའི་ཟླ09པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-15 09:11:29   |   46

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ9ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁའེ་ལེ-ཙུའུ་ཐེར་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས། 

  • ཟླ9ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལེ་ཁེ་ཐེན་སི་ཐེན་གྱི་སྲིད་ཚབ་རྒྱལ་འཚོབ་ཨ་ལུའོ་དབྱི་སི་དང་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས། 

  • 2025ལོར་དབྱར་འབྲུ་མང་དུས་ཀྱི་ཉོ་སྒྲུབ་མཇུག་སྒྲིལ་བའི་དུས་མཚམས་སུ་སླེབས་པ་དང་། རྒྱལ་ཡོངས་ཀྱི་རིགས་ཁག་གི་འབྲུ་རིགས་གཉེར་སྐྱོང་བྱེད་པོས་རིམ་རྩིས་བྱས་ན་གྲོ་ཏུན་དུང་ཕྱུར1ལྷག་ཉོ་སྒྲུབ་བྱས་པས། ཉོ་སྒྲུབ་ཀྱི་འཕེལ་རིམ་ཧྲིལ་པོ་བདེ་བླག་བྱུང་ཡོད། 

640.gif

  • ཉེ་ཆར། ཀྲུང་གོའི་བར་སྣང་ས་ཚིགས་ནང་མཁའ་གྲུ་དགུ་པ་དང་མཉམ་དུ་བསྐྱོད་པའི“རིམ་སྤོར་པར་གཞིའི”བར་སྣང་སྔོ་ཚལ་ར་བར་ལོ་ལེགས་བྱུང་བ་དང་། འཇིག་རྟེན་འཕུར་སྐྱོད་པས་བདེ་ཐང་ངང་འཚར་ལོངས་བྱུང་བའི་སྔོ་ཚལ་ཐོབ་རྗེས་རེས་སྐོར་གསར་པའི་འདེབས་གསོ་བྱེད་མགོ་བརྩམས་པ་རེད། 

  • 《སྡོད་ཁང་བོགས་གཏོང་སྲོལ་ཡིག》དེ་རིང་ནས་བཟུང་ལག་བསྟར་བྱས་ཏེ། སྡོད་ཁང་བོགས་གཏོང་བྱེད་སྒོ་སྔར་བས་ཚད་ལྡན་དུ་བཏང་ནས། གང་འདོད་དུ་བོགས་མར་གཏོང་བ་དང་གཏའ་དངུལ་འཕྲི་འཐེན། གཏུམ་སྤྱོད་ཕྱིར་འབུད་སོགས་ཀྱི་སྣང་ཚུལ་བཀག་འགོག་བྱས་ཡོད། 

  • ཉེ་ཆར་སློབ་གསོ་པུས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཆེད་དོན་མ་དངུལ་ལ་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་པ་རེད། 

  • 2025ལོའི་ཞབས་ཞུའི་ཚོང་དོན་ཚོགས་འདུ་ཚེས14ཉིན་མཇུག་སྒྲིལ་བ་དང་སྐབས་འདིའི་ཚོགས་ཡུན་ནང་ཨར་སྐྲུན་དང་ཆ་འཕྲིན་ལག་རྩལ། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་ཁག900ལས་བརྒལ་ཡོད་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཟླ9ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཨ་རིས་སི་ཕེན་གྱི་མ་ཏེ་རིར་གྲོས་མོལ་བྱེད་མགོ་བརྩམས། 

  • ཟླ9ཚེས12ནས་ཚེས13ཉིན་བར། ལྷོ་རྒྱུད་དམག་འཐབ་ཁུལ་གྱི་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་འཆར་ཅན་གྱི་སྐོར་ཞིབ་བྱས་ནས། ཧྥི་ལི་ཕིན་ཕྱོགས་ཀྱིས་ལྷོ་རྒྱ་མཚོར་རྩོད་གཞི་སློང་བ་དང་ཛ་དྲག་གི་དུས་བབ་ཆེ་རུ་གཏོང་རྒྱུ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད། 

  • ཨོ་སི་ཁྲུ་ལི་ཡས་ཨོ་སྒོར་དུང་ཕྱུར250བཏང་ནས་ཉིང་རྡུལ་ཆུ་འཛུལ་དམག་གྲུའི་གྲུ་འཇོག་ས་བསྐྲུན་རྩིས་ཡོད་པ་རེད། 

    སྤྱི་ཚོགས།

  • གཟའ་འཁོར་འདིའི་ནང་སྟོབས་ཤུགས་ཆེ་བ་དང་ཤུགས་རྐྱེན་ཐེབས་རྒྱ་ཆེ་བའི་མཁའ་རླུང་གྲང་མོ་ཞིག་གིས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། བྱང་ཕྱོགས་ཀྱི་ས་ཆ་མང་པོའི་དྲོད་ཚད་ད་ལོའི་སྟོན་ཚུགས་ཚུན་གྱི་ཆེས་དམའ་ཤོས་སུ་སླེབས་རྒྱུ་ཡིན་ལ། ལྷོ་ཕྱོགས་ཀྱི་དྲོད་ཚད་ཀྱང་ཇེ་དམའ་རུ་འགྱུར་རྒྱུ་རེད། 

  • དྲ་ཐོག་གནས་སྐོར་སྔོན་མངགས་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། རྒྱལ་སྟོན་གུང་གསེང་སླེབས་ཉེར་ཡོད་པ་དང་། རྒྱལ་ནང་གི་གནམ་གྲུའི་སྤ་སེ་འཚོལ་ཞིབ་བྱེད་ཚད་བཅུ་ཆའི་གསུམ་ལས་བརྒལ་ཡོད་པ་རེད། 

  • གློག་བརྙན《731》ཞེས་པ་ཨ་རི་དང་ཁ་ན་ཏ། ལྷོ་ཁོ་རེ་ཡ་སོགས་གོ་ལ་ཧྲིལ་པོའི་ས་ཆ་མང་པོར་སྟོན་རྒྱུ་རེད། 

  • ཧྥུའུ་ཐེ(ཀྲུང་གོ)དང་། ཧྥུའུ་ཅན་པིན་ཁྲི། ཏ་ཀྲུང(ཀྲུང་གོ)ཆི་རུའེ་ཅེ་པོ་ལུའུ་ཧུའུ། ཞའོ་ཕུང་སོགས་སྤྱི་གཉེར་གྱིས་ཉིན་འགའི་སྔོན་དུ་ཚུར་བསྡུའི་འཆར་གཞི་ཁྱབ་བསྒྲགས་བྱས་ནས། ཁྱོན་རླངས་འཁོར157785ཚུར་བསྡུ་བྱ་རྒྱུ་རེད། 

  • 2025ལོར་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་གཞན་སྣང་ཡིག་རྒྱུགས་གཟའ་འཁོར་གོང་མའི་གཟའ་མཇུག་ཏུ་བླངས་པ་དང་། རྒྱལ་ཡོངས་སུ་ཁྱོན་མི་ཁྲི93ལྷག་གིས་མིང་ཐོ་བཀོད་ཅིང་། རྒྱུགས་འབྲས་གཟའ་པ་སངས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད། 

  • རྒྱལ་ནང་གི་རྐྱང་པའི་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་སྐམ་ས་ཆེ་མོའི་རླུང་གློག་རྣམ་གྲངས་ནང་སོག་གི་པ་ཡན་ཀྲུར་ཚོང་ལས་འཁོར་སྐྱོད་བྱེད་མགོ་བརྩམས་པ་དང་། སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་ཏུའུ་དུང་ཕྱུར54.4ཡིན་རྒྱུ་རེད། 

1ba2584972e4f5ffbccda267aca498a6.jpg

  • རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་ནས་བསྐྲུན་པའི་མཚོ་ཐོག་གི་འཕྱོ་གཡེང་རྣམ་པའི་རང་བྱུང་སོལ་རླངས་ཀྱི་སྒྲིག་ཆས་ཆེས་ཆེ་ཤོས་ཅང་སུའུ་ནན་ཐུང་རྒྱ་མཚོར་བསྐྱོད་ནས་རྩིས་སྤྲོད་བྱས་པ་དང་། ཨ་ཧྥེ་རི་ཁའི་ཁོང་ཀོ(པུའུ)མཚོ་ཁོངས་སུ་གཉེར་སྐྱོང་བྱེད་མགོ་འཛུགས་རྒྱུ་རེད། 

a804cdef5b008fdc175a7ba0d24fb402.jpg

  • ཚེས14ཉིན། མདའ་འཕེན་འཛམ་གླིང་བུམ་པའི་འགྲན་བསྡུར་ཉིང་པོ་ས་ཚིགས་ཀྱི་བུད་མེད་ཀྱི་སྨི10ཡི་རླུང་རིང་མདའི་རྟིང་རྩོད་ནང་ཀྲུང་གོའི་ལོ16ལ་སླེབས་པའི་དམག་མི་ཆུང་ཆུང་ཕེང་ཤིན་ལུའུ་ཡིས255.3སྐོར་གྱི་འཛམ་གླིང་ཟིན་ཐོ་དང་འཛམ་གླིང་གཞོན་ནུའི་ཟིན་ཐོ་ལས་བརྒལ་བ་རེད། 

8fc981c5db01bd9f2a8dd5743d75d54e.jpg

  • ཚན་ཞིབ་མི་སྣས་བོད་ལྗོངས་མཛོ་སྒང་ནས་ས་བབ་མཐོ་བའི་ས་ཁུལ་དུ་རི་སྐྱེས་རྒུན་འབྲུམ་སྡོང་བོ་ཆེས་རིང་ཤོས་ཤེས་རྟོགས་བྱུང་བ་དང་། ཤིང་སྡོང་གི་མཐོ་ཚད་ལ་སྨི8དང་། ས་བསྐོར་ལི་སྨི209ཡོད་ལ། ཤིང་གི་ལོ་ཚད་ལོ416ཡིན་པ་རེད། 

3ed8312f5eca06f71db2668bb8b1e6f5.jpg

  • ཚེས14ཉིན། ཧའེ་ནན་ཝན་ཉིང་དུ་བསྐྱབས་པའི་མཚོ་ཕག“ཝན་ཝན”ནི་རྒྱ་མཚོའི་ཐོག་བདེ་བླག་ངང་ཕྱིར་ལོག་ཅིང་། “ཝན་ཝན”ནི་རྟེན་ཕོ་ཡི་མཚོ་ཕག་ཡིན་པ་དང་། ད་ལོའི་ཟླ6པར་ཝན་ཉིང་ཉེ་འགྲམ་གྱི་མཚོ་ཁོངས་སུ་བསམ་ཡུལ་ལས་འདས་པའི་སྒོ་ནས་ལུས་པ་རེད། 

    སྲིད་ཇུས།

  • ཐེན་ཅིན་གྱིས་གྲོང་ཁྱེར་དེ་གའི་ཁང་པའི་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་ཨར་སྐྲུན་འཕྲུལ་མི་དང་རིག་ནུས་སྒྲིག་ཆས་འདེམས་རྒྱུར་སྐུལ་ལྕག་བྱས་ཤིང་། དཔེར་ན། ལྕགས་རྩིབས་བསྡམས་པའི་འཕྲུལ་མི་དང་། 3Dཔར་འདེབས་སྒྲིག་ཆས། ཐོག་ཁང་བཟོ་བའི་འཕྲུལ་འཁོར་ཡང་གྲས་སོགས་ཡོད། 

  • ཀྲེ་ཅང་གིས་ས་གནས་ཁག་གིས་འགྲེམས་ཚོགས་རྣམ་གྲངས་ལ་བརྟེན་ནས“སྤ་སེའི་དཔལ་འབྱོར”འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བཏང་ནས། བཟའ་བཏུང་དང་དངོས་ཟོག་ཉོ་སྒྲུབ། རིག་གནས་གནས་སྐོར། འཁྲབ་སྟོན་སོགས་ཁྱད་ལྡན་ཞབས་ཞུའི་གཟིགས་སྐྱོང་བྱ་ཐབས་བཏོན་ཡོད། 

  • སི་ཁྲོན་གྱིས་བསམ་འཆར་བསྡུ་ལེན་བྱས་ནས་དམངས་བཙུགས་མཐོ་སློབ་ཀྱི་རིན་གོང་དོ་དམ་ཚད་ལྡན་དུ་བཏང་ནས། གལ་སྲིད་སློབ་གྲྭའི་གྲོན་བསྡུའི་ཚད་གཞི་ལེགས་སྒྲིག་བྱས་ཚེ་སློབ་གྲྭར་ཡོད་པའི་སྐབས་གོང་མའི་སློབ་མར་དམའ་བའི་རྩ་དོན་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས། 

    དེ་རིང་གི་གནམ་གཤིས།

073e9088210ff6d5abaa5e22edb6fe33.jpg

  • ནང་སོག་གི་དབུས་རྒྱུད་དང་བོད་ལྗོངས་ཀྱི་ལྷོ་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྭ་བྱང་བྱང་རྒྱུད། ཧོང་ཧོའེ་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད། ཁྲུང་ཆིང་ཤར་ལྷོའི་རྒྱུད། ཀུའེ་ཀྲོའུ་བྱང་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཡུན་ནན་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཀན་སུའུ་ལྷོ་རྒྱུད་དང་ཧོ་ནན་ལྷོ་རྒྱུད། ཨན་ཧུའེ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།