དེ་རིང་ནི2025ལོའི་ཟླ09པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-16 08:41:49   |   34

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ9ཚེས16ཉིན་པར་སྐྲུན་བྱ་བའི《བདེན་འཚོལ》དུས་དེབ་ཐེངས18པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གཏིང་ཟབ་ཏུ་སྐུལ་སྤེལ་གཏོང་བ》ཞེས་པ་སྤེལ་རྒྱུ་རེད། 

  • རྒྱལ་ཁབ་བསྡོམས་རྩིས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ8པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས5.2%འཕར་བ་དང་། ཟླ་གོང་མ་ལས0.37%འཕར་ཡོད། 

  • བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ1པོ་ནས8པའི་བར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་དམངས་ཁྲོད་མ་འཇོག་དུས་མཚུངས་ལས4.2%འཕར་ཡོད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར2.19སྐྱེལ་འདྲེན་བྱ་རྒྱུ་རེད། 

  • 2025ལོར་ཀྲུང་གོའི་ཁེ་ལས་སྟོབས་ཆེན500ཁྱབ་བསྒྲགས་བྱས་པར་ཁེ་ལས15ཡི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཡོད་པ་རེད། 

f445d8ce948f1ce3e1e36429e388185a.jpg

  • ཚེས15ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཐེན་ལུང་གསུམ་པའི་གཤེར་གཟུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་གྲས་ཧྲན་ཏུང་ཧའེ་དབྱང་ཤར་ཕྱོགས་འཇིག་རྟེན་འཕུར་སྐྱོད་གྲུ་ཁའི་མཚོ་ཐོག་ལས་སྟེགས་སུ་རིམ་པ་དང་པོའི་སྒུལ་ཤུགས་མ་ལག་ཚོད་ལྟ་བྱས། 

  • ད་ལོའི་ཟླ1པོ་ནས8པའི་བར་ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་ཐེངས་གྲངས9626བཏང་ནས། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཚད་ལྡན་སྒམཁྲི་75.1ཡོད་པ་དེ་སོ་སོར་དུས་མཚུངས་ལས22.7%དང31.1%འཕར་ཡོད་པ་རེད། 

  • ཉེ་ཆར་བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། དབྱིན་ཝུའེ་ཏ་སྤྱི་གཉེར་སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལ་འགལ་བ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཁྲིམས་ལྟར་བརྟག་དཔྱད་སྔར་བས་ལྷག་པ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 

  • ཨ་རིས་རྒྱལ་ཁབ་མང་པོ་ལ་ཀྲུང་གོར་སྒོ་ཁྲལ་སྤོར་དགོས་པའི་རེ་བ་བཏོན་པར་ངེད་ཕྱི་འབྲེལ་པུས་གལ་ཏེ་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་ཚེ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ཡིན་ཞེས་བཤད། 

    སྤྱི་ཚོགས།

470c733160ecff3494e312905c32df06.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་ཚེས15ཉིན་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས15ཉིན་གྱི་ཆུ་ཚོད20ནས་ཟླ9ཚེས16ཉིན་གྱི་ཆུ་ཚོད20བར། སི་ཁྲོན་དབུས་རྒྱུད་དང་ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཀན་སུའུ་ལྷོ་རྒྱུད་ཀྱི་ས་ཁུལ་ཁ་ཤས་བཅས་སུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད་པ་རེད། 

  • རྒྱལ་ཁབ་སྨན་སྐྱོབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་ཁྲག་རྩའི་ཐེ་ཇུས་སྒྲོམ་གཞི་དང་མི་ཐབས་ཀྱི་དབང་པོ། ནང་འཇུག་རྣམ་པའི་སྙིང་ཚིགས་དོ་དམ་ཡོ་བྱད་སོགས་སྨན་སྐྱོབ་སྨན་སྤྱོད་ཡོ་ཆས་རིགས་བདུན་རིགས་དབྱེ་ལེགས་སུ་གཏོང་བའི་ལས་དོན་ལེགས་གྲུབ་ཟིན་ཡོད་པ་རེད། 

  • ཉེ་དུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་བཟོ་འཕྲིན་པུ། ཚོང་དོན་པུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཁག་བཞིས་ཟླ་མཆོད་བག་ལེབ་ཀྱི་རིན་གོང་ཚད་བརྒལ་བྱ་རྒྱུ་བཀག་འགོག་བྱེད་པའི་ལས་དོན་ཆེད་མངགས་ཞིབ་འཇུག་བྱས་ནས་ཡག་པོ་བསྒྲུབས་ཡོད། 

  • དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་སྤྱི་བདེ་པུས་དངུལ་རྩའི་ཁྱབ་ཁོངས་ཀྱི“ཐལ་ནག་ཐོན་སྐྱེད”ཀྱི་ཁྲིམས་འགལ་ཉེས་གསོག་གི་དཔེ་མཚོན་གྱོད་གཞི་ཁག་དང་པོ་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་ཡོད། 

  • WTT1000+ཨང་དང་པོའི་མིང་ཐོ་ཉིན་ཤས་གོང་གསར་སྒྱུར་བྱེད་སྐབས། སུན་དབྱིང་ཧྲ་དང་ཝང་ཁྲུའུ་ཆིན་གྱིས་སོ་སོར་བུད་མེད་རྐྱང་བ་དང་སྐྱེས་པ་རྐྱང་བའི་ཨང་དང་པོ་བཟུང་ཡོད།

a2ab8659c313d98547225e3e4d390556.jpg

  • ཚེས14ཉིན་ཀྲུང་གོའི་བུད་མེད་དབྱུག་འཁྱོག་སྤོ་ལོའི་རུ་ཁག་གིས2025ལོར་བུད་མེད་ཀྱི་དབྱུག་འཁྱོག་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་རྟིང་རྩོད་འགྲན་བསྡུར་ནང4:1གི་ཐོག་ནས་རྒྱ་གར་གྱི་རུ་ཁག་ལས་རྣམ་པར་རྒྱལ་ཏེ། ལོ16སོང་རྗེས་ཨེ་ཤེ་ཡ་བུམ་པའི་ཨང་དང་པོ་སླར་ཡང་བླངས་པ་རེད།

b04b1a095f37053f0baa6a08da83b2b3.jpg

  •  ཚེས15ཉིན་རྒྱལ་ཁབ་རིག་དངོས་ཅུས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་དཀར་ཐང་གི་ཆིན་གྱི་རྡོ་བརྐོས་ནི་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཡིན་པ་གཏན་འཁེལ་བྱས་པ་རེད། 

  • ཟླ9ཚེས14ཉིན་བར། པེ་ཅིང་འགག་སྒོའི་ད་ལོའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི1500ལས་བརྒལ་བ་དེ་དུས་མཚུངས་ལས18%འཕར་ཡོད་པ་རེད།

640.gif

  • ཧྲན་ཏུང་ཆིང་ཏའོ་ཡི་ཟོག་འདྲེན་རླངས་འཁོར་ཞིག་མྱུར་བགྲོད་གཞུང་ལམ་གྱི་གཞོགས་སུ་མགོ་རྟིང་ལོག་པ་ན། ལམ་བར་དུ་འགྲོ་བཞིན་པའི་ཝང་ཅུས་ཐའོ་ཡིས་རླངས་འཁོར་བསྡད་དེ་ཐེངས་དང་པོར་རོགས་སྐྱོབ་བྱས་པ་དང་། དེ་རྗེས་ཡུལ་དངོས་ཀྱི་མི་མང་པོའི་རོགས་རམ་འོག་ཁ་ལོ་བ་བདེ་བླག་ངང་བསྐྱབས་པ་རེད། 

    སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཏེ། གཤེར་གཟུགས་བཟའ་བཅའ་གཙོ་བོའི་འགྲོ་ལམ་སིལ་མར་སྐྱེལ་འདྲེན་བྱེད་པར་ཆོག་འཐུས་དང་བརྒྱུད་རིམ་ཧྲིལ་པོར་མཉམ་དུ་ཐོ་འགོད་དོ་དམ་བྱས་ནས། སྐྱེལ་འདྲེན་གྱི་སྦགས་བཙོག་ཉེན་ཁ་སྔོན་འགོག་བྱ་རྩིས་ཡོད་པ་རེད། 

  • ཀྲེ་ཅང་གིས་རིག་གནས་གནས་སྐོར་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་བཏོན་ནས། “འབྲུ་རིགས་དཔལ་འབྱོར”འཕེལ་རྒྱས་ཧུར་ཐག་བཏང་ནས་རྒྱལ་ཁབ་ཀྱི་ཚོང་ཟོག“རླབས་རྫས”སོགས་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱ་རྒྱུ་ཁ་གསལ་བཏོན་ཡོད། 

  • ཡུན་ནན་གྱིས་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་ཤུགས་ཆེ་རུ་བཏང་ནས། ཁེ་ལས་གཅིག་པས་རིགས་མི་འདྲ་བའི་ཁ་གསབ་དུས་གཅིག་ཏུ་རེ་ཞུ་བྱེད་ཆོག་པ་དང་། ཁེ་ལས་རྐྱང་པའི་ལོ་འཁོར་གྱི་ཁ་གསབ་དངུལ་གྲངས་ཆེས་མཐོ་ཤོས་སྒོར་ཁྲི200ལས་བརྒལ་མི་ཆོག་པ་བྱས།

    དེ་རིང་གི་གནམ་གཤིས།

79a9ee35289663de564e22b68ed08042.jpg

  • སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ཀན་སུའུ་ལྷོ་རྒྱུད། ཧོ་ནན་དབུས་ཤར་རྒྱུད་དང་། ཧྲན་ཏུང་ཤར་ལྷོའི་རྒྱུད། ཅང་སུའུ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།