དེ་རིང་ནི2025ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-17 09:04:53   |   94

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

73811b7c5969c5bf4fdfa03dcbc1999b.jpg

  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། མིག་སྔར་མི་རེའི་ཆ་སྙོམས་འབྲུ་རིགས་བཟུང་ཚད་སྤྱི་རྒྱ500ཡིན་ལ། འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་དང་བཟའ་འབྲུ་རྦད་དེ་བདེ་འཇགས་ཡོང་བ་བྱས་ཡོད། 

  • ཚོང་དོན་པུ་སོགས་སྡེ་ཁག9ཡིས་བྱེད་ཐབས19བཏོན་ནས་ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་བའི་ནང་། སློབ་གྲྭ་འབྲིང་ཆུང་གི་དཔྱིད་སྟོན་གུང་གསེང་དང་འཛད་སྤྱོད་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་འཚོལ་ཞིབ་སོགས་ཚུད་ཡོད་པ་རེད། 

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ན་སོ་དར་ལ་མ་བབས་པའི་མིའི་གྲངས་འབོར་ཧ་ཅང་ཆེ་བའི་དྲ་རྒྱའི་ལས་སྟེགས་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱི་གཏན་འཁེལ་ཚད་གཞི་ཞིབ་ཕྲ་བཟོས་ནས། སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་རྩིས་ཡོད་པ་རེད། 

72105e5d2010cad467706f146bc2a5ee.jpg

  • ཚེས16ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་བ་དང་རྒྱང་སྐྱོད་ཨང་དང་པོSཡི་སྟེང་ངོས་རིམ་པ་སྤྱད་དེ། སྲུང་སྐར་དྲ་སྦྲེལ་ལག་རྩལ་ཚོད་ལྟའི་སྲུང་སྐར་འཕེན་གཏོང་ལེགས་འགྲུབ་བྱས་པ་རེད། 

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་རིམ་རྩིས་བྱས་ན་དྲི་ངན་དབྱང་རླུང་བང་རིམ་ཟད་གྲོན་བྱེད་པའི་དངོས་པོ་ཏུན་ཁྲི62.8མེད་པ་བཟོས་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོར་ཚད་ཀྱི་ཕྱེད་ཀ་ཡན་བཟུང་ཡོད་པ་རེད། 

  • ཚེས16ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་ཧོང་ཡན་གླིང་ཕྲན་གྱི་མཚོ་ཁོངས་སུ་གནས་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་ཧྥི་ལི་ཕིན་གྱི་གཞུང་དོན་གྲུ་གཟིངས་མང་པོར་དོ་དམ་བྱེད་ཐབས་སྤྱད། 

  • མཚོ་དམག་གི་དངོས་ཞབས་དམག་འཐབ་གཙོ་བོའི་དམག་གྲུ་གཉིས་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་ཆིང་ཏའོ་རུ་སྤྱི་དམངས་ལ་སྒོ་འབྱེད་རྒྱུ་རེད། 

  • ཕྱི་འབྲེལ་པུས་ཨ་རི་ཕྱོགས་དང་འཇར་ཕན་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་ཀྱི་འབོད་སྒྲར་ལྟ་སྟངས་ཡང་དག་འཛིན་པ་དང་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ནས། “ཐི་ཧྥུང”འབྲིང་འདྲེན་མ་ལག་གང་མགྱོགས་མེད་པ་བཟོ་རྒྱུའི་སྐུལ་མ་བཏང་བ་རེད། 

  • འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི2025ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོ་ཐེངས་དང་པོར་མདུན་གྱི་ཨང་རིམ་བཅུ་ནང་སླེབས་ཡོད། 

  • ཚེས16ཉིན། མཉམ་འབྲེལ་རྒྱལ་ཚོགས་བརྟག་དཔྱད་ཨུ་ལྷན་གྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་རིགས་རྒྱུད་རྩ་མེད་དུ་གཏོང་བའི་ནག་ཉེས་བསགས་པ་གཏན་འཁེལ་བྱས་པ་རེད། 

    སྤྱི་ཚོགས། 

  • ཚེས16ནས18ཉིན་བར་། ཧྭ་ཞི་དང་ཧོང་ཧོའེ་སོགས་ས་ཆར་དྲག་ཆར་འབབ་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཧྲན་ཏུང་དང་སི་ཁྲོན་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱས་པ་རེད། 

3d7c9e7424f5d7e3422a0460ccf66579.jpg

  • པེ་ཅིང་ཁྲང་ཨན་ཁྲོམ་གཞུང་གི་བརྗོད་དོན་གཙོ་བོའི་མེ་ཏོག་སྟེགས་བུ་་རྒྱལ་སྟོན་བསུ་བ་ཞེས་པར་བརྗེས་ནས། ཞི་བདེའི་ཕུག་རོན་དེ་ཐོག་མར“མེས་རྒྱལ་ལ་སྨོན་འདུན་ཞུ་བའི”མེ་ཏོག་སླེ་བོར“འཕུར”རྒྱུ་རེད། 

968c1c101873c648b45e3c73d02cb99a.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས19ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བའི་གསེར་དངུལ་གྱི་དངུལ་ལོར་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། 

  • ཚེས16ཉིན། ད་ལོའི་དུས་ཡུན་ཟླ་བ་བཞི་དང་ཕྱེད་ཀའི་ཉ་འཛིན་མཚམས་འཇོག་པའི་དུས་ཚོད་མཇུག་སྒྲིལ་ནས་ཤར་རྒྱ་མཚོར་ཕྱོགས་ཡོངས་ནས་ཉ་འཛིན་མགོ་བརྩམས་ཡོད། 

  • ཧོ་པེ་ལང་ཧྥང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུང་དབྱང་དྲིལ་སྒྲོག་པུའི་དེ་སྔའི་པུ་ཀྲང་གཞོན་པ་ཀྲང་ཅན་ཁྲུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཀྲང་ཅན་ཁྲུན་ལ་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

  • ཚེས16ཉིན་བོད་ལྗོངས་དང་ཀོང་ཏུང་གི་ཐད་རྒྱུག་གློག་གཏོང་ལས་གྲྭ་སྐྲུན་མགོ་བརྩམས་པ་དང་། 2029ལོར་ཁྱོན་ཡོངས་ནས་གློག་གཏོང་མགོ་བརྩམས་རྗེས། ལོ་རེར་ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་དུ་སྟོང་ཝ་ཆུ་ཚོད་དུང་ཕྱུར430ལྷག་ཙམ་གྱི་གློག་ནུས་གཏོང་ཐུབ་པ་དང་ནུས་རྒྱུ་གཙང་མ100%ཡིན། 

  • ཚེས15ཉིན་བར་ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་ཚུན་འགྲུལ་པ་མི་ཐེངས་ཁྲི9000ལས་བརྒལ་བ་དང་། རླངས་འཁོར་ཐེངས་གྲངས་ཁྲི1868ལས་བརྒལ་ཡོད་པ་རེད། 

  • འཛམ་གླིང་ཤུལ་བཞག་ཁུལ་གྱི་ཕུའུ་ཨེར་ཅིང་མའེ་རི་བོར་ཟླ10ཚེས1ཉིན་ནས་བཟུང་། རིན་མེད་ངང་ནང་དུ་བསྐྱོད་རྒྱུའི་སྔོན་མངགས་ཚོད་ལྟ་བྱས་པ་རེད། 

640.gif

  • ཡུན་ནན་གྱི་ཝེ་ཞིན་གྱི་རྒན་པ་ཞིག་སེམས་ཆུང་མ་བྱས་པར་གཏིང་ཚད་སྨི15ཡོད་པའི་བྲག་ཕུག་ཏུ་ལྷུང་བ་དང་། ཉེན་རྟོག་པར་ཞུགས་ནས་ཉིན20སོང་མ་ཐག་པའི་མི་དམངས་ཉེན་རྟོག་པ་ཀྲང་ཅེ་ས་འོག་ཏུ་འཛུལ་ནས་མི་བསྐྱབ་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ས་ངོས་མི་སྣར་བཀོད་འདོམས་བྱས་ཏེ་རྒན་པ་དེ་བསྐྱབས། 

    སྲིད་ཇུས།

  • 《གནས་སྐོར་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་བརྡ་ཐོ》ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ནས། གནས་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁྲིམས་ལྟར་དོན་འཁྱོལ་བྱ་རྒྱུ་སོགས་ལ་དམིགས་ནས་ཞིབ་ཕྲའི་བྱེད་ཐབས་ཁག16བཏོན་ཡོད། 

  • ཟླ10ཚེས1ཉིན་ནས་བཟུང་། ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཕྱི་རྒྱལ་གྱི་གནས་སྐོར་བས་དངོས་ཟོག་ཉོ་སྒྲུབ་བྱས་ནས་མངའ་ཁོངས་ནས་བྲལ་ཚེ་དཔྱ་ཁྲལ་ཕྱིར་སློག་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། 

  • ཀྲེ་ཅང་གིས་བྱེད་ཐབས་འགའ་ཞིག་བཏོན་ནས་བདེ་ཐང་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། རང་གྲོན་རང་གཏོང་གི་རིམས་འགོག་སྨན་ཁབ་ཀྱི་འགྲོ་གྲོན་དེ་ལས་བཟོའི་གཞི་རྩའི་སྨན་སྐྱོབ་མི་སྒེར་གྱི་རྩིས་ཁྲའི་ལོ་རིམ་བྱུང་གི་མ་དངུལ་ལྷག་མ་སྤྲོད་ཆོག་པ་ཁ་གསལ་བཟོས་ཡོད། 

    དེ་རིང་གི་གནམ་གཤིས།

40bd50ea7e88988e7b5d1edea2556741.jpg

  • སི་ཁྲོན་གཤོང་སའི་དབུས་ཤར་རྒྱུད་དང་ལྷོ་རྒྱུད་དང་། ཀན་སུའུ་དབུས་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཧུའུ་པེའི་བྱང་རྒྱུད། ཧོ་ནན་ལྷོ་རྒྱུད། ཧྲན་ཏུང་དབུས་ལྷོ་རྒྱུད། སུའུ་ཝན་བྱང་རྒྱུད། ཀོང་ཞི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། དེའི་ནང་ཧྲན་ཏུང་ཕྱེད་གླིང་གི་ལྷོ་རྒྱུད་དང་ཅང་སུའུ་བྱང་རྒྱུད། སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།