དེ་རིང་ནི2025ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-19 08:58:05   |   129

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

a9ca79038a78c572e45132fd3dbf0c3e.jpg

  • ད་ལོ་ནི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ལངས་ནས་ལོ94འཁོར་བའི་ལོ་ཡིན། ཟླ9ཚེས18ཉིན་གྱི་སྔ་དྲོར། དགུ་པའི་བཅོ་བརྒྱད་ཀྱི་ཅོང་རྡུང་ཟོན་བརྡ་གཏོང་བའི་མཛད་སྒོ་ལེའོ་ཉིང་ཧྲེན་དབྱང་དུ་འཚོགས། 

  • ཟླ8པར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས8.1%འཕར་བ་དང་། ཐོན་རྫས་གཙོ་བོའི་ཐོན་སྐྱེད་དང་ཕྱིར་འཚོང་གཉིས་ཀ་དར་ནས་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། 

  • གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོར་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི3.6ལས་བརྒལ་བ་དེ2020ལོ་ལས48%འཕར་བ་དང་། ཞིབ་འཇུག་གསར་སྤེལ་མི་སྣའི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོ་ཡིན། 

  • ཟླ1ནས8པའི་བར། སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1399.2ཡིན་པ་དེ་དུས་མཚུངས་ལས15.5%འཕར་ཡོད། 

  • ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུ་ཚད་བཅུ་ཆ་གཅིག་ལས་བརྒལ་ཡོད་པ་རེད། 

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ8པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་བསྡོམས་འབོར་ཁྲི1734.8ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས53.5%འཕར་ཡོད། 

  • ད་ལོའི་ཟླ8པའི་ཟླ་མཇུག་བར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས“ལྔ་བཅུ་བཞི”ཚུན་རིམ་རྩིས་བྱས་ན་རྨང་གཞིའི་སྒྲིག་བཀོད་ཀྱི་དུས་ཡུན་འབྲིང་རིང་གི་དངུལ་བུན་སྒོར་དུང་ཕྱུར་ཁྲི6ལྷག་ཙམ་བཏང་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། 

  • ཟླ1པོ་ནས8པའི་བར། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར4.6ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས14.9%འཕར་ཡོད། 

  • ཚེས18ཉིན་ཚོང་དོན་པུསTikTokགནད་དོན་སྐོར་ལ་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད་པ་དང་། ཚན་རྩལ་དང་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་ལག་ཆ་ཅན། མཚོན་ཆ་ཅན་བཅས་སུ་འགྱུར་བར་ངོ་རྒོལ་བྱེད་པ་ལས་རྩ་དོན་གྱི་ལངས་ཕྱོགས་དང་ཁེ་ལས་ཀྱི་ཁེ་ཕན། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་བཅས་བློས་གཏོང་བ་རིན་དོད་དུ་བྱས་ནས་གྲོས་མཐུན་གང་རུང་ཞིག་འཇོག་ཐབས་གཏན་ནས་བྱེད་མི་སྲིད་ཅེས་བཤད། 

  • ས་གནས་དེ་གའི་དུས་ཚོད་ཚེས17ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་རྒྱལ་ཕྲན་མཉམ་འབྲེལ་ཐེབས་རྩའི་སྐྱེད་ཀའི་དམིགས་ཚད་བར་མཚམས་དེ4.00%-4.25%བར་གཞི་གནས25དམའ་རུ་གཏོང་རྒྱུ་གཏན་འབེབས་བྱས། 

    སྤྱི་ཚོགས།

440cfe27ee44ccca93ec6348ce984869.jpg

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང17པ“སྨི་ན”དེ་རིང་ཕྱི་དྲོ་ནས་དགོང་མོའི་བར། ཀོང་ཏུང་ཧུའེ་ལའེ་ནས་ཐའེ་ཧྲན་རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་འབུད་རྒྱུ་ཡིན་པ་དང་། སྐམ་སར་བུད་རྗེས་ནུབ་ཕྱོགས་སུ་སྤོ་རྒྱུ་ཡིན་པས། དྲག་ཚད་རིམ་བཞིན་ཆུང་དུ་འགྲོ་རྒྱུ་རེད། 

  • མིག་སྔའི་བར་རང་རྒྱལ་གྱིས5Gཡི་སྦྲེལ་ཚུགས་ཁྲི460ཙམ་བསྐྲུན་ཡོད་པ་རེད། 

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཕྱི་རྒྱལ་གྱི་མགོ་སྐོར་གཡོ་ལེན་གྱི་ཉེས་གསོག་དོགས་ཅན་ཁྲི6.8བདེ་བླག་ངང་ཁྲིམས་ལ་སྦྱར་ཡོད། 

  • དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་དཔེ་མཚོན་གྱོད་དཔེ10ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ནང་། AIསྤྱད་དེ་དྲ་རྒྱའི་དཀྲོག་གཏམ་བཟོ་བ་དང་དྲ་ཐོག་གཏུམ་སྤྱོད་ཞིབ་དཔྱོད་དཔོན་སོགས་དང་འབྲེལ་བ་ཡོད་པ་རེད། 

  • ཚེས17ཉིན་ཀྲེན་ཀྲོའུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཞེ་ཁྲེང་གནས་སྐོར་དྲ་བའི་གཉེར་སྐྱོང་བྱེད་པོར་ཁྲིམས་ལྟར་སྲིད་འཛིན་སྐོང་འདྲི་བྱས། 

  • བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་གསར་འཛུགས་པ་དང་མགོ་ཁྲིད་པ་གཙོ་བོའི་གྲས་ཀྱི་དམག་དཔོན་ཀྲའོ་ཧྲང་ཀྲི་སྐུ་གཤེགས་པའི་དུས་ཚོད1942ལོའི་ཟླ2པའི་ཚེས12ཉིན་གྱི་ཆུ་ཚོད7པའི་སྟེང་ཡིན་པ་གཏན་འཁེལ་བྱས།

  • ཚེས18ཉིན། ཧེ་ལུང་ཅང་ཞིང་ཆེན་ཡིག་ཚགས་ཁང་གིས་ཁྲིམས་ལྟར་སྤྱི་ཚོགས་ཐོག“ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གིས་ཀྲུང་གོའི་ངལ་རྩོལ་བཟོ་པ་བཙན་བསྡུ་དང་བྲན་དུ་བཀོལ་བའི”ཆེད་དོན་ཡིག་ཚགས་ཐོག་མར་ཡོངས་བསྒྲགས་བྱས་ཤིང་། ཁྱོན62ཡོད་པ་རེད། 

  • ཧང་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་བུད་མེད་ཞིག་ཆིང་ཧྥུལ་སྐྱུར་ནང་དུ་སྤོས་པས་དུག་ཕོག་ནས་ཤི་བའི་བརྟག་དཔྱད་གནས་ཚུལ་བརྡ་ཁྱབ་བཏང་བ་སྟེ། གྱོད་འབྲེལ་མི་སྣ་ཚོད་འཛིན་བྱས་ཡོད། 

182f25b7e5082576f46945e8bdd8fa07.jpg

  • ཚེས18ཉིན་རྒྱལ་ཡོངས་ཀྱི“ཐིག་གཤིས་རང་བཞིན་གྱི་ཧྥེ་ཉེར”གྱི་འོད་དྲོད་ཕྱོགས་བསྡུས་ནུས་རྒྱུའི་དཔེ་སྟོན་རྣམ་གྲངས་ཆེས་ཆེ་ཤོས་ཏེ། འགག་གསུམ་ཚོགས་པའི་ཧ་སྨི་ཆན་ཝ་ས་ཡའི “འོད་དྲོད+འོད་ཤུགས”རྣམ་གྲངས་ཀྱི་ཤོང་ཚད་ཡོངས་མངོན་འགྱུར་བྱུང་བ་དང་འབྲེལ་དྲ་སྦྲེལ་གློག་གཏོང་ཐུབ་པ་བྱུང་ཡོད། 

1497a671aaa6dda2f2a36a0f4e780cb2.jpg

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཆིང་ལྡོག་གྱེས་རྡུལ་གྱི་མ་དཔེའི་གློག་རྫས་གསར་པ་གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་བྱས་པ་དང་། འབྲེལ་ཡོད་གྲུབ་འབྲས་དེ་དབང་ཐང་ཡོད་པའི་རིག་གཞུང་དུས་དེབ《རང་བྱུང》ཐོག་སྤེལ་ཡོད། 

    སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནོར་སྲིད་པུས་ཚེས18ཉིན《ཕྲུ་གུ་གསོ་བའི་ཁ་གསབ་ལམ་ལུགས་དོ་དམ་ཚད་གཞིའི(ཚོད་ལྟའི་ལག་བསྟར)》དཔར་འགྲེམ་བྱས་ནས། ཕྲུ་གུ་གསོ་བའི་ཁ་གསབ་རེ་ཞུའི་ཐོབ་ཐང་ཁ་གསལ་བཟོས་པ་དང་། རེ་ཞུའི་རྒྱུ་ཆ་ཁུ་བསྡུ་བྱེད་པ། རེ་ཞུའི་གོ་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ་དྲ་ཐོག་ནས་རེ་འདུན་ཞུ་རྒྱུ་གཙོ་བོར་འཛིན་རྒྱུ་རེད། 

  • 《གནས་སྐོར་རླངས་འཁོར་གྱི་བདེ་འཇགས་མཚོན་རྟགས་དང་ཆ་འཕྲིན་མཚོན་རྟགས》རྒྱལ་ཁབ་ཀྱི་ཚད་གཞི་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ནས། གནས་སྐོར་རླངས་འཁོར་གྱིས་འགག་རྩའི་ས་ཁོངས་སུ་མངོན་གསལ་དོད་པའི་དྲན་སྐུལ་མཚོན་རྟགས་སྦྱར་དགོས་པ་དང་། ཐད་ཀའི་བྱེད་ཐབས་ཐོག་ནས་སྤྱོད་མཁན་ལ་ཉེན་ཁ་ལས་གཡོལ་རོགས་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན་པ་རེད། 

  • པེ་ཅིང་གིས་པེ་ཅིང་དུ་གུན་སྐྱོབ་ནང་ཞུགས་པའི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་གུན་སྐྱོབ་དང་། ལས་ཤོར་གུན་སྐྱོབ། ལས་རྨས་གུན་སྐྱོབ། ལས་བཟོའི་གཞི་རྩའི་སྨན་བཅོས་གུན་སྐྱོབ(ཕྲུ་གུ་སྐྱེ་རྒྱུ་ཚུད་པ)བཅས་ཀྱི་ཟླ་རེའི་གྲོན་དངུལ་གྱི་གཞི་གྲངས་མཐོ་ཤོས་སྒོར35811ཡིན་པ་དང་དམའ་ཤོས་སྒོར7162ཡིན་པ་ཁ་གསལ་བཟོས། 

    དེ་རིང་གི་གནམ་གཤིས།

8355e84559ecf215cb6f551c51ef51de.jpg

  • བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ལིའོ་ཏུང་ཕྱེད་གླིང་། སི་ཁྲོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཧོ་པེའི་ལྷོ་རྒྱུད། ཧྲན་ཏུང་ལྷོ་རྒྱུད། ཧོ་ནན་གྱི་ས་ཆ་མང་ཆེ་བ། ཨན་ཧུའེ་བྱང་རྒྱུད། ཅང་སུའུ་བྱང་རྒྱུད། ཀྲེ་ཅང་ལྷོ་རྒྱུད། ཧྥུ་ཅན་ལྷོ་རྒྱུད། ཀོང་ཏུང་ཤར་རྒྱུད་སོགས་ས་ཁུལ་དུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། སི་ཁྲོན་གཤོང་སའི་ཤར་བྱང་རྒྱུད་དང་སུའུ་ཝན་བྱང་རྒྱུད། ཧྥུའུ་ཅན་ཤར་ལྷོའི་རྒྱུད། ཀོང་ཏུང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་ཡང་ན་དྲག་ཆར་ཆེན་པོ་ཡོད་ལ།  ཀོང་ཏུང་ཤར་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ་དུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།