དེ་རིང་ནི2025ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-22 09:03:09   |   27

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པར། ཟླ8པར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་སྡོམ་འབོར་དུས་མཚུངས་ལས4.1%དངོས་སུ་འཕར་བ་དང་། ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས0.2ཀྱིས་ཇེ་མགྱོགས་སུ་སོང་ཡོད།

  • ཟླ7པའི་ཟླ་མཇུག་བར། རང་རྒྱལ་གྱིས་དམངས་ཕན་འཚོ་བའི་ཁོར་ཡུག་ཁུལ6255བསྐྲུན་པ་དང་། དེ་རྒན་གསོ་དང་། ཁྱིམ་ལས། བཟའ་བཏུང་། སིལ་ཚོང་སོགས་ཚོང་ལས་དྲ་ཚིགས་ཁྲི་150.3དང་འབྲེལ་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི6236.5ཟིན་ཡོད།

  • ཉེ་དུས་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་དོ་ཁུར་བྱེད་པའི་སྔོན་བཟོའི་སྔོ་ཚལ་གྱི་འབྲེལ་ཡོད་གླེང་གཞིར་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་ལས་ཁང་སོགས་སྡེ་ཚན་གྱིས་སྔོན་བཟོའི་སྔོ་ཚལ་གྱི་རྒྱལ་ཁབ་ཚད་གཞི་བཟོ་བ་དང་བཟའ་བཏུང་ལྷུ་ཚིགས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།

01.jpg

  • ཧྭ་ཤིས་སྟོན་ཆར་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས20ཉིན་གྱི་དགོང་མོར། འགག་གསུམ་ཆུ་མཛོད་ལ2025ལོའི་ཆུ་ལོག་ཆེ་ཤོས་ཀྱི་དུས་སྐབས་ཐོན་པ་དང་མཛོད་འཇུག་བྱེད་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི40000ལས་བརྒལ་ཡོད་པ་རེད།

02.jpg

  • རང་རྒྱལ་གྱི་ཆུ་གཏིང་ཟབ་པའི་སྣུམ་ཞིང་གསར་སྤེལ་ཐེངས་གཉིས་པ་བྱེད་པའི་རྣམ་གྲངས་ཐོག་མ་སྟེ། ལིའུ་ཧྭ11-1/4སྣུམ་ཞིང་གསར་སྤེལ་ཐེངས་གཉིས་པའི་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ལོ་གཅིག་སོང་བ་དང་། རིམ་རྩིས་བྱས་ན་མ་བཅོས་རྡོ་སྣུམ་ཏུན་ཁྲི70ལས་བརྒལ་ནས། ཀྲུང་གོའི་མཚོ་སྣུམ་གྱིས་མཚོ་ཐོག་བྲག་རྡོའི་སྣུམ་ཞིང་གསར་སྤེལ་བྱེད་པའི་འཛམ་གླིང་རིམ་པའི་དཀའ་གནད་སྒྲོལ་ཡོད་པ་མཚོན་ཡོད།

  • ཚེས20ཉིན་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་འགྲུལ་སྐྱེལ་མེ་འཁོར་གཏོང་ཚད་ཁྲི་8ལས་བརྒལ་བ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི5900ལས་བརྒལ་ཡོད་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས21ཉིན། ཨོ་སི་ཁྲུ་ལི་ཡ་དང་། ཁ་ན་ཏ། དབྱིན་ཇི་བཅས་ཀྱིས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

03.jpg

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་18པ“ཧྭ་ཅ་ཧྲ”དེ་ཚེས་21ཉིན་གྱི་སྔ་དྲོར་རླུང་འཚུབ་རིམ་པ་ཧ་ཅང་ཆེ་བར་གྱུར་བ་དང་འབྲེལ་ཚེས་23ཉིན་གྱི་ཐོ་རེངས་སུ་ལྷོ་རྒྱ་མཚོའི་བྱང་ཤར་རྒྱུད་དུ་ཐོན་རྒྱུ་དང་ཚེས་24ཉིན་གྱི་ཐོ་རེངས་ནས་ཕྱི་དྲོའི་བར་ཀོང་ཏུང་ཧྲན་ཝུའུ་ནས་ཧའེ་ནན་ཝུན་ཁྲང་རྒྱུད་ཀྱི་མཚོ་རྒྱུད་དུ་ཐོན་རྒྱུ་རེད།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས21ཉིན་བར། རང་རྒྱལ་གྱི2025ལོའི་ཟླ9པར་གློག་བརྙན་ཁང་གི་སྤ་སེ་བཙོངས་ཚད་སྡོམ་འབོར་དུང་ཕྱུར་20ལས་བརྒལ་བ་རེད།

  • ད་ལོའི་སྔོན་གྱི་ཟླ8པོའི་ནང་། ཧེང་ཆིན་དང་ཀོང་ཏུང་། ཨའོ་མོན་བཅས་ཀྱི་གཏིང་ཟབ་མཉམ་ལས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་306.5ཟིན་ནས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

04.jpg

  • ཚེས21ཉིན། ཀྲུང་གོའི་ཚན་སྡེབ་ཝང་ཧྲི་ཡུས་དང་ལིའུ་ཤིན་ཡུས་ཀྱིས་སྨི་ལན—2025ལོའི་པེ་ཅིང་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྣ་མང་དར་ཤུད་འགྲན་བསྡུར་ཁྲོད་སྤྱིའི་གྲུབ་འབྲས168.83ཡི་ཐོག་ནས་ཨང་བཞི་པར་སླེབས་ནས། ཀྲུང་གོའི་སྣ་མང་དར་ཤུད་རུ་ཁག་ལ་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འཁྱགས་ཤུད་རྣམ་གྲངས་ཀྱི་འགྲན་ཞུགས་ཐོབ་ཐང་རྩོན་ལེན་བྱས་པ་རེད།

  • ཀྲུང་གོའི་ཚན་རིག་མཁས་ཅན་ཁྲེང་ལི་ཅིང་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“ཨ་ལི་ཧྥུའུ་ཙན་བྱ་དགའ”ཐོབ་ནས། ཁོས་རྒྱ་མཚོའི་གནམ་གཤིས་འགྱུར་ལྡོག་ལ་མཁོ་འདོན་བྱས་པའི་ཚན་རིག་གི་དཔང་རྟགས་ལ་གཟེངས་བསྟོད་བྱས་པ་རེད།

  • ད་ལོའི་སྔོན་གྱི་ཟླ8པོར། ཧྲན་ཤིས་ཞིང་ཆེན་གྱི་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་སྤྱིའི་ཐོན་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་98.1ཟིན་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཚེས21ཉིན་གྱི་དགོང་མོར། པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་ཡུས་ཆེ་གེ་མོས་ཆང་འཐུང་རྗེས་སྟབས་མ་ལེགས་པར་ཐོག་ཁང་ཐོག་ནས་མར་ལྷུང་ནས་ཤི་བའི་དོན་རྐྱེན་ལ་བརྡ་ཁྱབ་བཏང་བ་དང་། མི་གསུམ་གྱིས་དཀྲོག་གཏམ་བཟོས་པས་ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད།

05.jpg

  • ས་གནས་དེ་གའི་དུས་ཚོད་ཚེས20ཉིན། སི་ཕེན་གྱི་མ་ཏེ་རི་སྲོག་ཆགས་གླིང་གིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོའི་དོམ་ཁྲའི“ཅིན་ཞི”དང“ཀྲུའུ་ཡུས”ལོ་ལྔའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

06.jpg

  • ཀྲུང་གོས་བཟོས་པའི་དར་དམར་རྟགས22ཀྱི་མཁའ་ཐོག་འཕུར་མདེལ་མཚོན་ཆའི་མ་ལག་དང་དར་དམར་རྟགས—17མཁའ་ཟོན་འཕུར་མདེལ་མ་ལག་ས་གནས་དེ་གའི་དུས་ཚོད་ཚེས20ཉིན་སར་པི་ཡའི་“མཐུན་སྒྲིལ་གྱི་སྟོབས་ཤུགས་”ཞེས་པའི་དམག་གཟིགས་མཛད་སྒོར་ཞུགས་པ་རེད།

སྲིད་ཇུས།

  • ཐེན་ཅིན་གྱིས་ཡིག་ཆ་བཏང་ནས་བཟོ་སྐྲུན་ལས་རིགས་དང་། ཨར་སྐྲུན་ལས་རིགས། དེང་རབས་ཞབས་ཞུའི་ལས་རིགས་བཅས་ཁྲོད་ཀྱི་ཁེ་ལས་འབྲིང་ཆུང་དང་། ཆེས་ཆུང་གྲས་དང་གཙོ་གནད་ཚོགས་སྤྱིའི་དབར་ལོ་གཅིག་དང་དེ་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བའམ་ཡང་ན་མུ་མཐུད་འཇལ་སྤྲོད་བྱས་རིགས་ལ་མི་སྒེར་གྱི་འཇལ་སྤྲོད་གྲོན་དངུལ་གྱི་25%གཞིར་བཟུང་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྤྲོད་རྒྱུ་རེད།

  • སི་ཁྲོན་གྱིས་བྱ་ཐབས་པར་འགྲེམས་བྱས་ནས་ཐོན་ལས་གསར་གཏོད་ལྟེ་གནས་ཀྱིས་གསར་གཏོད་ནུས་པ་འཛུགས་སྐྱོང་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྤྱི་འདོམས་རྒྱབ་སྐྱོར་བྱས་ཏེ་ཞིབ་བཤེར་གཏན་འཁེལ་བྱས་པའི་མ་དངུལ་གཏོང་འབོར་གྱི་30%དང་མཐོ་ཤོས་སྒོར་དུང་ཕྱུར2ཀྱི་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཧའེ་ནན་གྱིས་སྤྱི་བསྒྲགས་སྤེལ་ནས་ཆ་རྐྱེན་འཛོམས་པའི་དངོས་ཟོག་ཕྱི་ནས་ནང་ལོག་ཏུ་ནང་འདྲེན་བྱེད་སྐབས། ཁེ་ལས་ཀྱིས་སྔོན་ལ་ཁག་བགོས་ནས་དངོས་ཟོག་གླིང་ཕྲན་ནས་ཕྱིར་སྐྱོད་པའི་འགྲོ་ལུགས་གཉེར་ཆོག་པ་དང་། དེ་རྗེས་གཏན་འབེབས་ཀྱི་དུས་བཀག་ནང་འགག་སྒོར་གཅིག་སྡུད་ཐོག་འགག་སྒྲོལ་གྱི་འགྲོ་ལུགས་གཉེར་ཆོག

དེ་རིང་གི་གནམ་གཤིས།

07.jpg

  • ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་གི་ལྷོ་རྒྱུད། ཧོང་ཧོའེ་ཡི་ནུབ་རྒྱུད། སི་ཁྲོན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཁྲུང་ཆིང་གི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཀོང་ཞིའི་དབུས་རྒྱུད་དང་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།