དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-23 09:43:39   |   270

སྒྲིག་སྒྱུར། སངས་རྒྱས་སྐྱིད། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བརྒྱད་པ་ཐོན་ལ་ཉེ་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་། “ཞིང་གསུམ”འཐབ་ཕྱོགས་ཐོག་གི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

  • ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གཟིགས་ཞིབ་དང་ལེན་བྱས་པའི་རྒོལ་འཇོམས-15Tདང་། རྒོལ་འཇོམས—35དང་། མཁའ་ཉེན—600རྟགས་ཅན་གྱི་གྲུ་འདེགས་གནམ་གྲུ་བཅས་ཀྱིས་དེ་སྔོན་ཧྥུ་ཅན་དམག་གྲུའི་ཐོག་འཕེན་ཐེངས་དང་པོ་དང་དམག་གྲུའི་སྦྱོང་བརྡར་ལེགས་གྲུབ་བྱུང་།

  • ཀྲུང་དབྱང་དྲིལ་སྒྲོག་པུས་ཉེ་ཆར་ཁྲུང་ཆིང་གི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་ཚོགས་པའི་འཐུས་མིར“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་སྤྲད།

  • ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རང་རྒྱལ་གྱི་དངུལ་ཁང་ལས་རིགས་ཀྱི་སྤྱིའི་མ་རྩ་སྒོར་དུང་ཕྱུར་ཁྲི470ཙམ་ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • ཟླ་བརྒྱད་པར་རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི3.97ཟིན་པ་དེ་དུས་མཚུངས་ལས3.4%འཕར་ཡོད།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག་ཇུས་གཞི་པར་འགྲེམས་བྱས་ནས་འབྱུང་འགྱུར་ལོ་གཉིས་ནང་ངར་ལྕགས་ལས་རིགས་ཀྱི་རིན་ཐང་འཕར་མའི་ལོ་རེའི་ཆ་སྙོམས་འཕར་ཚད་ཀྱི་དམིགས་ཚད་དེ་བརྒྱ་ཆ4%ཙམ་གཏན་འཁེལ་བྱ་རྒྱུ་ཁ་གསལ་བཏོན།

  • “བཅུ་བཞི་ལྔ་”ནས་བཟུང་། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་ཐོག་མཐའ་བར་གསུམ་དུ་ཨ་སྒོར་དུང་ཕྱུར་ཁྲི3ཡན་བརྟན་པོ་བྱུང་བ་དང་། ཉེ་བའི་ལོ་གཉིས་ནང་ཨ་སྒོར་དུང་ཕྱུར་ཁྲི3.2ཡན་ཟིན་ཡོད།

  • ཀྲུང་གོའི་ཕྱི་འབྲེལ་པུས་ཀྲུང་གོ་ཡིTikTokཡི་གནད་དོན་ཐད་ཀྱི་ལངས་ཕྱོགས་གསལ་པོ་ཡིན་པས་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨ་རིར་མ་འཇོག་བྱེད་པར་ཡོང་རྒྱུར་སྒོ་དབྱེ་དང་། དྲང་སྙོམས། མཐོང་ཆུང་མིན་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

  • ས་གནས་དེ་གའི་ཚེས21ཉིན་དབྱིན་ཇི་དང་། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། ཕོར་ཐིའུ་ཀལ་བཅས་ཀྱིས་གསལ་བསྒྲགས་སྤེལ་ནས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

    སྤྱི་ཚོགས།

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང18པ་སྟེ། “ཧྭ་ཅ་ཧྲ”ཞེས་པ་དེ་རྒྱ་མཚོའི་རླུང་འཚུབ་དྲག་པོར་གྱུར་པ་དང་། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ལི་མདོག་གི་ཉེན་བརྡ་མུ་མཐུད་ཁྱབ་བསྒྲགས་བྱས། སྔོན་དཔག་བྱས་ན“ཧྭ་ཅ་ཧྲ”དེ་ཚེས24ཉིན་ཀོང་ཏུང་ཧྲེན་ཀྲེན་ནས་ཞུས་ཝུན་རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་འབུད་རྒྱུ་རེད།

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཚེས22ཉིན་ཀོང་ཏུང་དང་། ཧའེ་ནན། ཧྥུ་ཅན་བཅས་ལ་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་རིམ་པ་བཞིའི་འཕྲལ་སྡོམ་དང་ལེན་བྱེད་མགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ་ལས་དོན་ཚོགས་ཆུང་ཀོང་ཏུང་དུ་མངགས་ནས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱ་རྒྱུའི་གཏན་འབེབས་བྱས།

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང18པ་སྟེ། “ཧྭ་ཅ་ཧྲ”ཡི་ཤུགས་རྐྱེན་དབང་གིས་ཚེས24ཉིན་ཀོང་ཏུང་ཞིང་ཆེན་མངའ་ཁོངས་ཀྱི་མྱུར་བགྲོད་ལྕགས་ལམ་དང་མྱུར་ཚད་སྤྱིར་བཏང་གི་མེ་འཁོར་ཚང་མ་སྐྱེལ་འདྲེན་བྱེད་མཚམས་བཞག

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་གིས་ས་གནས་ཁག་གིས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་བཟའ་བཅའི་བདེ་འཇགས་ལས་དོན་བཀོད་སྒྲིག་བྱེད་དགོས་པ་དང་། ཟླ་མཆོད་བག་ལེབ་དང་སྤྲི་གོར་སོགས་དུས་ཆེན་གྱི་བཟའ་བཅའ་དང་དུས་ཆེན་སྐབས་སུ་འཛད་སྤྱོད་བྱེད་ཚད་ཆེ་བའི་བཟའ་བཅའི་ཐོན་སྐྱེད་དང་ཕྱིར་ཚོང་བརྒྱུད་རིམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་རྨོ་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར10.86ཟིན་ཡོད།

  • ཉིན་ཤས་གོང་པའེ་ཅ་ཉེས་གསོག་ཚོགས་པའི་གྱོད་གཞི་གཙོ་བོའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས།

  • ཧྥ་རན་སེའི་ལུའུ་ཝ་ཞེར་ཞིང་ཆེན་པོ་ཝ་ལེའི་རི་སྐྱེས་སྲོག་ཆགས་གླིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སེར་ལོ13འཚོ་བ་བསྐྱལ་བའི་དོམ་ཁྲ “དགའ་དགའ”དང“ཡོན་ཙེ”ད་ལོའི་ཟླ11པར་ཀྲུང་གོར་ཕྱིར་ལོག་རྒྱུ་རེད།

    སྲིད་ཇུས།

  • ཨན་ཧུའེ་ཡིས2025ལོའི་སྤྱི་ཚོགས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་གཞི་གྲངས་ཀྱི་ཆེས་མཐོ་བའི་ཚད་ཟླ་རེར་སྒོར21556ཡིན་པ་དང་ཆེས་དམའ་བའི་ཚད་ཟླ་རེར་སྒོར4311ཡིན་པ་ཁ་གསལ་བཏོན།

  • ཡུན་ནན་གྱིས་བྱེད་ཐབས་བཏོན་ནས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་སྟེ། རིམ་གསུམ་གཞུང་བཙུགས་སྨན་ཁང་གིས་ཆེད་ལས་ལག་རྩལ་ལས་གནས་སྡོམ་འབོར་གྱི3%ལས་མི་བརྒལ་བའི་ཆེད་བསྐོས་ཚན་ཞིབ་མི་སྣ་གདན་ཞུ་བྱས་ཆོག

  • ཧྲའན་ཞིས་ལས་གནས་བརྟན་གཏོང་གི་ཆེད་དོན་དངུལ་བུན་སྲིད་ཇུས་ལེགས་སྒྱུར་དང་ལག་བསྟར་བྱས་པ་སྟེ། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་རེ་ཞུ་བྱེད་ཆོག་པའི་ལས་གནས་བརྟན་གཏོང་གི་ཆེད་དོན་དངུལ་བུན་གཏོང་འབོར་སྒོར་ཁྲི3000ནས་སྒོར་ཁྲི5000བར་མཐོ་རུ་གཏོང་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

  • སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཧོ་ནན་གྱི་དབུས་བྱང་རྒྱུད། ཧྲན་ཏུང་གི་ནུབ་རྒྱུད་དང་ཤར་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཧྥུ་ཅན་གྱི་ལྷོ་རྒྱུད་དང་བྱང་ཤར་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཀྲེ་ཅང་གི་ཤར་ལྷོའི་རྒྱུད་དང་། ཧྥུ་ཅན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།