དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-24 09:15:30   |   231

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


   གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚེས23ཉིན་གྱི་ཕྱི་དྲོར་ཆེད་གཏོང་གནམ་གྲུར་བཞུགས་ནས་ཝུའུ་ལུའུ་མུའུ་ཆིར་འབྱོར་ཞིང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས།

  • ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་ཞིང་། ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཤིན་ཅང་གི་མི་རིགས་ཁག་གི་བུ་ཕྲུག་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཛེས་སྡུག་ལྡན་པའི་ཤིན་ཅང་དེ་བས་ལེགས་པའི་ངང་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།

  • ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དེ་ཟླ9ཚེས25ཉིན་གྱི་སྔ་དྲོའི་ཆུ་ཚོད10:30སྟེང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོག་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་རྒྱུ་རེད།

  • 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་ཚན་མ་ལག་དང་སློབ་ཁྲིད་རྩ་གནད(ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དུ་སྤྱོད་པ།)》ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས་ཉེ་ཆར《དམག་སྤྱོད་ས་ཆའི་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས། 2025ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • “བཅུ་བཞི་ལྔའི”རིང་། ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར1046བཏང་ནས་མཐོ་འབྲིང་དཀྱུས་མའི་སློབ་གཉེར་ཐོན་ཁུངས་རྒྱ་ཆེར་བཏང་བས་མཐོ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད92%ལ་སླེབས་ཡོད།

  • བཟོ་འཕྲིན་པུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉིན་ཤས་གོང་མཉམ་འབྲེལ་ཐོག་མཛུབ་ཁྲིད་པར་འགྲེམས་བྱས་ཏེ། 5Gདང་སྤོ་འགུལ་དྲ་སྦྲེལ་སོགས་གླིང་ཁུལ་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་ལ་སྐུལ་འདེད་བཏང་།

  • ཉེ་ཆར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་བརྒྱད་ལ་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་།

  • ཉེ་ཆར་དྲ་འཕྲིན་སྡེ་ཚན་གྱིས་དེ་རིང་གི་གསར་འགྱུར་གལ་ཆེན་ལས་སྟེགས་དངUCལས་སྟེགས་ཀྱིས་དྲ་རྒྱའི་སྐྱེ་ཁམས་ལ་གཏོར་བཤིག་བཏང་བའི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས།

  • ས་གནས་དེ་གའི་ཚེས22ཉིན། ཧྥ་རན་སེས་ཕ་ལེ་སི་ཐན་རྒྱལ་ཁབ་དངོས་སུ་ཁས་ལེན་བྱས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ལྔའི་ནང་ནས་ཨ་རི་ཁོ་ནས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་མེད།

    སྤྱི་ཚོགས།

  • རྒྱ་མཚོའི་རླུང་འཚུབ་སྟེ། “ཧྭ་ཅ་ཧྲ”སྔོན་དཔག་བྱས་ན་ཚེས24ཉིན་གྱི་ཉིན་གུང་ནས་དགོང་མོའི་བར་ཀོང་ཏུང་ཀྲུའུ་ཧའེ་ནས་ཀྲན་ཅང་རྒྱུད་ཀྱི་མཚོ་རྒྱུད་ནས་སྐམ་སར་འབུད་རྒྱུ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཀོང་ཏུང་དང་ཧའེ་ནན་གྱི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་སྡོམ་དང་ལེན་རིམ་པ་གསུམ་པར་མཐོ་རུ་གཏད།

  • ཚེས23ཉིན། གུར་དང་། ལྟེབ་རྩེག་ཉལ་ཁྲི། དབྱར་ཁའི་ཉལ་ཐུལ། འཕྲལ་སྡོམ་གློག་སྒྲོན། ཁྱིམ་ཚང་འཕྲལ་སྡོམ་ཁུག་མ་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི6ཀོང་ཏུང་དུ་གཏོང་སྤྲོད་བྱས་ཏེ། རྒྱ་མཚོའི་རླུང་འཚུབ་ལ་ཁ་གཏད་གཅོག་རྒྱུར་དོགས་ཟོན་བྱས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཉེན་ཟོན་སྔོན་བརྡ་བཏང་བ་སྟེ། ཚེས23ཉིན་གྱི་ཆུ་ཚོད20ནས་ཚེས24ཉིན་གྱི་ཆུ་ཚོད20བར་ཀོང་ཏུང་གི་ལྷོ་རྒྱུད་དང་ཅང་ཤིའི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད།

  • ཉེ་ཆར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་མ་ཧྥུང་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་གཞུང་གཏུག་བྱས།

  • ཚེས23ཉིན་ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཧུའུ་ཆང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། ཧུའུ་ཆང་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་བྱས།

  • ཚེས23ཉིན་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཛམ་གླིང་གི་ཨང་རིམ་གསར་ཤོས་ཁྱབ་བསྒྲགས་བྱས། ཝང་ཁྲུའུ་ཆིན་དང་སུན་དབྱིང་ཧྲ་སྔར་བཞིན་མདུན་གྲལ་དུ་ཡོད།

  • ཚེས23ཉིན།“དབྱི་སི་ཐན་བྷོ་ཟམ་པ”ཞེས་པའི་གྲུ་གཟིངས་དེ་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་ནས་དབྱིན་ཇིའི་ཧྥུ་ལི་ཁེ་སི་ཐུའོ་གྲུ་ཁར་བསྐྱོད། དེ་ཡིས་གོ་ལ་ཧྲིལ་པོའི་ཀྲུང་ཡོབ་བྱང་སྣེའི་དོས་སྒམ་གྲུ་གཟིངས་ཐོག་མ་དེ་དངོས་སུ་ཤར་གཏོང་ཐུབ་པ་མཚོན།

    སྲིད་ཇུས།

  • ཁྲུང་ཆིང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ཁེ་དབང་སྲུང་སྐྱོང་གི་རིགས་གཅིག་མཁས་ཅན་གྱི་མཛོད་བཙུགས་ཏེ། རྒྱལ་ཁོངས་ལས་བརྒལ་བའི་བཅའ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་ཉེར་སྤྱོད་ཉམས་མྱོང་ལྡན་པའི་རིགས་གཅིག་མཁས་ཅན་ཁག་གཅིག་བདམས་ནས་མཛོད་དུ་བཅུག་སྟེ་ཁེ་ལས་ལ་ཆེད་ལས་ཀྱི་མཛུབ་ཁྲིད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་སྟེ། ཟླ9པ་ནས11པའི་བར་ལས་གཏོད་འདོད་མོས་ཡོད་པའི་སློབ་གྲྭར་ཡོད་པའི་མཐོ་སློབ་སློབ་མ་དང་སློབ་གྲྭ་ནས་ཁ་བྲལ་ནས་ལོ་གཉིས་ནང་ལས་ཞུགས་ཐུབ་མེད་པའི་མཐར་ཕྱིན་སློབ་མར་ལས་གཏོད་སྦྱོང་བརྡར་བྱེད་སྒོ་སྤེལ་རྒྱུ་རེད།

  • ཧྲན་ཞི་ཡིས་བརྡ་ཐོ་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཀྱི་གཙང་སྦྲ་བྱེད་མཁན་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། རྩ་དོན་ཐོག་དུད་ཚང50མན་གྱི་རང་བྱུང་གྲོང་ཚོར་གཙང་སྦྲ་བྱེད་མཁན་གཅིག་བཀོད་སྒྲིག་བྱེད་དགོས་པ་དང་དུད་ཚང50ཡན་གྱི་རང་བྱུང་གྲོང་ཚོར་མི400རེར་གཙང་སྦྲ་བྱེད་མཁན་རེ་བཀོད་སྒྲིག་བྱེད་དགོས།

    དེ་རིང་གི་གནམ་གཤིས།

  • ཀོང་ཏུང་གི་ས་ཁུལ་མང་ཆེ་བ་དང་། ཧྥུ་ཅན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་དང་། ཅང་སུའུ་ཡི་ས་ཆ་མང་ཆེ་བ། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཧུའུ་པེའི་ཤར་རྒྱུད། ཅང་ཞིའི་བྱང་རྒྱུད་དང་ནུབ་རྒྱུད། ཧུའུ་ནན་གྱི་ཤར་རྒྱུད། ལིའོ་ཉིང་གི་ཤར་རྒྱུད་དང་ལྷོ་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་ཤར་རྒྱུད་དང་དེ་བཞིན་ཞིན་ཅང་གི་ཐེན་ཧྲན་རྒྱུད་དང་ཡུན་ནན་གྱི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།    


མཉམ་སྤྱོད།