དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-25 09:05:31   |   37

སྒྲིག་སྒྱུར། སངས་རྒྱས་སྐྱིད། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


  གསར་འགྱུར་གལ་ཆེན།

1.jpg

  • ཚེས24ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།

2.jpg

  • ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་སྐབས། དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་ཇུས་གཞི་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་ཧུར་ཐག་བསྐྲུན་དགོས་ཞེས་ནན་བཤད་གནང་།

  • ཚེས24ཉིན་གྱི་དགོང་མོར། ཝུའུ་ལུའུ་མུའུ་ཆི་རིག་གནས་ལྟེ་གནས་ཀྱི་ཟློས་གར་ཁང་ཆེ་མོར་དགའ་སྤྲོའི་རྣམ་པས་ཁེངས་ཡོད་དེ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《མཛེས་སྡུག་ལྡན་པའི་ཤིན་ཅང》ཞེས་པ་དེ་གར་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས།

  • ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི2.17གསར་དུ་སྒྱུར་བཀོད་བྱས་ཡོད།

  • ཉེ་ཆར་སློབ་གསོ་པུས་ཡིག་ཆ་བཀྲམ་ནས2026ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཐོག་མའི་རྒྱུགས་ལེན་པའི་དུས་ཚོད་ནི2025ལོའི་ཟླ12པའི་ཚེས20ནས་ཚེས21ཉིན་བར་ཡིན་པ་ཁ་གསལ་བཏོན།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་དྲུག་གིས་ཡིག་ཆ་བཀྲམ་ནས2026ལོར་རང་རྒྱལ་གྱི་ཨར་ལས་རྒྱུ་ཆ་ལས་རིགས་ཀྱི་ལྗང་མདོག་ཨར་ལས་རྒྱུ་ཆའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར3000ལས་བརྒལ་བར་བརྩོན་ལེན་བྱེད་དགོས་ཞེས་བཏོན།

  • འཕྲལ་སྡོམ་དོ་དམ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་དུ་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་འཕྲལ་སྡོམ་དངོས་ཟོག་གསོག་འཇོག་མཛོད་གཞི་རྩའི་སྟེང་གང་སར་ཁྱབ་ཡོད།

  • ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འཆར་གཞིའི་བཀོད་སྒྲིག་ལྟར་ལྷ་གྲུ་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་ཉེ་ཆར་གོ་སྐབས་བདམས་ནས་གྲུ་ཁང་ནས་ཕྱིར་སྐྱོད་པའི་བྱེད་སྒོ་ཐེངས་བཞི་པ་སྤེལ་རྒྱུ་རེད།

3.jpg

  • ཚེས24ཉིན། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཧྲན་ཏུང་རི་ཀྲའོ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཅེ་ལུང་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཅི་ལིའི་སྐར་ཚོམ06གི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས། སྲུང་སྐར་དེ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་ཡོད།

  • ས་གནས་དེ་གའི་ཚེས24ཉིན་ཡོ་རོབ་མནའ་འབྲེལ་སྡོམ་རྩིས་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོའི་ཡོ་རོབ་མནའ་འབྲེལ་གྱི་ཚན་རྩལ་མཐོ་བའི་ནང་འདྲེན་ལས30%ཀྲུང་གོ(ཡོ་སྒོར་དུང་ཕྱུར1410)ནས་ཡིན་པ་དང་། ཨ་རི་ལས་བརྒལ་ནས་ཡོ་རོབ་མནའ་འབྲེལ་གྱི་མཁོ་སྤྲོད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད།

    སྤྱི་ཚོགས།

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང18པ་སྟེ“ཧྭ་ཅ་ཧྲ”ཚེས24ཉིན་རྒྱ་མཚོའི་རླུང་འཚུབ་ཀྱི་རིམ་པའི་ཐོག་ནས་ཀོང་ཏུང་དབྱང་ཅང་ཧའེ་གླིང་ཕྲན་རྒྱུད་ཀྱི་མཚོ་རྒྱུད་དུ་སླེབས། ཀོང་ཏུང་དང་། ཧའེ་ནན། ཀོང་ཞི་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་ལྷག་ཙམ་ལ་རྒྱ་མཚོའི་རླུང་འཚུབ་དྲག་པོ་ཡོད་པས་དྲག་ཆར་གྱི་གནོད་འཚེ་ཕོག་པར་དོགས་ཟོན་བྱེད་དགོས།

  • ཉིན་ཤས་གོང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མ་དངུལ་སྒོར་དུང་ཕྱུར2བཏང་ནས་ཀོང་ཏུང་ཞིང་ཆེན་གྱི་རླུང་འཚུབ་གནོད་འཚེའི་གེགས་རྗེས་འཕྲལ་སྡོམ་སླར་གསོ་ལ་རྒྱབ་སྐྱོར་བྱས།

  • ཚེས24ཉིན་ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.5འཕྲལ་མར་བཏང་སྟེ། ཀོང་ཏུང་དང་། ཧའེ་ནན། ཧྥུ་ཅན་བཅས་ཀྱིས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་སྡོམ་ཉེན་སེལ་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་མཐོང་དཀོན་པའི་ནད་རིགས་ཀྱི་སྨན100ཙམ་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་བཅུག་པ་དང་། དེ་དག་མཐོང་དཀོན་པའི་ནད་རིགས42ལ་ཁྱབ་ཡོད།

  • 2025ལོའི་འཛམ་གླིང་མཚོ་འགྲུལ་སྒྲིག་ཆས་ཚོགས་ཆེན་དེ་ཟླ10པའི་ཚེས16ནས19ཉིན་བར་ཧྥུ་ཅན་ཧྥུ་ཀྲོའུ་རུ་འཚོག་རྒྱུ་རེད།

  • ཉེ་ཆར་ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཝུའུ་ཚུན་རུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་གཞུང་གཏུག་བྱས།

4.jpg

  • འཛམ་གླིང་གི་ཟམ་པ་མཐོ་ཤོས་ཏེ་ཧྭ་ཅང་གྲོག་རོང་ཟམ་ཆེན་དེ་ཚེས28ཉིན་དངོས་སུ་འགྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

5.jpg

  • ཧྲའན་ཞིའི་ཕྱི་རོལ་དུ“འབུ་སྲིན་རིགས་ཀྱི་དོམ་ཁྲ”ཞེས་པའི་འབུ་སྲིན་རིགས་ཤིག་ཐོག་མར་ཤེས་རྟོགས་བྱུང་།

    སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། མངགས་ཟས་ལས་སྟེགས་ཀྱི་གྲོན་བསྡུ་དོ་དམ་གྱི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོས་ནས་ལས་སྟེགས་ཀྱིས་གྲོན་བསྡུའི་རྣམ་གྲངས་ཚད་ལྡན་དུ་གཏོང་བ་དང་། གྲོན་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། ལུགས་མཐུན་ཞིབ་བཤེར་བྱེད་པ་སོགས་བྱེད་དགོས་ཞེས་བཏོན།

  • ཧྲའན་ཞི་ཡིས་ཆ་རྐྱེན་འཛོམས་པའི་མཐོ་སློབ་མཐར་ཕྱིན་སློབ་མར་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ཁ་གསབ་སྤྲད་པ་དང་། ཁ་གསབ་ཚད་གཞི་མི་རེར་སྒོར1500བར་མཐོ་རུ་བཏང་ཡོད།

  • ཧྥུ་ཅན་གྱིས་ཡིག་ཆ་བཀྲམ་ནས་ཚད་བརྒལ་སྒྲ་རླབས་ཞིབ་བཤེར་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་ཁག13ཚད་ལྡན་དང་བསྡུ་སྒྲིལ་བྱས་པ་དང་། Aརྣམ་པའི་ཚད་བརྒལ་སྒྲ་རླབས་ཞིབ་བཤེར་སོགས་འབྲེལ་ཡོད་སྒྲ་རླབས་རིགས་ཀྱི་རྣམ་གྲངས115སྤྱོད་མཚམས་བཞག

    དེ་རིང་གི་གནམ་གཤིས།

6.jpg

  • ཀོང་ཏུང་གི་ས་ཆ་མང་ཆེ་བ་དང་། ཀོང་ཞིའི་ས་ཆ་མང་ཆེ་བ། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད་དང་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཅང་སུའུ་ཡི་དབུས་རྒྱུད་སོགས་ས་ཁུལ་དུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་ཀོང་ཏུང་གི་དབུས་ལྷོ་རྒྱུད་དང་། ཀོང་ཞིའི་དབུས་ལྷོ་རྒྱུད། ཅང་སུའུ་ཡི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།