དེ་རིང་ནི2025ལོའི་ཟླ09པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-26 09:09:24   |   53

སྒྲིག་སྒྱུར། སངས་རྒྱས་སྐྱིད། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས25ཉིན་གྱི་སྔ་དྲོར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཤིན་ཅང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས།

1.jpg

  • ཚེས25ཉིན་གྱི་ཉིན་གུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུའུ་ལུའུ་མུའུ་ཆི་རུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ཕྱིར་ལོག ཝུའུ་ལུའུ་མུའུ་ཆི་གྲོང་ཁུལ་དང་གནམ་ཐང་དུ་ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་སྐྱེལ་མ་བྱས།

2.jpg

  • ཟླ9པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་ཕུལ།

3.png

  • ཚེས25ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རྒྱལ་སྟོན་གྱི“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་སི་ར་ཆེན་པོར་གློག་སྒྲོན་པ་དང་། གནས་སྐོར་བ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང“མེས་རྒྱལ་ལ་སྨོན་འདུན་ཞུ་བའི”མེ་ཏོག་སི་ར་ཆེན་པོ་དང་མཉམ་དུ་དྲན་རྟེན་མཉམ་པར་བརྒྱབ།

  • “བཅུ་བཞི་ལྔ”ཡི་རིང་རང་རྒྱལ་གྱི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་དང་ཞབས་ཞུ་ཕྱིར་གཏོང་གི་གཞི་ཁྱོན་འཕར་ཚད་དེ40%ལས་བརྒལ་བ་དང་། ལོའི་ཕྱི་རྒྱལ་གྱི་གཉེར་སྐྱོང་ཡོང་འབབ་སྡོམ་འབོར་ཨ་སྒོར་དུང་ཕྱུར630ལས་བརྒལ།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར11ལས་བརྒལ་ཡོད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གྲངས་འཛིན་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་གཉེར་སྐྱོང་ལྟེ་གནས་ཧྲང་ཧའེ་རུ་དངོས་སུ་གཉེར་སྐྱོང་བྱས།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བརྒྱད་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན26838ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི34480ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས།

  • ཚེས25ཉིན་ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཨ་རིའི་དངོས་ཚན་གསུམ་ཕྱིར་གཏོང་དོ་དམ་ཚོད་འཛིན་གྱི་མིང་ཐོའི་ནང་འཇུག་རྒྱུ་དང་། ཨ་རིའི་ཁེ་ལས་གསུམ་བློས་འགེལ་མི་རུང་བའི་དངོས་ཚན་གསལ་ཐོའི་ནང་འཇུག་རྒྱུའི་གཏན་འབེབས་བྱས།

  • ད་ལོའི་ཟླ་དྲུག་པ་ནས་བཟུང་ཕ་ཁི་སི་ཐན་ལ་ཆུ་ལོག་ཚབས་ཆེན་བྱུང་། ཕ་ཁི་སི་ཐན་གྱི་གནོད་འཚེ་ཕོག་པའི་མང་ཚོགས་དང་གེགས་རྗེས་བསྐྱར་སྐྲུན་ལ་སྔར་བས་རོགས་རམ་བྱ་ཆེད། ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་གི་རིན་ཐང་ལྡན་པའི་འབྲུབ་འགོག་གེགས་སེལ་གྱི་རོགས་སྐྱོར་དངོས་ཟོག་ཁ་གསབ་བྱ་རྒྱུའི་གཏན་འབེབས་བྱས།

    སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་སྔོན་བརྡ་བཏང་སྟེ། ཚེས25ཉིན་གྱི་ཆུ་ཚོད20ནས་ཚེས26ཉིན་གྱི་ཆུ་ཚོད20བར་ཀོང་ཞིའི་ནུབ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད།

  • རྒྱ་མཚོའི་རླུང་འཚུབ་ཨང18པ་སྟེ“ཧྭ་ཅ་ཧྲ”ཡི་ཤུགས་ཚད་རྒྱུན་མཐུད་ངང་ཆུང་དུ་ཕྱིན་པ་དང་བསྟུན་ནས་ཀོང་ཏུང་དང་། ཧའེ་ནན། ཧྥུ་ཅན་སོགས་ཀྱིས་གྲུ་གཟིངས་བསྐྱར་བསྐྱོད་དང་། གྲུ་ཁའི་ཐོན་སྐྱེད་བསྐྱར་གསོ། རྣམ་གྲངས་བསྐྱར་དུ་ལས་མགོ་ཚུགས་པ་བཅས་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ཡོད།

  • ཚེས25ཉིན་དམངས་སྲིད་པུས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་དཔེ་མཚོན་གྱོད་དཔེ8ཁྱབ་བསྒྲགས་བྱས།

  • ཚེས25ཉིན་གྱི་ཆུ་ཚོད་བརྒྱད་པའི་བར་ལྕགས་ལམ་སྡེ་ཚན་གྱིས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་གི་སྐྱེལ་འདྲེན་སྤ་སེ་ཁྲི7000བཙོངས།

  • ཚེས25ཉིན། ཀྲུང་གོ་ཚན་རིག་ཁང་ཏ་ལེན་རྫས་འགྱུར་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཐའོ་ལ་ཁོ་རུའེ་ཝེ་ཨན་གྱི2025ལོའི་ལོ་འཁོར་གྱི་རྫས་འགྱུར་ཁྱབ་ཁོངས་ཀྱི་བྱ་དགའ་ཐོབ། ཀྲུང་གོའི་ནང་སའི་བྱ་དགའ་དེ་ཐོབ་མཁན་གྱི་ཚན་རིག་མཁས་ཅན་དང་པོར་གྱུར།

4.jpg

  • ཉིན་ཤས་གོང་ཕྱི་རྒྱལ་གྱི་གནས་སྐོར་བ་སྐྱེས་པ་ཞིག་པེ་ཅིང་དབྱི་ཧོ་སྐྱེད་ཚལ་དུ་གནས་སྐོར་བྱེད་སྐབས་གློ་བུར་དུ་འགྱེལ་བ་དང་། གནས་སྐོར་བ་སུན་ལེན་ཁྲའོ་ཡིས་པུས་མོ་སར་བཙུགས་ནས་སྐྱོབ་ཐབས་བྱས་ཏེ་ཕྱི་རྒྱལ་གྱི་གནས་སྐོར་བ་ཉེན་ཁའི་གནས་ནས་བསྐྱབས།

    སྲིད་ཇུས།

  • ཧུའུ་པེས་ལས་ཀའི་ཇུས་གཞི་པར་འགྲེམས་བྱས་པ་སྟེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལག་རྩལ་སྒྲིག་ཆས་གལ་ཆེན་དང་པོ(ཆ་ཚང)དང་། རྒྱུ་ཆ་གསར་པ་ཁག་དང་པོ། མཉེན་ཆས་དཀར་ཆག་ཐོག་མ་བཅས་ཀྱི་ནང་དུ་བཅུག་པའི་ཐོན་རྫས་ལ་ཞིང་ཆེན་ནང་ཁུལ་གྱི་ཞིབ་བཟོ་ཚན་པ་དང་དཔེ་སྟོན་བཀོལ་སྤྱོད་ཚན་པར་ཕྱོགས་གཉིས་པོའི་བྱ་དགའ་སྤྲོད་རྒྱུ་རེད།

  • ཧུའུ་ནན་གྱིས་བརྡ་ཐོ་བཏང་ནས་གཞི་ཁྱོན་ཡན་གྱི་ཁེ་ལས་སུ་དབུ་བཞུགས་གྲངས་གཞིའི་དཔོན་བཙུགས་ནས་གྲངས་གཞིའི་ཐོན་ཁུངས་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་འགན་འཁུར་བ་དང་། གྲངས་གཞིའི་བདེ་འཇགས་དོ་དམ་གྱི་ཁས་ལེན་དཔང་འདོན་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཁས་ལེན་དཔང་འདོན་བྱ་རྒྱུ་རེད།

  • ཅང་ཞིས་བྱེད་ཐབས་བཏོན་ཏེ། ཆ་རྐྱེན་དང་མཐུན་པའི་འབྲེལ་ཡོད་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་ཕྱིར་སློག་གི་བསྡུར་ཚད་མཐོ་རུ་བཏང་བའི་ནང་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་ཕྱིར་སློག་བསྡུར་ཚད་དེ་ཁེ་ལས་དང་དེ་བཞིན་ལས་བཟོ་བས་ལོ་འཁོར་གོང་མར་དངོས་སུ་འཇལ་བའི་ལས་ཤོར་འགན་བཅོལ་དངུལ་གྱི60%ནས90%བར་མཐོ་རུ་བཏང་ཡོད།

    དེ་རིང་གི་གནམ་གཤིས།

5.jpg

  • ཀོང་ཞིའི་དབུས་ནུབ་རྒྱུད་དང་། ཡུན་ནན་གྱི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཀོང་ཏུང་གི་་ནུབ་རྒྱུད་བཅས་དང་དེ་བཞིན་ཧོ་ནན་གྱི་ལྷོ་རྒྱུད་དང་ཅང་སུའུ་ཡི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཡུན་ནན་གྱི་ཤར་ལྷོའི་རྒྱུད་དང་ཀོང་ཞིའི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།