དེ་རིང་ནི2025ལོའི་ཟླ09པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-28 09:11:54   |   59

སྒྲིག་སྒྱུར། སངས་རྒྱས་སྐྱིད། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • “བཅུ་བཞི་ལྔ”ཡི་རིང་། དངོས་པོའི་རྨང་གཞི་ནས་ལམ་སྲོལ་འགན་ལེན་བར་རང་རྒྱལ་གྱིས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ་དང་། འབྲུ་རིགས་ཀྱི་ལོའི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི1.3ཡན་བརྟན་པོ་བྱུང་ནས2024ལོར་རྒྱ་མ་དུང་ཕྱུར་ཁྲི1.4ཡི་སྐས་རིམ་གསར་པར་ཐོག་མར་སླེབས།

  • ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས0.9%འཕར་ཡོད།

  • ཉེ་ཆར་ཀྲུང་དབྱང་སྒྲིག་ཨུ་གཞུང་དོན་ཐིང་གིས《རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྒྲིག་ནན་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།

  • ཀྲུང་དབྱང་དྲིལ་སྒྲོག་པུ་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། གྲོང་གསེབ་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། སྤུས་ལེགས་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཞིང་པ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུ་ཁ་གསལ་བཏོན།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་ཉེ་ཆར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བེད་མེད་དུ་བསྐྱུར་བའི་གཏེར་དོང་གྲལ་བཤེར་བཅོས་སྒྲིག་དང་གཏེར་རྐུན་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་བཀོད་སྒྲིག་བྱས།

  • ཀྲུང་དབྱང་དངུལ་ཁང་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ནས་ཀྲུང་གོའི་བུན་འཛིན་ཁྲོམ་རར་བུན་འཛིན་ཉོ་ཚོང་བྱེད་ཆོག་པའི་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱི་སྒྲིག་གཞིས་བུན་འཛིན་ཕྱིར་ཉོའི་ལས་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས།

  • ཟླ་བརྒྱད་པར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར42818ཟིན་པ་དེ་དུས་མཚུངས་ལས་2%འཕར་ཡོད།

1.png

  • ཚེས27ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རླུང་སྤྲིན་ཨང་གསུམ་པའི་སྲུང་སྐར08མཁའ་དབྱིངས་སུ་འཕེན་གཏོང་བྱས་ཤིང་། སྲུང་སྐར་བདེ་བླག་ངང་སྔོན་ནས་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བསྐྱོད་ཡོད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང20པ་སྟེ“པོ་ལུའོ་དབྱི”ཚེས20ཉིན་ཧའེ་ནན་གླིང་ཕྲན་གྱི་ལྷོ་ཕྱོགས་ཀྱི་མཚོ་ངོས་སུ་སླེབས་རྒྱུ་ཡིན་པ་དང་ཆེས་ཆེ་བའི་རླུང་འཚུབ་རིམ་པར་སླེབས་རྒྱུ་རེད།

  • མིག་སྔར་རང་རྒྱལ་གྱི་སྤྱི་ཚོགས་འགན་བཅོལ་གཱ་ཡོད་པའི་མི་གྲངས་དུང་ཕྱུར13.9ཟིན་པའི་ནང་མི་དུང་ཕྱུར11གིས་གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ་བླངས་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་སྡོམ་རྩིས་གསར་ཤོས་ལ་གཞིགས་ན། ད་ལོའི་ཟླ་དགུ་པའི་ཟླ་དཀྱིལ་བར་ནད་རིགས་ལ་གཞིགས་ནས་སྨན་རིན་སྤྲད་དེ་སྨན་ཁང་ནས་ཕྱིར་བུད་པའི་མི་ཐེངས་ཀྱིས90%ལྷག་ཙམ་ཟིན་ཡོད།

  • ཚེས27ཉིན་གྱི་ཆུ་ཚོད5:49སྟེང་། ཀན་སུའུ་ཏིང་ཞི་ལུང་ཞི་རྫོང་དུ་ས་ཡོམ་རིམ་པ5.6བརྒྱབ་ནས་མི11ལ་རྨས་སྐྱོན་ཕོག ཉིན་དེའི་ཆུ་ཚོད16བར་མི5སྨན་ཁང་ནས་ཕྱིར་བུད་པ་དང་དེ་བྱིངས་ཚང་མར་ཚེ་སྲོག་ལ་ཉེན་ཁ་མེད།

  • ཚེས27ཉིན་ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་སླར་ཡང་སྒོ་ཕྱེས་པ་དང་། དེ་སྔོན་བྲོས་བྱོལ་བྱས་པའི་གསའ་དེ་རིང་ཕྱིར་གསའ་ཁང་དུ་སྐྱེལ་རྒྱུ་རེད།

2.jpg

  • ཚེས27ཉིན། G1ཅིང་ཧ་མྱུར་བགྲོད་གཞུང་ལམ་གྱི་སུའེ་ཀྲུང་ནས་ཕན་ཅིན་དུམ་བུ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་འགྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། དེ་ནི་རྒྱལ་ནང་གི་འཁོར་ལམ་བཅུ་ཡོད་པའི་མྱུར་བགྲོད་གཞུང་ལམ་དང་པོར་གྱུར་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཁྲེང་ཏུའུ་ཅུ་དང་སི་ཁྲོན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཀྱིས་མཉམ་འབྲེལ་ཐོག་བཏང་བའི་བདེ་ཐང་མེ་འཁོར་གྱིས་སི་ཁྲོན་ཞིང་ཆེན་ལེང་ཧྲན་ཁུལ་ཞི་ཏེ་རྫོང་དུ་དུས་ཡུན་ཉིན་བཞིའི་སྐོར་སྐྱོད་སྨན་བཅོས་བྱས་པ་མཇུག་འགྲིལ་བ་དང་། སྨན་དོན་མི་སྣས་ས་གནས་དེ་གའི་མང་ཚོགས3000ལྷག་ཙམ་ལ་རིན་མེད་ངངCTདང་། སྙིང་ཁམས་ཁྲག་རྩ། མོ་ནད་སོགས་བདེ་ཐང་བརྟག་དཔྱད་དང་སྨན་བཅོས་བརྟག་དཔྱད་བྱས།

    སྲིད་ཇུས།

  • ཚོང་དོན་པུ་དང་། བཟོ་འཕྲིན་པུ། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་བཅས་ཀྱིས་ཡིག་ཆ་བཏང་ནས་གློག་སྒུལ་རྐྱང་པའི་རླངས་འཁོར་ལ་ཕྱིར་གཏོང་ཆོག་འཐུས་ལག་ཁྱེར་དོ་དམ་བྱ་རྒྱུའི་གཏན་འབེབས་བྱས།

  • 《བཟའ་བཅའ་ཚུར་བསྡུའི་དོ་དམ་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཚེས26ཉིན་ནས་བཟུང་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།《བྱ་ཐབས》ནང་ཚུར་བསྡུའི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་ཅིང་། བཟའ་བཅའ་ཚུར་བསྡུའི་ནང་རང་འགུལ་དང་བཙན་དབང་བཅས་ཚུར་བསྡུའི་རྣམ་པ་གཉིས་ཚུད་ཡོད།

  • ཧྲང་ཧའེ་ཡིས་མཛེས་འཆོས་བྱུག་རྫས་ཀྱི་མ་བཅོས་རྒྱུ་ཆ་གསར་གཏོད་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱས་ཏེ།《བེད་སྤྱོད་བྱས་པའི་མཛེས་འཆོས་བྱུག་རྫས་ཀྱི་མ་བཅོས་རྒྱུ་ཆའི་དཀར་ཆག》ནང་མ་བཅོས་རྒྱུ་ཆ་གསར་པ་ཐོ་འགོད་བྱེད་པར་རྣམ་གྲངས་རེར་མཐོ་ཤོས་སྒོར་ཁྲི200དང་སྒོར་ཁྲི50ཡི་རོགས་སྐྱོར་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

3.jpg

  • སི་ཁྲོན་གྱི་བྱང་ཤར་རྒྱུད་དང་། ཧྲའན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧུའུ་པེའི་བྱང་རྒྱུད། ཧྲན་ཏུང་གི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་སི་ཁྲོན་གཤོང་སའི་བྱང་རྒྱུད་དང་། ཧྲའན་ཞིའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།