དེ་རིང་ནི2025ལོའི་ཟླ09པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-29 09:16:24   |   21

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་སློབ་གྲྭས་སྲོག་ཤིང་ཏང་ཡིན་པ་རྒྱུན་འཁྱོངས་དང་། ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་ཇུས་ལེགས་པོ་འདོན་དགོས་ཞེས་ནན་བཤད་གནང་།

  • ཟླ9ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་དང་། ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི—ཁ་ནེར་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ65འཁོར་བར་རྟེན་འབྲེལ་ཞུས་པ་རེད།

  • ཟླ9ཚེས30ཉིན་ནི་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཡིན་པ་དང་། ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་རྒྱུ་རེད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཚན་ཁག་གིས་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

  • ད་ལོའི་ཟླ1པོ་ནས8པའི་བར། རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར455.5ཟིན་པ་དང་། དུས་མཚུངས་ལས3.6%འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། མིག་སྔའི་བར་དུ། རང་རྒྱལ་གྱིས་གྲོང་གསེབ་ཀྱི་དངོས་ཟོག་འགྲུལ་སྐྱེལ་མཉམ་ལས་ཀྱི་ལམ་ཐིག་ཁྲི་1.3ལྷག་ཙམ་ཤར་གཏོང་ཐུབ་པ་དང་། ལོའི་ཆ་སྙོམས་དངོས་ཟོག་སྐྱེལ་འདྲེན་བྱས་ཚད་དུང་ཕྱུར10ལྷག་ཙམ་ཟིན་ཡོད་པ་རེད།

01.jpg

  • ཚེས28ཉིན། འཛམ་གླིང་གི་ཟམ་པ་མཐོ་ཤོས་ཀུའེ་ཀྲོའུ་ཧྭ་ཅང་གྲོག་རོང་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་ཡོད།

  • ཚེས28ཉིན་ཀྲུང་གོའི་མཚོ་སྣུམ་གྱིས་དྲིལ་སྒྲོག་བྱས་པ་ལྟར་ན། རང་རྒྱལ་གྱི་མཚོ་གཏིང་སྣུམ་རླངས་སྦུག་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ10000ལས་བརྒལ་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།

02.jpg

  • ས་གནས་དེ་གའི་དུས་ཚོད་ཚེས28ཉིན། ཀྲུང་གོ་སྲིད་གཞུང་གིས་ཕ་ཁི་སི་ཐན་ལ་མཁོ་འདོན་བྱས་པའི་འབྲུབ་འགོག་གེགས་སེལ་གྱི་རོགས་སྐྱོབ་དངོས་ཟོག་ཁག་དང་པོ་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་འབྱོར་བ་རེད།

སྤྱི་ཚོགས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9ཚེས29ཉིན་ལྕགས་ལམ་གྱི་རྒྱལ་སྟོན་གུང་གསེང་རིང་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དང་། ཟླ10ཚེས10ཉིན་མཇུག་འགྲིལ་རྒྱུ་རེད། དུས་ཡུན་ཉིན12ཡིན་པ་དང་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར2.19སྐྱེལ་འདྲེན་བྱ་རྒྱུ་རེད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། ཉིན་རེར་ཆ་སྙོམས་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི200ལས་བརྒལ་རྒྱུ་རེད།

  • ཁྲུང་ཆིང་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཏོན་ཁྲེང་ཀང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རིན་ལུང་ཞང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པ་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཚེས28ཉིན། ཞིང་ལས་དང་གྲོང་གསེབ་པུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཐང་རེན་ཅན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཐང་རེན་ཅན་ལ་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

  • ཚེས28ཉིན། ཧྲན་ཏུང་ཅི་ཉིང་ཆུས་ཕུའུ་ཡིས་སྦྲུལ་ལོའི་ཁུང་ཙི་སྤྱི་མཆོད་མཛད་སྒོ་འཚོགས་ནས་ཁུང་ཙི་འཁྲུངས་ནས་ལོ་ངོ2576འཁོར་བར་དྲན་གསོ་ཞུས་པ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲེ་ཁྲའོ་སོགས་ཀྱིས་བཙན་གཡེམ་བྱས་པ་དང་། བསམ་བཞིན་དུ་མི་བསད་པ། དཔང་རྟགས་རྫུན་མ་བཟོས་པར་བསྐྱར་དུ་འདྲི་གཅོད་བྱས་པའི་གྱོད་གཞི་དེ་ཡོངས་བསྒྲགས་སུ་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་ལྟར་ཁྲེ་ཁྲའོ་དང་། ལི་ཡུང་། ཞེ་ཀོང་དབྱིན་བཅས་ལ་ཉེས་པ་མེད་པའི་ཁྱབ་བསྒྲགས་བྱས་པ་རེད།

  • ཟླ9པ་ནས་བཟུང་། ཧྥུའུ་ཅན་གྱི་མཚོ་ཐོག་ཉེན་རྟོག་རྩ་འཛུགས་དམག་གྲུའི་རུ་ཁག་གིས་ཅིན་མོན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་འཛིན་སྐོར་ཞིབ་བྱ་རྒྱུར་མུ་མཐུད་ཤུགས་བསྣན།

03.jpg

  • རང་རྒྱལ་གྱི་ཚན་ཞིབ་སྒྲིག་གཞིས་སྣེ་ཁྲིད་དེ་ཞིབ་བཟོ་བྱས་པའི་གློག་མེད་ཁབ་ལེན་གཟུགས་ཀྱིས་ཉེ་ཆར་35.1ཐེ་སི་ལ་ལྟེ་གནས་ཀྱི་བརྟན་རྣམ་ཁབ་ལེན་ར་བ་མངོན་འགྱུར་བྱུང་ནས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད།

སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《བཟའ་བཏུང་ཞབས་ཞུའི་མུ་འབྲེལ་ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་སྐུལ་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་ནི་མུ་འབྲེལ་བཟའ་བཏུང་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

  • ཅང་སུའུ་ཡིས་རླངས་འཁོར་བེད་མེད་གསར་སྒྱུར་གྱི་ཁ་གསབ་སྲིད་ཇུས་ལ་ཟླ9ཚེས29ཉིན་ནས་བཟུང“སྔོན་ལ་ཐོབ་ཐང་ལེན་པ་དང་དེ་ནས་ཁ་གསབ་རེ་ཞུ་བྱེད་པའི”བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད།

  • ཧྲན་ཏུང་གིས་བྱེད་ཐབས་དཔར་འགྲེམ་བྱས་ནས། ཞིང་ཆེན་ནང་ཁུལ་དུ་ཕྲ་ཕུང་གཞན་སྒྱུར་དང་གཞི་རྒྱུ་སྨན་བཅོས་ཀྱི་རིགས་དང་པོའི་སྨན་གསར་བIདང་II  IIIཡི་དངོས་བཅོས་ཚོད་ལྟ་ལེགས་འགྲུབ་བྱུང་བར། དཔྱད་ཞིབ་བྱས་པ་བརྒྱུད་ཞིབ་འཇུག་གསར་སྤེལ་གྱི་མ་གཏོང་གི40%ལས་མི་བརྒལ་བའི་ཚད་གཞིའི་ནང་། ཆེས་མཐོ་ན་སྒོར་བྱེ་བ1དང་བྱེ་བ2 བྱེ་བ3བཅས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་སྟེར་རྒྱུ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • སི་ཁྲོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧྲའན་ཞིའི་ཤར་ལྷོའི་རྒྱུད། ཧོ་ནན་གྱི་ལྷོ་ནུབ་རྒྱུད། ཧུའུ་པེའི་ནུབ་བྱང་རྒྱུད་བཅས་དང་། དེ་བཞིན་ཧའེ་ནན་གླིང་ཕྲན་དང་། ལེ་ཀྲོའུ་ཕྱེད་གླིང་། ཀོང་ཞིའི་ལྷོ་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད་སོགས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་ཧྲའན་ཤིས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་བྱང་རྒྱུད། ཧའེ་ནན་གྱི་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།