དེ་རིང་ནི2025ལོའི་ཟླ09པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-09-30 09:14:27   |   41

སྒྲིག་སྒྱུར། སངས་རྒྱས་སྐྱིད། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


   གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ9པའི་ཚེས29ཉིན་ཚོགས་འདུ་འཚོགས་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་གཏན་འབེབས་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ10པའི་ཚེས20ནས་ཚེས23ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས།

  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན།

  • ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམ་སྡོམ་འབོར་སྒོར་དུང་ཕྱུར་ཁྲི230ཙམ་ཟིན་པ་དང་གཞི་ཁྱོན་བརྟན་པོའི་ངང་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

  • རིག་གནས་གནས་སྐོར་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་རིག་གནས་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི19.14ཟིན་པ་དེ2020ལོ་ལས37.7%འཕར་ཡོད།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུ་བཅས་ཀྱིས《ཉེས་དོན་གྱོད་གཞིའི་ཉེས་གསོག་དོགས་ཅན་དང་ཞུ་སྦྱོར་ཕྱི་མའི་ཐོབ་ཐང་ཞིབ་བཤེར་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》མཉམ་འབྲེལ་ཐོག་པར་འགྲེམ་བྱས།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་དང་། ནུས་པ་ཆ་ཚང་ཤོས། མི་འབོར་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་ཡོད།

  • 《རུ་འཁྱུར་དམག་མིའི་གཟི་བརྗིད་མཚོན་རྟགས་བེད་སྤྱོད་དོ་དམ་བྱ་ཐབས》ཉེ་ཆར་པར་འགྲེམ་བྱས། རྩ་འཛུགས་དང་མི་སྒེར་གང་རུང་གིས་རུ་འཁྱུར་དམག་མིའི་གཟི་བརྗིད་མཚོན་རྟགས་སྤྱད་དེ་དམག་དཔུང་དང་། དམག་མི། རུ་འཁྱུར་དམག་མིའི་སྣང་བརྙན་ལ་གནོད་པའི་བྱེད་སྒོ་སྤེལ་མི་ཆོག་པ་ནན་བཤད་བྱས།

1.png

  • ཚེས29ཉིན་རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཚོད་ལྟའི་སྲུང་སྐར་ཨང་སུམ་ཅུ་པའི་སྲུང་སྐར01དང02འཕེན་གཏོང་བྱས།

    སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་ནང་ཞིན་ཅང་གི་བྱང་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲོད་ཚད4~8℃མར་ཆག་རྒྱུ་རེད། ཅང་ཞི་དང་ཀྲེ་ཅང་གི་ནུབ་རྒྱུད། ཧྥུ་ཅན་གྱི་བྱང་རྒྱུད། ཧུའུ་ནན་གྱི་ཤར་རྒྱུད་སོགས་སུ་ཧྲེ་ཧྲི་ཏུའུ35ནས37བར་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད།

  • རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཐོན་ལ་ཉེ་བའི་སྐབས་སུ། ཕྱི་འབྲེལ་པུའི་ཁེ་སྐྱོང་སྲུང་སྐྱོང་ལྟེ་གནས་ཀྱིས་ཕྱི་རྒྱལ་དུ་འགྲོ་མཁན་གྱི་ཀྲུང་གོའི་གནས་སྐོར་བས་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཉེན་ཁ་སྣ་ཚོགས་ལ་དོགས་ཟོན་བྱས་ཏེ་བདེ་འཇགས་ངང་ཕྱིར་སྐྱོད་བྱེད་དགོས་པའི་དྲན་སྐུལ་བྱས།

  • ཚེས29ཉིན། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཁྲེན་ཡན་གྱིས་ལྐོག་རྔན་བླངས་པ་དང་དབང་ཆ་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། ཞུ་སྦྱོར་ཕྱི་མ་ཁྲེན་ཡན་ལ་ཤི་འགྱངས་ཀྱི་ཁྲིམས་ཐག་བཅད།

2.jpg

  • ད་ལོ་ནི་ཀུའུ་ཀོང་ཕོ་བྲང་རྟེན་མཛོད་ཁང་བཙུགས་ནས་ལོ100ལོན་པའི་ལོ་ཡིན། ཟླ9པའི་ཚེས30ཉིན་ནས་བཟུང་། “ལོ་བརྒྱའི་སྲུང་སྐྱོང་།  ཙི་ཅིན་མཁར་ནས་ཀུའུ་ཀོང་ཕོ་བྲང་རྟེན་མཛོད་ཁང་བར”ཞེས་པའི་འགྲེམས་སྟོན་དེ་ཝུའུ་མོན་འགྲེམས་ཁང་དུ་ལྟད་མོ་བར་སྒོ་ཕྱེས་ཡོད།

3.jpg

  • ཚེས29ཉིན། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཏེ། ལྗིད་ཤུགས་ལས་བརྒལ་བའི་ལྟེ་བྲལ་ལད་ཟློས་དང་ཚོད་ལྟའི་སྒྲིག་ཆས་ཀྲེ་ཅང་ཧང་ཀྲོའུ་རུ་ལྟེ་བྲལ་བྱེད་མགོ་བརྩམས།

  • ཚེས29ཉིནG8513ལམ་ཐིག་གི་གཟི་ཚ་སྡེ་དགུ་ནས་མན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོ་རླངས་འཁོར་ཤར་གཏོང་ཐུབ་ཡོད་ཅིང་། དེ་ཡིས་གཟི་ཚ་སྡེ་དགུ་དང་། ཕིང་ཝུའུ། པེ་ཁྲོན་བཅས་རྫོང་གསུམ་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་སྒྲིལ།

4.png

  • ནན་ཅིང་དམར་གསོད་ཆེན་མོའི་ནང་སྲོག་ཉེན་ལས་ཐར་བའི་ཞུང་ཧྲུའུ་ལན་ཚེས27ཉིན་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ94རེད། མིག་སྔའི་བར་འཛམ་གླིང་དུ་ཐོ་འགོད་བྱས་པའི་སྲོག་ཉེན་ལས་ཐར་བའི་མི25ལས་མེད།

  • ཆིང་ཧྭ་སློབ་ཆེན་གྱིས་ཚེས29ཉིན་བརྡ་ཁྱབ་བཏང་དོན། ཉེ་དུས་སློབ་གྲྭའི་ནང་གི་མི་སྣས་སྒྲིག་འགལ་ངང་མིང་ཐོ་བཀོད་པ་དང་སྒྲིག་འགལ་ངང་རླངས་འཁོར་སློབ་གྲྭར་འཛུལ་བའི་གནས་ཚུལ་མང་པོ་བྱུང་བ་དང་། མིག་སྔར་དགེ་རྒན་དང་ལས་བཟོ་བ་གཉིས་བཀག་ཉར་བྱས་པ་དང་སློབ་མ་མང་པོར་ཆད་པ་བཅད་ཡོད།

    སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་ཁག9ཁྱབ་བསྒྲགས་བྱས་ནས་བཟའ་བཏུང་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་མཛེས་བཟོའི་ཨར་ལས་ཀྱི་ཆོག་འཐུས་སྟབས་བདེ་རུ་གཏོང་བ་དང་། བཟའ་བཅའི་གཉེར་སྐྱོང་ཆོག་འཐུས་ལེགས་སུ་གཏོང་བ། མཉེན་གཤིས་ཁྲིམས་འཛིན་སོགས་ཚུད་ཡོད།

  • ཧོ་ནན་གྱིས2025ལོར་རིམ་ཁག་ནོར་སྲིད་ཀྱིས་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར30མང་དུ་བཏང་ནས་མི་རེར་ལོ་རེར་སྒོར700ལས་མི་དམའ་བ་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན།

  • སི་ཁྲོན་གྱིས་ཟླ10པའི་ཚེས1ཉིན་ནས་བཟུང་གཏན་འབེབས་གསར་པ་ལག་བསྟར་བྱས་ཏེ། འབུད་རླངས་ཚད་འཇལ་སྒྲིག་ཆས་ལ་སྐྱོན་ཤོར་བ་སོགས་ཀྱི་རྐྱེན་གྱིས་འབུད་རླངས་ཀྱི་གྲོན་དངུལ་ལ་ནོར་འཛོལ་བྱུང་རིགས་ཐག་གཅོད་བྱེད་པར་འབུད་རླངས་སྤྱོད་མཁན་ལ་ཕན་པའི་རྩ་དོན་ལྟར་ཐག་གཅོད་བྱེད་དགོས་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

5.jpg

  • ཧའེ་ནན་གླིང་ཕྲན་གྱི་ལྷོ་རྒྱུད་དང་། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། དེ་བཞིན་ཁྲུང་ཆིང་གི་བྱང་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཅང་སུའུ་ཡི་ཤར་ལྷོའི་རྒྱུད། ཧྲང་ཧའེ་ཡི་བྱང་རྒྱུད། ཀྲེ་ཅང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནམ་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཀོང་ཞིའི་ནུབ་རྒྱུད་དང་ཡུན་ནན་གྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།