དེ་རིང་ནི2025ལོའི་ཟླ10པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-09 09:31:09   |   110

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཚེས1ནས8ཉིན་བར། རིམ་རྩིས་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར24.32ཟིན་རྒྱུ་རེད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས8ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི2175སྐྱེལ་འདྲེན་བྱ་རྒྱུ་རེད།

  • སྡོམ་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་གཙོ་གནད་སིལ་ཚོང་དང་བཟའ་བཏུང་ཁེ་ལས་ཀྱི་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས2.7%འཕར་ཡོད།

  • དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1ནས8པའི་བར། རྒྱལ་ཡོངས་ཀྱི་ཞིང་ལས་གུན་སྐྱོབ་ཀྱིས་རིམ་རྩིས་བྱས་ན་ཉེན་ཁ་འགན་ལེན་སྒོར་དུང་ཕྱུར་ཁྲི4.1བྱས་པ་དང་། དུས་མཚུངས་ལས3.59%འཕར་ཡོད།

  • “ལྔ་བཅུ་བཞིའི”ཚུན་ནས། ད་ལོའི་ཟླ8པའི་ཟླ་མཇུག་བར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར་9781བཏང་ཡོད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་བཅུ་བཞིའི”རིང་། རང་རྒྱལ་གྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་གནས་ཁྲི40.7ཉམས་གསོ་བདག་སྐྱོང་བྱས་པ་རེད།

02.jpg

  • “རྒྱལ་སྲུང་པུས་ཁྱབ་བསྒྲགས་བྱས་པའི”སྐད་འཕྲིན་སྤྱི་རྟགས་ཐོག་གི་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པའི་ཟླ་དཀྱིལ་དང་ཟླ་སྨད་དུ། ཀྲུང་གོ་དང་མ་ལེ་ཞི་ཡའི་དམག་དཔུང་གཉིས་ཀྱིས་མ་ལེ་ཞི་ཡ་དང་དེའི་ཉེ་འགྲམ་གྱི་མཚོ་ཁོངས་སུ“ཞི་བདེའི་མཛའ་གྲོགས་ཀྱི—2025ལོའི”མཉམ་འབྲེལ་ནང་སྦྱོང་བྱ་རྒྱུ་རེད།

  • ལའེ་ཆིང་ཏེས་ཉིན་ཤས་གོང་། “ངོགས་གཉིས་ཕན་ཚུན་ཁོངས་གཏོགས་མིན་པ”དང“རྒྱལ་ཁབ་གཉིས་ཀྱི་གཏམ་བརྗོད་གསར་པ”སླར་ཡང་འུད་སྒྲོག་བྱས་པར་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་ལའེ་ཆིང་ཏེ་དང་མིན་ཅིན་ཏང་གི་དབང་འཛིན་ལས་ཁུངས་ལ་གཅིག་གྱུར་རྒྱལ་ཁ་ཐོབ་ངེས་དང་། “ཐའེ་དབན་རང་བཙན”འཇིག་ངེས་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

03.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་སེར་མདོག་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས8ཉིན་གྱི་ཆུ་ཚོད20ནས9ཉིན་གྱི་ཆུ་ཚོད20བར། ཧན་ཞིའི་བྱང་རྒྱུད་དང་ཧྲའན་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་བྱུང་བའི་ཉེན་ཁ་ཅུང་ཆེ།

  • ཚེས8ཉིན་གྱི་དུས་ཚོད15:44བར། 2025ལོའི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད)སྒོར་དུང་ཕྱུར18ལས་བརྒལ་ཡོད་པ་རེད།

  • རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། ཧའེ་ནན་སན་ཡ་རྒྱལ་སྤྱི་ཁྲལ་འཇལ་མི་དགོས་པའི་གྲོང་གི་ཉིན་རེའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར1.2ལས་བརྒལ་ཡོད།

  • ཚེས8ཉིན། རྒྱལ་ཡོངས་ཀྱི་ཤོང་ཚད་ཆེ་བའི་ནཱ་གྱེས་རྡུལ་གསོག་ནུས་གསོག་གློག་ཁང་ཐོག་མ་དེ་ཀོང་ཤིས་ནན་ཉིང་དུ་སྤྱོད་འགོ་ཚུགས་པ་དང་། ཤོང་ཚད་ཆེ་རུ་བཏང་རྗེས་ཀྱི་གློག་ཁང་གིས་ཁྱིམ་ཚང་ཁྲི2ཙམ་གྱི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་སྲ་གཟུགས་ལྕགས་རིགས་ལིས་གློག་རྫས་ཀྱི་མཐུད་ངོས་འབྲེལ་ཐུག་དཀའ་གནད་ཐག་གཅོད་བྱས་ཏེ། དེ་ཉིད་དངོས་སུ་སྤྱོད་རྒྱུར་འགག་རྩའི་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

  • ཚེས8ཉིན། ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲང་ཧྲོའེ་ཡིས་ལོ་བདུན་གྱི་རྗེས་སུ། ཝུའུ་ཧན་གྱི་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བུད་མེད་ཀྱི་ཨང16ནང་ལ་སླར་ཡང་རིམ་སྤོར་བྱས་ནས། མི་སྒེར་གྱི་འགྲན་བསྡུར་ཚོགས་འདུའི་གྲུབ་འབྲས་ཡག་ཤོས་ལ་ཐོན་པ་རེད།

04.jpg

  • ཚེས8ཉིན་སུའེ་ཏེན་ཧང་ཅ་ཚན་རིག་ཁང་གིས་ཁྱབ་བསྒྲགས་བྱས་དོན། 2025ལོའི་ནོ་པེར་རྫས་འགྱུར་བྱ་དགའ་དེ་པེ་ཁྲོན་ཅིན་དང་། ལི་ཁྲ་ཏེ·ལུའོ་པུའུ་སེན། ཨའོ་མར·M·ཡ་ཅི་བཅས་ལ་སྤྲོད་རྒྱུ་ཡིན་པ་རེད།

05.jpg

  • ཚེས7ཉིན་ནས་བཟུང་ཀོང་ཤིས་ཁྲུང་ཙུའོ་ལུང་ཀྲོའུ་རྫོང་གི་གཙང་པོ་མང་པོར་ཉེན་རྟོག་ཚད་བརྒལ་གྱི་ཆུ་ལོག་ཐོན་ནས། ས་གནས་དེ་གའི་གྲོང་ཨུ་དང་སློབ་གྲྭ་སོགས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བརྩིས་ནས་གཙོ་གནད་ས་ཁོངས་ཀྱི་མི་སྣ490གནས་སྤོར་བྱས་པ་དང་འབྲེལ་གཙོ་གནད་ས་ཁོངས་ཀྱི་སྐོར་ཞིབ་ཉེན་སེལ་ལ་ཤུགས་སྣོན་བྱས་པ་རེད།

  • ཀོང་ཏུང་ཀྲའོ་ཆིང་གི་སྐྱེས་པ་ཧོང་ཆེ་གེ་མོ་དམག་ལ་ཞུགས་རྗེས་དམག་ཞབས་ཞུ་རྒྱུ་དང་ལེན་མ་བྱས་པར་གཞུང་ལས་པར་བསྡུ་མི་ཆོག་པ་དང་དངུལ་ཆད་སྒོར29936སོགས་དོན་ཚན6གི་ཆད་པ་བཅད་པ་རེད།

06.jpg

  • ཚེས6ཉིན། མེ་འཁོར་ཐེངསD957ཐོག་ལོ་བདུན་ཅུ་ལྷག་ཙམ་གྱི་རྒན་པ་ཞིག་ལ་གློ་བུར་དུ་ནད་འཕར་བའི་སྐབས་སུ། སྨན་པ་ཧོང་རེན་ཧྥེ་དང་ཝང་ཆང་ཧྥེ་གཉིས་འཁོར་སྒྲོམ་14རུ་སོང་ནས་རྒན་པར་མྱུར་དུ་སྨན་བཅོས་བྱས་པ་དང་། མི་མང་གི་མཉམ་ལས་འོག་རྒན་པའི་ནད་རྟགས་རིམ་བཞིན་ཇེ་ལྷོད་དུ་སོང་ནས་ནད་གཞི་ཚོད་འཛིན་ཐུབ་སོང་།

སྲིད་ཇུས།

  • ལེའོ་ཉིང་གིས་སྨན་ཁང་དུ་བསྡད་ནས་ལྟ་སྐྱོང་བྱེད་མི་དགོས་པའི་ཚོད་ལྟའི་ཞབས་ཞུ་སྤེལ་འགོ་ཚུགས་པ་དང་། ནད་གཡོག་པའམ་ཡང་ན་སྨན་ཁང་གིས་གདན་ཞུ་བྱས་པའི་སྨན་བཅོས་ནད་གཡོག་པས་ཚད་ལྡན་ཅན་གྱི་འཚོ་བའི་ལྟ་སྐྱོང་ཞབས་ཞུ་མཁོ་འདོན་བྱས་ཏེ་ནད་པའི་ནང་མིའི་ལྟ་སྐྱོང་གི་ཁུར་པོ་དངོས་སུ་ཡང་དུ་བཏང་ཡོད།

  • ནང་སོག་གིས་ཇུས་གཞི་པར་འགྲེམས་བྱས་ནས་གསར་དུ་བསྐྲུན་པའི་སྡོད་ཁང་ལས་གྲྭའི“སྡེ་བདག་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་ཧུར་ཐག་སྤེལ་རྒྱུར་སྐུལ་ལྕག་བཏང་ནས། སྡེ་བདག་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་ཡུལ་དངོས་ནས་གནས་ཚུལ་དངོས་ལ་ལྟ་ཞིབ་དང་ས་གནས་ས་ཐོག་གི་ཨར་ལས་གནས་ཚུལ་ཤེས་རྟོགས་བྱས་ཆོག་པར་སྐུལ་ལྕུག་བཏང་།

  • ཧོ་ནན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཨར་སྐྲུན་གྱི་གྲངས་འཛིན་ཐོན་ཁུངས་མཛོད་བསྐྲུན་ནས། ཞིང་ཆེན་རིམ་པ་ཡན་གྱི་རིག་གནས་སྲུང་སྐྱོང་ཚན་པའི་རིག་དངོས་བཟོ་སྐྲུན་གྲངས་འཛིན་ཅན་གྱི་དོ་དམ་ཁྱོན་ཡོངས་ལ་ཁྱབ་རྒྱུ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

07.jpg

  • ཧྲའན་ཞིའི་ནུབ་བྱང་རྒྱུད་དང་། ཧྲན་ཞིའི་དབུས་བྱང་རྒྱུད། ཧོ་པེའི་དབུས་རྒྱུད། པེ་ཅིང་། ཐེན་ཅིན། ཧྲན་ཏུང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་། ཧྲའན་ཞིའི་བྱང་ཤར་རྒྱུད་དང་། ཧྲན་ཞིའི་ནུབ་རྒྱུད་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།