དེ་རིང་ནི2025ལོའི་ཟླ10པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-10 09:13:00   |   101

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་དེ་ཟླ10ཚེས13ནས་ཚེས14ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་རྒྱུ་རེད། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་འཛད་སྤྱོད་ཁྲོམ་ར་འཕར་ཚད་ཅུང་ཡག་པོ་ཡོད། རྒྱལ་ཡོངས་འཛད་སྤྱོད་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་ཉིན་རེའི་ཆ་སྙོམས་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས4.5%འཕར་ཡོད། 

  • གནས་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཉིན8རིང་། རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་གནས་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར8.88ཡོད་པ་དང་། རྒྱལ་ནང་གནས་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར8090.06ཡིན་པ་རེད། 

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བཞི་ཙམ་བསྡུས་ཟིན་པ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོ་ཁག་ལ་སྔ་རྗེས་སུ་ལོ་ལེགས་བྱུང་བའི་དུས་སུ་སླེབས་ཡོད་པ་རེད། 

  • ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གློག་རྡུལ་ཐམ་ག་དོ་དམ་བྱ་ཐབས》དཔར་འགྲེམ་བྱས་ནས། གློག་རྡུལ་ཐམ་ག་དོ་དམ་དང་བེད་སྤྱོད་བྱེད་སྒོ་ཚད་ལྡན་དུ་བཏང་། 

  • 2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཟླ11པར། ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚོ་ཆུང22ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས31ཏུ་སྔ་རྗེས་སུ་བཅའ་སྡོད་བྱས་ནས་ལོ་འཁོར་གྱི་དཔྱད་ཞིབ་སྐོར་ཞིབ་བྱ་རྒྱུ་རེད།

24ee8be94b578337778b7880075d7b45.jpg 

  • བཟོ་འཕྲིན་པུ་དང་ནོར་སྲིད་པུ། ཁྲལ་དོན་སྤྱི་ཁྱབ་ཅུས་སོགས་སྡེ་ཁག་གསུམ་གྱིས་ཉེ་ཆར་སྤྱི་བསྒྲགས་བྱས་ནས2026ལོ་ནས2027ལོ་བར་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་རྫས་ཀྱི་ལག་རྩལ་བླང་བྱ་ལྟར། གློག་སྒུལ་རྐྱང་པའི་རླངས་འཁོར་དང་། གློག་འཇུག་རྣམ་པའི་མཉམ་བསྲེས་སྒུལ་ཤུགས་རླངས་འཁོར་གྱི་འབྲེལ་ཡོད་ལག་རྩལ་བླང་བྱ་ལེགས་སྒྲིག་སོགས་ཀྱི་གནས་ཚུལ་ཁ་གསལ་བཟོས་ཡོད།

  • ཚེས9ཉིན་ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས། མི་མེད་གནམ་གྲུར་ངོ་རྒོལ་བྱེད་པའི་ལག་རྩལ་སྤྱི་གཉེར་སོགས་ཕྱི་རྒྱལ་གྱི་དངོས་ཚན་དེ་བློས་འགེལ་མི་རུང་བའི་དངོས་ཚན་གསལ་ཐོའི་ནང་འཇུག་རྒྱུའི་གཏན་འབེབས་བྱས་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཚེས9ཉིན་གྱི་ཉིན་གུང་གི་ཆུ་ཚོད12པར། དུས་མཚམས་དང་པོའི་ཅ་ཧྲ་དམག་མཚམས་འཇོག་པའི་གྲོས་མཐུན་དངོས་སུ་གོ་ཆོད་པ་རེད། 

    སྤྱི་ཚོགས།

  • ཉེ་ཆར། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་བརྡ་ཐོ་བཏང་ནས། ས་ཁུལ་ཁག་གཅིག་གི་ཆར་པ་བསྟུད་མར་འབབ་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། སྟོན་འབྲུ་ཐོན་སྐྱེད་བྱས་རྗེས་ཀྱི་ཞབས་ཞུ་དང་ཉོ་སྒྲུབ་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།

  •  ཚེས9ཉིན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས2025ལོའི་དུས་ཚིགས་གཉིས་པ་དང་གསུམ་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་མཁན་སྨན་པ་ཀྲང་ཅུན་ཆའོ་སོགས་མི69མིང་ཐོའི་ནང་ཚུད་ཡོད་པ་རེད། 

6f4d1194b2c1c43a8621e7c547001bab.jpg

  • ཚེས9ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ། དམིགས་བསལ་ཨོ་ལིན་ཕི་ཁེ་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མེ་སོན་ལེན་པའི་མཛད་སྒོ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་འཚོགས། 

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་དུས་ཐེངས་དང་པོའི་མི་སྒེར་གྱིས་སྨན་བཅོས་གུན་སྐྱོབ་ཐེབས་རྩ་ཁ་བསླུས་རྒྱག་པའི་དཔེ་མཚོན་གྱོད་གཞི7ཡོངས་བསྒྲགས་བྱས་ཡོད། 

  • ཧུའུ་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཝུའུ་ལན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • ཟླ10ཚེས1ནས8ཉིན་བར། རང་རྒྱལ་གྱི2025ལོའི་རྒྱལ་སྟོན་སྐབས་ཀྱི་གློག་བརྙན་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར18.35ཡིན་པ་དང་། གློག་བརྙན་ལྟ་མཁན་མི་ཐེངས་ཁྲི5007ཡོད། 

  • ཚེས9ཉིན། ཞུང་ཨན་ཁུལ་གསར་གྱི་ཀྲུང་དབྱང་ཁེ་ལས་ཁ་འགྲེམས་བྱས་པ་ཁག་དང་པོ་སྟེ་ཀྲུང་གོའི་ཧྭ་ནེང་དང་ཀྲུང་གོ་ཧྭ་ཅན་ཞུང་ཨན་དུ་དངོས་སུ་སྤོས་པ་རེད། 

  • ཚེས8ཉིན་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་སྐྱེལ་མེ་འཁོར་ཁྲི8.4བཏང་བ་དང་ལམ་ཐིག་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི6000ལྷག་ཡོད་པ་རེད། 

b587a4431247443915ef3d05a50cb599.jpg

  • ཉེ་ཆར་རང་རྒྱལ་གྱི་ཞིབ་འཇུག་ཚོགས་པས་སྣེ་ཁྲིད་དེ་མཁན་པའི་རིགས་དབྱེའི་དཀའ་གནད་སེལ་བ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་དུས་དེབ《རང་བྱུང—འཕྲིན་གཏོང》ཐོག་སྤེལ་ཡོད་པ་རེད། 

640.gif

  • ཉེ་ཆར་ཀོང་ཏུང་ཧྲན་ཐོའུ་ཡི་སྐྱེས་པ་ཞིག་སྤོ་ལོ་རྒྱག་སྐབས་གློ་བུར་དུ་འགྱེལ་བ་ན། ཕ་ཡུལ་དུ་ལོག་ནས་གཉེན་ཉེ་ཐུག་འཕྲད་བྱེད་མཁན་དངོས་ཞབས་དམག་མི་ཀྲེང་ཕེ་ཧྥུང་བྲེལ་མྱུར་མདུན་དུ་བསྐྱོད་དེ་གློ་སྙིང་སླར་གསོ་བྱས་ཏེ། རྩ་ཆེའི་རོགས་སྐྱོབ་དུས་ཚོད་བརྩོན་ལེན་བྱས་པ་དང་། དེ་རྗེས་སྐྱེས་པ་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་ཡོད། 

    སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཏོན་པའི《སྤྱི་གཉེར་ཐོ་འགོད་ལམ་ལུགས་བཙན་ཤེད་ཀྱིས་ཐོ་ཁོངས་ནས་སུབ་རྒྱུའི་ལག་བསྟར་བྱ་ཐབས》དེ་ཚེས10ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་དང་། ལས་གཉེར་ལག་ཁྱེར་རྩིས་མེད་དུ་གཏོང་བ་དང་སྒོ་རྒྱག་ཏུ་བཅུག་པའམ་ཡང་ན་ཕྱིར་འཐེན་བྱས་ཉིན་ནས་བཟུང་ལོ་གསུམ་སོང་རྗེས་སྤྱི་གཉེར་ཐོ་འགོད་ལས་ཁུངས་ལ་ཐོ་ཁོངས་ནས་སུབ་རྒྱུའི་རེ་ཞུ་མ་བྱས་པའི་སྤྱི་གཉེར་དུ་སྤྱོད་འཐུས། 

  • ཁྲུང་ཆིང་གིས་ཡིག་ཆ་བཀྲམ་ནས། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་སྟབས་བདེའི་གསལ་འབྱེད་དཔྱད་དཔོག་ལས་དོན་ཚད་ལྡན་དུ་བཏང་ནས། གནོད་འཚེའི་དོན་དངོས་སྟབས་བདེ་བ་དང་། འགན་འཁྲི་ངོས་འཛིན་ཐད་རྩོད་གཞི་མེད་པ། གནོད་འཚེའི་མཇུག་འབྲས་ཅུང་ཆུང་བ་བཅས་ཀྱི་སྟབས་བདེའི་གྱོད་གཞིར་རིགས་གཅིག་མཁས་ཅན་ལ་སྐྱེ་ཁམས་ཁོར་ཡུག་ཏུ་གནོད་འཚེ་ཕོག་པའི་དཔྱད་དཔོག་བྱ་རྒྱུའི་མངགས་བཅོལ་བྱེད་པ་དང་འབྲེལ་རིགས་གཅིག་མཁས་ཅན་གྱི་དཔྱད་དཔོག་བསམ་འཆར་འདོན་ཆོག་པ་བྱས།

  • ཅང་སུའུ་ཡིས་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་འཆར་བཏོན་ནས། ཞིང་ལས་ལ་སྐུལ་ཁྲིད་བྱེད་ནུས་ཆེ་ཙམ་ལྡན་པའི་ཁྱིམ་ཚང་ཞིང་ར་དང་ཆེད་ལས་མཉམ་ལས་ཁང་། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས། སྡེ་བའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་བཅས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

cffb3a0eb05ba79ba98ff3d9edbb0b03.jpg

  • ཧྲའན་ཞིའི་ནུབ་བྱང་རྒྱུད་དང་ཧྲན་ཞིའི་དབུས་རྒྱུད། ཧོ་པེའི་དབུས་རྒྱུད། པེ་ཅིན་ལྷོ་རྒྱུད། ཐེན་ཅིན། ཧྲན་ཏུང་གི་དབུས་བྱང་རྒྱུད་བཅས་དང་དེ་བཞིན་སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་དང་ཀན་སུའུ་ཡི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།