དེ་རིང་ནི2025ལོའི་ཟླ11པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-11 10:12:21   |   405

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ10ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་ལ་གློག་འཕྲིན་བཏང་ནས། ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ80འགོར་བར་རྟེན་འབྲེལ་ཞུས་པ་རེད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་《སྲིད་དོན་ཁྱབ་ཁོངས་ཀྱི་མིའི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོའི་བཀོད་སྒྲིག་བཀོལ་སྤྱོད་ཀྱི་མཛུབ་ཁྲིད》པར་འགྲེམས་བྱས་ནས། རིམ་པ་ཁག་གི་སྲིད་དོན་སྡེ་ཁག་ལ་མིའི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་བཀོད་སྒྲིག་བེད་སྤྱོད་ཀྱི་བྱ་བའི་ཁྲིད་སྟོན་དང་གཞི་རྩའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

  • “ལྔ་བཅུ་བཞི”རིང་རང་རྒྱལ་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ་ཁྱིམ་ཚང་ཁྲི224ཡི་རྒན་པར་འཚམ་པའི་སྒྱུར་བཀོད་བྱས་པ་དང་། རྒན་པ་རོགས་སྐྱོར་ཀྱི་ཟས་ཁང་གནས་ཁྲི8.6བསྐྲུན་ཡོད།

  • རུབ་ཆར་གནམ་གཤིས་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་གཅོག་ཆེད། ཉེ་ཆར་ནོར་སྲིད་པུས་ཞིང་ལས་དང་གྲོང་གསེབ་པུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར4.84མར་ཕྱིན་པ་རེད།

  • བཟོ་འཕྲིན་པུ་སོགས་སྡེ་ཁག་གསུམ་གྱིས་སྤྱི་བསྒྲགས་སྤེལ་ནས། འཁོར་གཟིངས་ཀྱི་དཔྱ་ཁྲལ་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་ནུས་རྒྱུ་གྲོན་ཆུང་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་རྫས་ཀྱི་ལག་རྩལ་བླང་བྱ་ལེགས་སྒྲིག་བྱས་ཡོད།

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་ཉིན་ཤས་གོང་གསལ་བོར་བསྟན་དོན། ས་གནས་ཁག་གིས1911ལོའི་གོང་གི་ཚོན་རིས་དང་འཇིམ་སྐུ་ལ་རྩ་དོན་ཐོག་ད་ལྟའི་གནས་ཚུལ་ལ་ཚན་རྩལ་སྲུང་སྐྱོང་བྱས་ནས་གནའ་བོའི་ལྡེབས་རིས་དང་ཚོན་ལྡན་འགྱིག་གཟུགས་གསར་བཟོ་བྱ་རྒྱུ་གཏན་འགོག་བྱེད་དགོས་ཞེས་བསྟན།

  • རྒྱལ་ཁབ་བདེ་འཇགས་པུ་ཡིས་“ཐའེ་ཝན་རང་བཙན་གྱི་གཏམ་བརྗོད་པ”མི3ཡི་ཐོབ་ཐང་ཆ་འཕྲིན་ཡོངས་བསྒྲགས་བྱས་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་ཡིས་སྤྱི་བསྒྲགས་སྤེལ་ནས་ཚེས14ཉིན་ནས་བཟུང་ཨ་རིའི་གྲུ་གཟིངས་ལ་གྲུ་གཟིངས་ཀྱི་དམིགས་བསལ་གྲུ་ཁའི་ཞབས་ཞུའི་གྲོན་དངུལ་བསྡུ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཀའོ་ཐུང་སྤྱི་གཉེར་ལ་སྒེར་སྡེམ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལས་འགལ་བའི་དོགས་གཞི་ཡོད་པ་དང་། ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱ་རྒྱུའི་ཐག་བཅད་པ་རེད།

01.jpg

  • ཀྲུང་གོ་དང་ཐེ་ལན། ཨ་རི་བཅས་ཀྱིས“བསྡུ་རུབ་གྲུ་གཟིངས”ཀྱི་མཚོ་ཐོག་དུག་རྫས་ལྐོག་ཚོང་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན7འཛིན་བཟུང་བྱས་ཤིང་། ཡུལ་དངོས་ནས་དུག་རྫས་ཅ་ཅི་པུན་ཨན་སྤྱི་རྒྱ4973.4གཞུང་བཞེས་བཏང་།

    སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་ཉེན་ཟོན་སྔོན་བརྡ་བཏང་ནས། ཚེས10ཉིན་གྱི་ཆུ་ཚོད20ནས་ཚེས11ཉིན་གྱི་ཆུ་ཚོད20བར། སི་ཁྲོན་གྱི་བྱང་ཤར་རྒྱུད་དང་། ཧྲའན་ཞིའི་ལྷོ་ནུབ་རྒྱུད་དང་དབུས་རྒྱུད། ཀན་སུའུ་ཡི་ཤར་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད་པ་རེད།

  • ཚེས10ཉིན་ནས་བཟུང་། 2026ལོའི་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་མིང་ཐོ་འགོད་འགོ་ཚུགས་པ་རེད།

  • ཚེས10ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་པར་ད་དུང་ཉིན30ཡོད་པ་དང་འགྲན་ར་ཚང་མ་གྲ་སྒྲིག་བྱས་ཟིན་པ་རེད།

  • ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཧྲང་ཅའོ་སུའོ་ཡི་ཁྲོམ་འགྲེམས་སྤྱི་གཉེར་ཡོན་ཁྲེང་ཁོར་ཡུག་མ་རྐང་ཚད་ཡོད་སྤྱི་གཉེར་གྱིས་ནོར་དོན་རྫུན་བཟོའི་གྱོད་གཞི་ཚབས་ཆེན་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། དངུལ་ཆད་སྒོར་ཁྲི3745.46གཅོད་རྩིས་ཡོད་པ་དང་། འགན་འཁྲི་མི་སྣ5ལ་ཁྱོན་སྡོམ་དངུལ་ཆད་སྒོར་ཁྲི་4200གཅོད་རྩིས་ཡོད་པ་རེད།

  • སྤྱི་བདེ་པུའི་རྩིས་འཁོར་ཆ་འཕྲིན་མ་ལག་གི་བདེ་འཇགས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱིས་ཞིབ་བཤེར་ཚད་ལེན་བྱས་པ་བརྒྱུད། སྒུལ་བདེའི་བེད་སྤྱོད་མ་ལག34ལ་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པའི་གནས་ཚུལ་ཡོད་པ་རེད།

  • ཧྲན་ཞིའི་ཞིང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཧྲེང་ཀྲང་ཅིན་ཞང་ཅུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

04.gif

  • ཀྲུང་གོའི་པང་ལེབ་རྐྱང་པའི་གངས་ཤུད་ལུས་རྩལ་པ་དང་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་སུའུ་དབྱི་མིང་གིས་ཉིན་ཤས་གོང་བརྙན་ལམ་ཁྱབ་བསྒྲགས་བྱས་ནས་འཛམ་གླིང་གི་པང་ལེབ་རྐྱང་པའི་གྱེན་འགོག་ཐོག་མ་དེ“རྒྱབ་འཁོར”ཏུའུ1980ཡི་བར་སྣང་འཁོར་བའི་རྩལ་ལེགས་གྲུབ་བྱས་པར་རྟེན་འབྲེལ་ཞུས་པ་རེད།

  • རྒྱལ་སྟོན་གྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་པོའི་ཐོག་ཁང་ཁྲོམ་རར་བྲིན་ཚོང་གི་དུས་སྐབས་སླེབས་པ་དང་། ཁང་པ་གསར་པ་དང་ལག་བརྒྱུད་ཁང་པའི་ཉོ་ཚོང་ཁྲོམ་རར་འཁྲུག་ཆ་དོད་པའི་རྣམ་པ་བྱུང་།

02.jpg

  • ཚེས10ཉིན་གྱི་ཆུ་ཚོད20ནས་བཟུང་། G217ལམ་ཐིག་གི་ཏུའུ་ཁུའུ་གཞུང་ལམ་དུ་དགུན་དུས་སུ་དངོས་སུ་བཀག་སྡོམ་བྱས་པ་དང་། སྔོན་དཔག་བྱས་ན2026ལོའི་ཟླ6པ་ཡས་མས་སུ་སླར་ཡང་ཤར་གཏོང་ཐུབ་རྒྱུ་རེད།

03.jpg

  • ཉེ་ཆར། ཧྥུའུ་ཅན་ཀྲང་ཀྲོའུ་ཡི་སྐྱེས་པ་ཞིག་ལ་རྩ་འཁུམ་བྱུང་ནས་ལམ་ངོས་སུ་འགྱེལ་བ་དང་། ལམ་འགྲོ་བ་ནད་གཡོག་དགེ་རྒན་རའོ་ལགས་ཀྱིས་འཕྲལ་དུ་མྱུར་སྐྱོབ་བྱས་པས་སྐྱེས་པའི་འདུ་ཤེས་སླར་གསོ་བྱུང་ཐུབ་སོང་།

    སྲིད་ཇུས།

  • ཅི་ལིན་གྱིས་བརྡ་ཐོ་བཏང་ནས“ཆེད་ལས་དང་སྤུས་ལེགས། དམིགས་བསལ། ཁྱད་ལྡན”བཅས་ཀྱི་ཁེ་ལས་འབྲིང་ཆུང་ལ་དངུལ་བུན་སྐྱེད་གསབ་སྤྲོད་པ་དང་། “གསར་པ་གསུམ་དང་སྟོབས་ཆེན་གཅིག”གི་རྣམ་གྲངས་ལ་ཁག་ཐེག་གྲོན་དངུལ་གྱི་ཁ་གསབ་དང་ལས་དོན་རྗེས་ཀྱི་བྱ་དགའ་སྤྲོད་པ། “མངོན་འགྱུར་ཀྲུང་གོའི”འགྲན་བསྡུར་ཆེན་མོའི་བྱ་དགའ་ཐོབ་པའི་ཁེ་ལས་ལ་རྣམ་གྲངས་རྐྱང་པའི་བྱ་དགའ་སྤྲོད་རྒྱུ་རེད།

  • ཨན་ཧུའེ་ཡིས་བྱེད་ཐབས་བཏོན་ནས་འཁྲབ་སྟོན་བྱེད་སྒོ་ཆེ་གྲས་འཚོང་ཆོག་པའི་འདེམས་ཤོག་དེ་འཁྲབ་སྟོན་ཁང་གི་རྐུབ་སྟེགས་ཆེ་ཤོས་ཀྱི90%ནས་95%བར་མཐོ་རུ་བཏང་ཡོད།

  • སི་ཁྲོན་གྱིས་བྱེད་ཐབས་བཏོན་ནས་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དགེ་རྒན་ལ་ཁང་པ་ཉོ་བའི་ཁ་གསབ་བམ་ཡང་ན་རྒྱ་ཁྱོན་གྱི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུར་སྐུལ་ལྕག་བྱེད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

04.jpg

  • ཅི་ལིན་གྱི་ཤར་རྒྱུད་དང་། ལེའོ་ཉིང་གི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་གི་དབུས་ལྷོ་རྒྱུད། ཧོང་ཧོའེ་ཡི་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུ་དང་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཧྲའན་ཞིའི་དབུས་ལྷོ་རྒྱུད་དང་སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།