དེ་རིང་ནི2025ལོའི་ཟླ10པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-13 09:10:51   |   60

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དང་། 《ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཀྱི་ཨུ་རུ་སུའི་ཡི་གེ་དང་ཧྥ་རན་སེའི་ཡི་གེ།  སི་ཕེན་གྱི་ཡི་གེ།  ཨ་རབ་ཀྱི་ཡི་གེ་བཅས་ཀྱི་པར་མ་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་ལ་ཁ་གཏད་དེ་པར་སྐྲུན་བྱས།  

  • “ལྔ་བཅུ་བཞི”རིང་རྒྱལ་ཡོངས་ཀྱི་རྒན་གསོའི་ཉལ་ཁྲི་ཁྲི800ཁྲོད་ནད་གཡོག་རྣམ་པའི་ཉལ་ཁྲིའི་བསྡུར་ཚད“ལྔ་བཅུ་གསུམ”དུས་མཇུག་ལས་ཆེས་ཆེར་འཕར་ནས་བསྡུར་ཚད65%ལས་བརྒལ་ཡོད་པ་རེད། 

  • རྒྱལ་ཁབ་སྦྲག་སྲིད་ཅུའི་རྟོག་འཇལ་གྲངས་གཞི་ལས་མངོན་པ་ལྟར་ན། ཚེས11ཉིན་བར། ད་ལོ་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར1500ལས་བརྒལ་བ་དེ2024ལོ་ལས་ཉིན37གྱིས་སྔ་སྣུར་བྱས་ཡོད་པ་རེད།

  • ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་འབྲིང་ཆུང་གི་འཕར་ཐང་དུས་མཚུངས་ལས7.6%འཕར་བ་དང་། ལྷག་པར་དུ་ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་པ་བཅས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཅུང་ཡག་པོ་བྱུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་པའི“གྲགས་ཆེན”ཁེ་ལས་ཀྱི་འཕར་ཐང་དུས་མཚུངས་ལས8.7%འཕར་ཡོད། 

  • བཟོ་འཕྲིན་པུ་སོགས་སྡེ་ཁག་བདུན་གྱིས་ཉིན་ཤས་གོང་ཇུས་གཞི་དཔར་འགྲེམ་བྱས་ནས2028ལོར་སླེབས་སྐབས། ཞབས་ཞུ་ཅན་གྱི་བཟོ་སྐྲུན་སྣེ་ཁྲིད་སྤུས་རྟགས50གཏོད་དགོས་ཞེས་བཏོན་ཡོད། 

  • ཉེ་ཆར་འཕྲལ་བསྟུན་དོ་དམ་པུ་དང་ནོར་སྲིད་པུས་བརྡ་ཐོ་བཏང་ནས། རྒྱལ་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་དཔྱིད་རོགས་སྐྱོབ་ལས་དོན་སྔ་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།

b191bb70f761738314212aae11b7095b.jpg

  • རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། FASTགསར་རྙེད་བྱུང་བའི་རྩ་འཕར་རྒྱུ་སྐར་གྱི་གྲངས་འབོར1152ལ་སླེབས་པ་དེ་དུས་མཚུངས་ཀྱི་རྒྱལ་སྤྱིའི་ཐོག་རྒྱང་ཤེལ་གཞན་དག་གིས་ཤེས་རྟོགས་བྱུང་བའི་རྩ་འཕར་རྒྱུ་སྐར་གྱི་གྲངས་འབོར་བསྡོམས་ལས་ཆེས་ཆེར་བརྒལ་ཡོད་པ་རེད། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀའོ་ཐུང་སྤྱི་གཉེར་གྱི་གྱོད་དོན་ཐོ་འགོད་ཀྱི་བརྟག་དཔྱད་བྱ་བའི་ཐད་འབྲེལ་ཡོད་དོན་དངོས་གསལ་པོ་དང་དཔང་རྟགས་ཁུངས་བཙན་ཡོད་པས། གོམ་སྟབས་རྗེས་མར་ཁྲིམས་དང་སྒྲིག་སྲོལ་དང་ལུགས་མཐུན་དྲང་གཞག་གི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱས་ནས། འབྲེལ་ཡོད་བརྟག་དཔྱད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། 

  • ཚེས12ཉིན་ཧྥི་ལི་ཕིན་གྱི3002དང3003རྟགས་ཅན་གྱི་གཞུང་དོན་གྲུ་གཟིངས་ཀྲུང་གོའི་ནན་ཧྲ་གླིང་ཚོམ་གྱི་ལྕགས་ལམ་བྲག་རྡོའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་འགལ་ངང་འཛུལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་དོ་དམ་ཚོད་འཛིན་བྱས་པ་དང་འབྲེལ་བློ་ཐག་ཆོད་པོས་ཕྱིར་འབུད་བྱས་པ་རེད། 

    སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་སྔོན་བརྡ་བཏང་ནས། སྔོན་དཔག་བྱས་ན་ཚེས12ཉིན་གྱི་ཆུ་ཚོད20ནས་ཚེས13ཉིན་གྱི་ཆུ་ཚོད20བར། ཧུའུ་པེའི་ནུབ་རྒྱུད་དང་ཁྲུང་ཆིང་གི་བྱང་ཤར་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད་པ་རེད། 

  • ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་ལེན་བྱས་པར་གཞིགས་ན། ཚེས12ཉིན་གྱི་དུས་ཚོད15:21སྟེང་སི་ཁྲོན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དུ་ས་ཡོམ་རིམ་པ4.7བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི10ཡིན་པ་རེད། 

  • ཟླ9པར། ཀྲུང་གོའི་མཛོད་ཉར་སྟོན་གྲངས་ཆུང་ཙམ་འཕར་ནས་མངགས་ཐོ་གསར་པའི་སྟོན་གྲངས་སླར་ཡང་རྒྱ་སྐྱེད་གཏོང་བའི་བར་མཚམས་སུ་སླེབས་ཡོད། 

  • 2025ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་མཉམ་འབྲེལ་ཐོག་བསྡུ་བའི་སྟོན་དུས་ཀྱི་ཆེད་དོན་བྱེད་སྒོ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྤེལ་བ་དང་། མིག་སྔར་ཁྱད་ལྡན་ཞབས་ཞུའི་བྱེད་སྒོ283སྤེལ་ཡོད། 

  • རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུའི་ཏང་ཙུའུ་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཧན་ཀྲན་ཝུའུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • ནན་ཅིང་དམར་གསོད་ཆེ་མོའི་ནང་སྲོག་ཉེན་ལས་ཐར་བའི་ཐང་ཧྥུའུ་ལུང་ཟླ10ཚེས9ཉིན་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ90ཡིན་པ་རེད། མིག་སྔའི་བར་ཐོ་འགོད་བྱས་པའི་འཛམ་གླིང་ཐོག་སྲོག་ཉེན་ལས་ཐར་བའི་མི24ལས་མེད་པ་རེད། 

  • ཉེ་ཆར་ཧྲན་ཞི་ཡོན་སྡེ་བའི་རྗེས་ཤུལ་གྱི་ཚོང་པའི་བང་སོ་སྔོག་འདོན་དཔྱད་གཞི4ཡོངས་བསྒྲགས་བྱས་པར་གཞིགས་ན། བང་སོ་བཞི་པོ་དེ་ཤེས་རྟོགས་བྱུང་བ་དེས་ཅིན་ལྷོ་ས་ཁུལ་གྱི་སྔ་ཚོང་རིག་གནས་ཁྱབ་ཚུལ་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། 

  • ས་གནས་དེ་གའི་དུས་ཚོད་ཚེས12ཉིན། ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་ལ་རྒྱལ་སྤྱིའི་འགྲེམས་སྟོན་ཅུས་སྤྲད་པའི་ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་རང་སྐྲུན་ཁང་ཆེ་གྲས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད། 

deec70ce09dd89a34e5eae59033a39e9.jpg

  • ཀྲེ་ཅང་གི་བཟོ་བཀོད་པ་ཡུས་ཐེ་ཧུང་བསམ་ཡུལ་ལས་འདས་པ་ཞིག་གི་དབང་གིས་སྐུ་གཤེགས་པ་དང་། ནང་མིས་ཁོང་འཚོ་བཞུགས་སྐབས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ་ཁོང་གི་དབང་པོ་ཞལ་འདེབས་བརྒྱབ་ནས་ཁྱིམ་ཚང་བདུན་ལ་སླར་ཡང་རེ་བ་བསྩལ་བ་རེད། 

    སྲིད་ཇུས།

  • ཧོ་པེ་ཡིས་བརྡ་ཐོ་བཏང་ནས། ཞིང་ཆེན་ཁོངས་གཏོགས་ཀྱི་རྐང་འཛིན་མཐོ་སློབ་ཀྱིས་དཔེ་དབྱིབས་ཆེན་པོ་སློབ་གསོ་སློབ་ཁྲིད་རྣམ་པའི་ཁྲོད་དོན་འཁྱོལ་བྱ་རྒྱུར་སྔོན་ལ་སྐུལ་འདེད་བཏང་ནས། རང་གཤིས་ཅན་གྱི་སློབ་ཁྲིད་དང་གནད་སྨིན་ཅན་གྱི་དོ་དམ། རིག་ནུས་ཅན་གྱི་ཞབས་ཞུ་བཅས་ཀྱི་གསར་གཏོད་བྱེད་སྟངས་འཚོལ་ཞིབ་བྱས་ཡོད། 

  • ཧྲན་ཏུང་གིས་བརྡ་ཐོ་བཏང་ནས། སྲུང་སྐར་གྱི་དཔེ་དབྱིབས་ཆེན་པོའི་རིགས་འདེད་དམ་ཡང་ན་སྦྱོང་བརྡར་ལེགས་སུ་བཏང་བ་དང་འབྲེལ་ཆེད་ལས་དཔྱད་ཞིབ་སྒྲིག་གཞིའི་ཆུ་ཚད་དཔྱད་བསྡུར་ཚད་ལེན་བྱས་པའི་དཔེ་དབྱིབས་ཆེན་པོའི་ཐོན་རྫས་འགྲེམས་སྟོན་བྱེད་པར་སྤྱི་འབོར་རེར་བྱ་དགའ་སྒོར་ཁྲི100ལས་མི་བརྒལ་བ་བྱ་རྒྱུ་རེད། 

  • ཧྥུའུ་ཅན་གྱིས་བརྡ་ཐོ་བཏང་ནས་ཞིང་ཆེན་རིམ་པ་དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྒྲིག་ཁོངས་ཀྱི་མི50དང་དེ་ཡན་གྱི་ལས་ཁུངས་དང་སྒྲིག་ཁོངས་མི67དང་དེ་ཡན་གྱི་བྱ་གཞག་ཚན་པའི(སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཕུད)དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་ནས་གཏན་འབེབས་ཀྱི་བསྡུར་ཚད་ལོན་མེད་རིགས་ལ་ལུགས་མཐུན་ངང་ལས་གནས་བཀོད་སྒྲིག་བྱ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

409f2f0f52fa128901fb24ac4a2540a3.jpg

  • ཧྲའན་ཞིའི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་བྱང་དབུས་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཧོ་ནན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། དེའི་ནང་ཁྲུང་ཆིང་བྱང་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། དེ་མིན་ཀོང་ཏུང་གི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཅང་ཞིའི་ལྷོ་རྒྱུད་དང་ཤར་རྒྱུད། ཧྥུའུ་ཅན་ནུབ་རྒྱུད་སོགས་ས་ཁུལ་ཁག་ཏུ་ཆར་པ་ཆེན་པོའམ་ཡང་ན་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།