དེ་རིང་ནི2025ལོའི་ཟླ10པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-14 09:07:57   |   225

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

f80b66e5a1cd7b98781171ced96fb52b.jpg

  • ཟླ10ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་། 

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི33.61ཡིན་པ་དེ་དུས་མཚུངས་ལས4%འཕར་ཡོད། 

  • ཟླ1པོ་ནས9པའི་བར། རྒྱལ་ཁབ་གློག་དྲས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར4200ལས་བརྒལ་བ་དེ་དུས་མཚུངས་ལས8.1%འཕར་ཡོད། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་བུད་མེད་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས། མ་བུ་བདེ་ཐང་གི་ལྟེ་བའི་དམིགས་ཚད་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གྱི་འབྲེལ་ཡོད་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། 

  • ཀྲུང་གོ་གྲུ་གཟིངས་བཟོ་ལས་ལས་རིགས་མཐུན་ཚོགས་ཀྱིས་གྲངས་གཞི་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། “ལྔ་བཅུ་བཞི”རིང་ཀྲུང་གོའི་གྲུ་གཟིངས་ལས་རིགས་ཀྱི་དམིགས་ཚད་ཆེན་པོ་གསུམ་མགྱོགས་མྱུར་མཐོ་རུ་ཕྱིན་ནས་མུ་མཐུད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་ཡོད་པ་རེད། 

  • 2023ལོ་ནས་བཟུང་། རང་རྒྱལ་གྱིས་ཁེ་བེད་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ད་ལོའི་ཟླ་བརྒྱད་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཁེ་བེད་བདག་ཐོབ་ནང་བཤུག་ཆོག་འཐུས་ཐོ་འགོད་བྱེད་ཐེངས་རིམ་རྩིས་བྱས་ན་ཐེངས་ཁྲི115.4ལ་སླེབས་ཡོད། 

5f8fb0975f40b06934e4bb7c91a97f58.jpg

  • ཚེས13ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ། བདེ་བླག་ངང་ཚོད་ལྟའི་སྲུང་སྐར་སོ་གཅིག་པ་མཁའ་དབྱིངས་སུ་འཕེན་གཏོང་བྱས། 

  • ཚེས13ཉིན་ལོན་ཏོན་གྱི་ལག་ཡོད་ཚོང་ཟོག་གི་གསེར་གྱི་རིན་གོང་ཨེ་ཤེ་ཡའི་ཉོ་ཚོང་དུས་མཚམས་རྒྱུན་མཐུད་ངང་འཕར་ནས་སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར4060ཡི་འགག་སྒོར་སླེབས་ནས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

  • ཚེས13ཉིན་ཅ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་པའི་དུས་མཚམས་དང་པོའི་གྲོས་མཐུན་གཞིར་བཟུང་། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)ལས་སོ་སོར་བཀག་ཉར་བྱས་པའི་མི་སྣ་གློད་འགྲོལ་བཏང་བ་རེད། 

    སྤྱི་ཚོགས།

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུས་སྔོན་བརྡ་བཏང་ནས། ཚེས13ཉིན་གྱི་ཆུ་ཚོད20ནས་ཚེས14ཉིན་གྱི་ཆུ་ཚོད20བར། ཧུའུ་པེའི་ལྷོ་ནུབ་རྒྱུད་དང་ཁྲུང་ཆིང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད། 

  • ཚེས13ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར75དང་སྒོར70མར་ཆག་ཡོད། 

b8167fac30dea832c352ea65f069d27a.jpg

  • ཚེས13ཉིན། ཕྱི་རྒྱལ་དུ་ལོ་ངོ79རིང་ཤོར་བའི་ཁྲང་ཧྲའི་མདེའུ་མཛོད་ཀྱི་ཀྲན་གོའི་དར་གོས་དེབ་གཉིས་པ་དང་གསུམ་པའི《འབྱུང་ལྔའི་བཀའ》དང《རྒོལ་སྲུང་མོ་འདེབས》དངོས་སུ་ཕ་ཡུལ་དུ་ལོག་ནས། ཧུའུ་ནན་ཞིང་ཆེན་རྟེན་མཛོད་ཁང་དུ་ཉར་ཚགས་བྱས། 

  • ཚེས13ཉིན། སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས2025ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་དཔལ་འབྱོར་རིག་པ་མཁས་ཅན་ཆའོ་ཨར·མོ་ཅིའར་དང་། ཧྥེ་ལི་ཕུའུ·ཨ་ཅི་ཝུང་། པི་ཏེ·ཧའོ་དབྱི་ཐེ་བཅས་ལ་སྤྲོད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

  • 2025ལོར་འཛམ་གླིང་ལས་གྲྭ་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་གཞི་ཡོངས་ཀྱི་ཚོགས་ཆེན་ཐོག“2025ལོའི་གོ་ལ་ཧྲིལ་པོའི་ལས་གྲྭའི་གྲུབ་འབྲས་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་པའི་ནང་། DeepSeekའདོན་རྒྱུའི་སྐད་ཡིག་ཆེན་པོའི་དཔེ་དབྱིབས་དང་མི་གཟུགས་འཕྲུལ་འཁོར་སོགས་ཚུད་ཡོད་པ་རེད། 

  • རང་རྒྱལ་གྱི《གྲོང་ཁྱེར་གྱི་ཕྱོགས་བསྡུས་འཕེལ་རྒྱས་སྟོན་གྲངས་སྙན་ཞུ(2025ལོར)》ཐོག་མ་ཁྱབ་བསྒྲགས་བྱས་ཤིང་། པེ་ཅིང་དང་ཧྲེན་ཀྲེན། ཧྲང་ཧའེ་བཅས་ཀྱིས་ཕྱོགས་བསྡུས་མིང་རིམ་བདུན་གྲལ་གསུམ་བཟུང་ཡོད། 

  • ཚེས13ཉིན《གེགས་མེད་ཀྲུང་གོའི་ས་ཁྲ》དང《གེགས་མེད་འཛམ་གླིང་གི་ས་ཁྲ》ཁྱབ་བསྒྲགས་བྱས་པ་དེ་ནི་རྒྱལ་ནང་དུ་གེགས་མེད་ཀྲུང་གོ་དང་འཛམ་གླིང་གི་ས་ཁྲ་འབོར་ཆེན་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད། 

d02379b086939fcb5f798744f173eaf5.jpg

  • ཚེས13ཉིན། ཧྭ་ཏེན་ཅིན་ཧྲང་ཡེ་པ་ཐང་ཆུ་ཤུགས་གློག་ཁང་དུ་དངོས་སུ་ཆུ་གསོག་ཅིང་། དེས་རང་རྒྱལ་གྱིས་ས་བབ་ཆེས་མཐོ་ཤོས་ཀྱི་ཨར་འདམ་གཉིས་ལྡན་གྱི་ཆུ་རགས་གློག་ཁང་གི་འཕྲུལ་ཚན་ཁག་དང་པོའི་གློག་གཏོང་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པ་མཚོན་ཡོད། 

  • རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བུད་མེད་ཀྱི་སྨི10ཡི་དབུགས་འདེད་མདའ་རིང་འགྲན་བསྡུར་ཁྲོད། ཝང་ཙི་ཧྥེ་དང་ཧོང་ཡུས་ཐིང་། ཧན་ཅ་ཡུས་བཅས་ལས་གྲུབ་པའི་ཀྲེ་ཅང་རུ་ཁག་གིས1903.6ཡི་སྤྱིའི་གྲུབ་འབྲས་བཏོད་དེ་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཡོད། 

9c8dec53c66e04e73e011b2b4ef27aaf.jpg

  • ཉེ་ཆར་ཧྲན་ཏུང་ཐའེ་ཧྲན་གྱི་གནས་སྐོར་བ་ཞིག་གློ་བུར་དུ་སྙིང་ལྡིང་མཚམས་བཞག་ནས་ས་ལ་འགྱེལ་བ་ན། ཉེན་ཁ་ཆེ་བའི་སྐབས་སུ་གུང་གསེང་གཏོང་བཞིན་པའི་ནད་གཡོག་པ་ཝང་ཆུང་མདུན་དུ་མཆོང་ནས་མྱུར་སྐྱོབ་རླངས་འཁོར་ཡོང་ནས་ནད་པ་བདེ་འཇགས་ངང་བརྒྱུད་འདྲེན་བྱེད་པའི་བར་ནད་པའི་བྲང་ཁོག་གནོན་པ་དང་མི་ཐབས་ཀྱི་དབུགས་འབྱིན་རྔུབ་བྱས། 

    སྲིད་ཇུས།

  • ཐེན་ཅིན་གྱིས་ཇུས་གཞི་དཔར་འགྲེམ་བྱས་ནས། 2025ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་། གྲོང་ཁྱེར་དེ་གའི་གཞུང་བཙུགས་བུ་བཅོལ་ཁང་གི་སློབ་ཞུགས་གོང་གི་ལོ་གཅིག་གི་བུ་བཅོལ་ཁང་གི་བྱིས་པའི་གསོ་སྐྱོང་སློབ་གསོའི་གྲོན་དངུལ་རྩ་ཆག་གཏོང་རྒྱུ་རེད། 

  • ཧོ་པེ་ཡིས་ཇུས་གཞི་དཔར་འགྲེམ་བྱས་ནས། སྡེ་ཁག་དབར་གྱི་ཡིད་རྟོན་ཆ་འཕྲིན་གཅིག་སྡུད་མཉམ་སྤྱོད་རྐྱེན་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། “ཡིད་རྟོན་ཚབ་བྱེད་དོན་དག་གཅིག”གི་ལས་སྒྲུབ་མ་ལག་དྲ་ཐོག་ཏུ་བཏོན་ནས། གཉེར་སྐྱོང་བྱེད་པོ་དང་སྤྱི་ཚོགས་རྩ་འཛུགས། རང་བྱུང་མི་བཅས་ཀྱིས“རེ་ཞུ་འཕྲལ་མར་སྒྲུབ”ཐུབ་པ་བྱས་ཡོད། 

  • ཧུའུ་ནན་གྱིས་བརྡ་ཐོ་བཏང་ནས། ནུས་ཁུངས་གསར་པའི་རླངས་འཁོར་གྱི་སིམ་ཚད་མཐོ་རུ་བཏང་ཞིང་། ནུས་ཁུངས་གསར་པའི་རླངས་འཁོར་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ན་གཞོན་ཚོགས་སྤྱིར་དམིགས་ནས་ཐོག་མར་སྤྲོད་ཚད་དམའ་བ་དང་དུས་འཁོར་རིང་པོའི་དངུལ་རྩའི་ཇུས་གཞི་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

db715bb017c4b70a5ea684ec17a4f564.jpg

  • ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ནང་སོག་གི་ཤར་རྒྱུད། ཅི་ལིན་གྱི་ནུབ་རྒྱུད་སོགས་ས་ཁུལ་དུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་དྲག་པོ་འབབ་རྒྱུ་ཡིན་ལ། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་ཀྱི་ཡོད་པ་དང་། དེའི་ནང་ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།