དེ་རིང་ནི2025ལོའི་ཟླ10པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-15 08:58:35   |   103

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

b06fb2133370a6923e8e00b8800c744f.jpg

  • ཟླ10ཚེས14ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་ཀག་ནའི་ཙུང་ཐུང་མཱ་ཧ་མ་དང་མཇལ་འཛོམས་གནང་། 

61af712ce6e94815b202568ad260bfc8.jpg


  • ཟླ10ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་ཏོ་སྨི་ནི་ཁེའི་ཙུང་ཐུང་པོ་ཏུན་དང་མཇལ་འཛོམས་གནང་། 

dffc2af7677bc92bedb9706b190fbf6c.jpg

  • ཟླ10ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་འཁྱགས་གླིང་གི་ཙུང་ཐུང་ཐུའོ་མ་སི་ཏུའོ་ཏིར་དང་མཇལ་འཛོམས་གནང་། 

674ba8475c7532f615c4313a920f13bd.jpg

  • ཟླ10ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་མོ་ཙམ་པི་ཁེའི་ཙུང་ལི་ལའེ་ཝུའེ་དང་མཇལ་འཛོམས་གནང་། 

16b95fea9b23ea3b506e36b78e4e6665.jpg

  • ཟླ10ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཨ་མ་ལ་སུའུ་ལི་ཡ་དང་མཇལ་འཛོམས་གནང་། 

  • “ལྔ་བཅུ་བཞི”རིང་རང་རྒྱལ་གྱི་ལོ་རེར་ཆ་སྙོམས་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར4ཡན་དུ་ཡོད་པ་དང་། འབྲུ་རིགས་ཚད་ལྡན་མཛོད་ཁང་གི་ཤོང་ཚད་ཏུན་དུང་ཕྱུར7.3ལས་བརྒལ་ཞིང་། འབྲུ་རིགས་འཕྲལ་བསྟུན་འགན་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་། 

  • ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་འཚོང་བྱེད་ཚད་སོ་སོར་ཁྲི1124.3དང་ཁྲི1122.8ཡིན་པ་དེ་དུས་མཚུངས་ལས30%ལྷག་ཙམ་འཕར་ཡོད་པ་རེད། 

  • ཀོང་ཀྲོའུ་ཚོང་འདུས་སྐབས138པ་དེ་རིང་ཀོང་ཀྲོའུ་རུ་མགོ་བརྩམས་པ་དང་འགྲེམས་ཞུགས་ཁེ་ལས་ཁྲི3.2ལས་བརྒལ་ཡོད། 

  • ཚེས13ཉིན་གྱི་དགོང་མོར། ཀྲུང་གོ་དང་ཡོ་རོབ་ཀྱི་བྱང་སྣེའི་མྱུར་བགྲོད་མཁའ་ལམ་གྱི་ཟོག་འདྲེན་གྲུ་གཟིངས་ཐོག་མ་དབྱིན་ཇིར་འབྱོར། 

  • ཧྲ་མུའུ་ཧྲ་དབྱི་ཧོ་དབུ་ཚོགས་འཚོགས་པ་དང་ཨེ་ཅིབ་དང་ཨ་རི། ཐུར་ཁེ། ཁ་ཐར་བཅས་རྒྱལ་ཁབ་བཞིས་ཅ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུར་རྒྱབ་སྐྱོར་བྱེད་པའི་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་པ་རེད། 

    སྤྱི་ཚོགས།

dd73bd9917b846f52d0e316ec29a723b.jpg

  • ད་ལོའི་ལོ་སྨད་ཀྱི་ཆེས་དྲག་པའི་མཁའ་རླུང་གྲང་མོ་འབྱོར་ཉེར་ཡོད་པ་དང་། ཚེས14ཉིན་ནས་བཟུང་བྱང་ནས་ལྷོ་ཕྱོགས་སུ་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་ཤིང་། ས་ཁུལ་ཁག་གཅིག་གི་དྲོད་ཚད་ཆག་ཚད10℃ལས་བརྒལ་རྒྱུ་རེད། 

  • ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2026ལོ་འཁོར་གྱི་གཞུང་ཞབས་པར་རྒྱུགས་སྤྲོད་བསྡུ་སྤྱོད་ཀྱི་མིང་ཐོ་དེ་རིང་ནས་བཟུང་འགོད་མགོ་རྩོམ་པ་དང་། ཁྱོན་མི་ཁྲི3.81བསྡུ་རྩིས་ཡོད་པ་རེད། 

  • སྤྱི་བདེ་པུས་ཟླ11ཚེས1ཉིན་ནས་བཟུང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི“ཕན་ནུས་ཆེ་བའི་བྱ་བ་གཅིག་སྒྲུབ་པའི”སྒྱུར་བཅོས་བྱེད་ཐབས་ཁག7ལག་བསྟར་བྱས་ནས་རང་རྒྱལ་གྱིས་བཟོས་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་རླངས་འཁོར་གསར་པའི་ཐོག་རླངས་འཁོར་དོ་དམ་ཁང་དུ་བསྐྱོད་ནས་ཞིབ་བཤེར་བྱེད་དགོས་ཀྱི་མེད་པ་རེད། 

  • ཟླ10ཚེས1ནས8ཉིན་བར། རྒྱལ་ཡོངས་རྟེན་མཛོད་ཁང་གིས་ལྟད་མོ་བ་མི་ཐེངས་ཁྲི8630ཙམ་ལ་སྣེ་ལེན་ཞུས་པ་དེ2024ལོའི་རྒྱལ་སྟོན་རིང་ལྟ་སྐོར་བྱེད་མཁན་ལས་མི་ཐེངས་ཁྲི1141.94མང་དུ་ཕྱིན་ཡོད་པ་རེད། 

  • རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་དང་པོ《འཇིག་རྟེན་འཕུར་སྐྱོད་མ་ལག་གི་བདེ་འཇགས་རང་བཞིན་གྱི་བླང་བྱ་ཁག་ལྔ་པ་སྟེ། མི་བཞུགས་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས》དངོས་སུ་ཐོ་འགོད་བྱས་ནས་རྣམ་གྲངས་བཙུགས་པ་རེད། 

  • ཀྲུང་དབྱང་སྐོར་གཟིགས་ཚན་སྐོར་གྱི་དེ་སྔའི་པུ་རིམ་པ་གཞོན་པའི་སྐོར་གཟིགས་ཀྲོན་ཡོན་ཞུས་ཁྲོན་ཀྲི་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • ནང་སོག་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཝང་པོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཝང་པོ་ལ་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད། 

  • ཀྲུང་གོ་འབྲེལ་འཕྲིན་དང་ཀྲུང་གོ་ཁྱེར་འཕྲིན། ཀྲུང་གོ་གློག་འཕྲིན་བཅས་ཀྱིས་སྔ་རྗེས་སུeSIMལག་ཐོགས་ཁ་པར་གྱི་གཉེར་སྐྱོང་ཞབས་ཞུའི་ཚོང་སྤྱོད་ཚོད་ལྟ་བྱ་རྒྱུའི་མཆན་བཀོད་བཀའ་ལན་དངོས་སུ་ཐོབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། 

5734765d7aa3aa13617c7272bebb3f72.jpg

  • ཚེས14ཉིན། “འཛམ་གླིང་སྒོ་རྩིས་ཚོང་ཁང”དབྱི་ཝུའུ་ཁྲོམ་ར་རིམ་སྤོར་གསར་པ་བྱུང་ནས། གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་ལྟེ་གནས་དངོས་སུ་ལས་གཉེར་བྱེད་མགོ་བརྩམས། 

640.gif

  • ཚེས10ཉིན་གྱི་ཕྱི་དྲོར། ཀྲེ་ཅང་ཅ་ཤིང་ཁྲིམས་འཛིན་ཉེན་རྟོག་པ་ཧྥེང་ཡེ་ཡིས་གློག་སྒྲོན་དམར་པོ་སྒུག་པའི་རིང་རྨས་མའི་ལས་རོགས་ཀྱི་རོགས་སྐྱོར་རེ་བ་ཞུས་པས། འཕྲལ་དུ་ཁ་ལོ་བར་གཞོགས་འདེགས་བྱས་ནས་རྨས་མ་སྨན་ཁང་དུ་བསྐྱལ་བ་དང་། སྐར་མ་ཉི་ཤུའི་རླངས་འཁོར་ལམ་ཐག་ལ་སྐར་མ་དགུ་ལས་འགོར་མེད་པས་རྨས་མ་དུས་ཐོག་ཏུ་སྨན་བཅོས་བྱ་ཐུབ་པ་བྱུང་། 

    སྲིད་ཇུས།

  • སློབ་གསོ་པུ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཉམ་འབྲེལ་ཐོག《སློབ་གྲྭའི་ཟ་ཁང་གི་བཟའ་བཅའ་འབོར་ཆེན་ཉོ་སྒྲུབ་ཞིབ་བཤེར་རྩིས་ལེན་དོ་དམ་ལས་དོན་གྱི་མཛུབ་ཁྲིད》དཔར་འགྲེམ་བྱས་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། 

  • ཉིང་ཞ་ཡིས་བརྡ་ཐོ་བཏང་ནས། 2026ལོའི་ཟླ་དང་པོ་ནས་བཟུང་། བྱིས་པའི་ཕན་བདེའི་སྒྲིག་གཞིའི་ནང་གཅིག་སྡུད་གསོ་སྐྱོང་དང་སྤྱི་ཚོགས་ཁ་ཐོར་དུ་གནས་པའི་དྭ་ཕྲུག་གི་ཕོགས་སྣོན་འགན་ལེན་ཚད་གཞི་སོ་སོར་མི་རེར་ཟླ་རེར་སྒོར2110དང་སྒོར1640མཐོ་རུ་བཏང་ཡོད། 

  • ཀན་སུའུ་ཡིས“ཁང་པ་ཡག་པོའི”འཆར་འགོད་ཁྲིད་སྟོན་སྒྲིག་སྲོལ་ཁྱབ་བསྒྲགས་བྱས་ནས། སྡེ་ཁུལ་སྨན་ཁང་གི་ཞབས་ཞུའི་ཚངས་ཕྱེད་སྨི1000ལས་མི་བརྒལ་བ་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཀྱི་ཞབས་ཞུའི་ཚངས་ཕྱེད་སྨི500ལས་མི་བརྒལ་བ་བྱེད་དགོས་ཞེས་བཏོན་ཡོད། 

    དེ་རིང་གི་གནམ་གཤིས། 

31fb498aee2d83b7a1338266555ee312.jpg

  • ཤིན་ཅང་ཐེན་ཧྲན་རྒྱུད་དང་ནང་སོག་གི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ཅང་ཧན་བྱང་རྒྱུད། ཧོང་ཧོའེ་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་ཀྱི་ཡོད་ལ། དེའི་ནང་སི་ཁྲོན་ཤར་རྒྱུད་དང་། ཁྲུང་ཆིང་གི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།