དེ་རིང་ནི2025ལོའི་ཟླ10པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-16 08:55:29   |   119

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ10ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཐེ་ལི་ཁེ·ཧོ་མི་ཡུས་ལ་གློག་འཕྲིན་བཏང་ནས་ཁོང་སའེ་ཧྲེར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས། 

  • ཟླ10ཚེས16ཉིན་དཔེ་སྐྲུན་བྱ་བའི《བདེན་འཚོལ》དུས་དེབ་ཐེངས20པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་སྐུལ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་སྐུལ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་སྐུལ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་སྐུལ》སྤེལ་རྒྱུ་ཡིན་པ་རེད།

b7473cefa0d0afef1f91e1b67fad099f.jpg

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་དྲུག་ལྷག་བསྡུས་ཟིན་པ་དང་འཕེལ་རིམ་སྤྱིའི་ཆ་ནས་རྒྱུན་གཏན་ལྟར་ཡོད་པ་རེད། 

  • ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱིས་ཁྲལ་འཕྲི་དངུལ་གཅོག་དང་དེ་བཞིན་ཁྲལ་སློག་སྒོར་དུང་ཕྱུར་ཁྲི1.3ཡས་མས་ལོངས་སུ་སྤྱད་ཡོད། 

  • ཟླ9པར། རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྟོན་གྲངསCPIཟླ་གོང་མ་ལས0.1%འཕར་ཡོད། 

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱིས་ཚོང་ཟོག་གི་ཨང་རྟགས་ཐོ་འགོད་བེད་སྤྱོད་བྱས་པའི་འཛད་སྤྱོད་དངོས་རྫས་རིགས་ཁྲི1992.2མང་དུ་ཕྱིན་པ་དེ་དུས་མཚུངས་ལས31.4%འཕར་ཡོད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་དྲུག་གིས་ཉེ་ཆར་བྱ་སྤྱོད་ཇུས་གཞི་དཔར་འགྲེམ་བྱས་ནས2027ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་གསོག་སྒྲིག་ཆས་ཁྲི2800བསྐྲུན་རྒྱུ་རེད། 

  • ཚེས15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ཉེ་དུས་ཐའེ་ཝན་གྱི་སྡོད་དམངས་སྐམ་ས་ཆེ་མོར་དོན་འཁྱོལ་བྱེད་པར་ཡོང་བའི་ལག་ཁྱེར་གཉེར་བའི་འགག་སྒོའི་ཁྱབ་ཁོངས་དེ་ཆ་རྐྱེན་འཛོམས་པའི་འགག་སྒོ་ཚང་མར་རྒྱ་ཆེར་གཏོང་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

  • ཚེས15ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་སྐྱོད་བྱས། 

  • ཚེས15ཉིན། ཉིའུ་ཡུའེ་ཚོང་ཟོག་ཉོ་ཚོང་ཁང་གི་གསེར་གྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་རྩིས་སྤྲོད་མ་འཇོག་བྱེད་མང་ཤོས་ཀྱི2025ལོའི་ཟླ12པའི་གསེར་གྱི་རིན་གོང་སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར4200ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

    སྤྱི་ཚོགས། 

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས15ཉིན་གྱི་མཚན་མོ་ནས་ཚེས19ཉིན་བར། གྲང་ངར་ཅུང་ཆེ་བའི་མཁའ་རླུང་ནུབ་ནས་ཤར་ཕྱོགས་སུ་སྔ་རྗེས་སུ་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། ས་ཁུལ་མང་ཆེ་བའི་ཆ་སྙོམས་དྲོད་ཚད་རིམ་རྩིས་བྱས་ན4~8℃ཆག་རྒྱུ་རེད། 

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཁྲིམས་འགལ་སྒྲིག་འགལ་གྱི་དམག་དཔུང་དང་འབྲེལ་བའི་རང་མོས་སྨྱན་སྦྱོར་རྩིས་ཐོའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས། 

  • 2025ལོའི“ཀྲུང་གོའི་མི་བཟང་མིང་ཐོ”ཐེངས་གསུམ་པ་ཚེས15ཉིན་ཁྱབ་བསྒྲགས་བྱས་ཤིང་། དགུན་དུས་སུ་རང་སྲོག་ཕངས་མེད་ཀྱིས་གཙང་པོར་མཆོངས་ནས་དཔའ་ངར་ཆེན་པོས་མི་བསྐྱབས་པའི་ལོ་བརྒྱད་ཅུ་ལྷག་གི་རྒན་པ་ཡའོ་ཧྲི་ཀྲང་སོགས་མི138གཟི་བརྗིད་ལྡན་པའི་ངང་མིང་ཐོའི་ནང་ཚུད་ཡོད། 

b3002e477788921998ffef37e70d52d3.jpg

  • ཀྲུང་དབྱང་དངུལ་ཁང་གིས2025ལོའི་ཟླ10ཚེས31ཉིན་དོམ་ཁྲའི་རྩ་ཆེའི་ལྕགས་རིགས་དྲན་གསོའི2026ལོའི་དངུལ་ལོར་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། ཁྱོན15ཡོད་པ་རེད། 

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཧའེ་ནན་ཞིང་ཨུའི་དེ་སྔའི་རྒྱུན་ཨུ་དང་ཧའེ་ཁོའུ་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ལུའོ་ཙེང་པིན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཁྲིམས་ལྟར་གཞུང་གཏུག་བྱས། 

  • ཚེས15ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས《ཚའེ་གོ་ཆང་གི་འབྲུག་འཁྱུག་པ》ཞེས་པའི་ཤོག་སྦག་མེ་ཏོག་བརྒྱག་པར་བརྟག་དཔྱད་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། 

3e3635860ed2ad448ee6c601593461cb.jpg

  • རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་རབས་གསར་པའི་མྱུར་བགྲོད་གཞུང་ལམ་གྱི་དུས་ཐོག་རླབས་སྟོན་འཕྲུལ་ཆས་ཚེས15ཉིན་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། དེས་ཐོག་ནས་གོ་ལ་ཧྲིལ་པོའི་གློག་རྡུལ་འཕྲིན་གཏོང་ཐོན་ལས་ཀྱིས་མྱུར་ཚད་ལས་བརྒལ་བའི་བརྡ་རྟགས“ཀྲུང་གོའི་ཚད་གཞི”བསུས་པ་མཚོན་ཡོད། 

  • དྲག་ཆས་ཉེན་རྟོག་གི་པུ་ཞིག་གིས་རུ་འཁྱུར་དམག་ཁྱི་རིན་མེད་ངང་སྤྱི་ཚོགས་ཐོག་གསོ་སྐྱོང་བྱེད་པའི་ལས་དོན་སྤེལ་བ་དང་། ད་ཆ་གཏན་འབེབས་ཀྱི་གོ་རིམ་ལྟར་ཚད་ལྡན་གྱི་གསོ་སྐྱོང་བྱེད་མཁན་བསྡུ་རུབ་བྱས་ཡོད།

  • ཚེས15ཉིན། 2025ལོའི་ཕིང་ཕང་སྤོ་ལོའི་ཨེ་ཤེ་ཡའི་གཟེངས་རྟགས་འགྲན་བསྡུར་ཚང་མ་མཇུག་འགྲིལ་བ་དང་། རྒྱལ་ཁབ་ཀྱི་ཕིང་ཕང་སྤོ་ལོའི་རུ་ཁག་གིས་བུད་མེད་ཚོགས་པ་དང་སྐྱེས་པའི་ཚོགས་པའི་ཨང་དང་པོ་བླངས་པ་རེད། 

  • ཧྲན་ཏུང་ལེའོ་ཁྲེང་གི་གྲོང་ཁྱེར་ཕིང་ཆུས་སུ་ར་བཟི་ནས་རླངས་འཁོར་བཏང་བའི་ལས་འཛོལ་ཐོན་ནས་མི8ཤི་བ་དང4ལ་རྨས་སྐྱོན་ཕོག་པ་དང་། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཚེས15ཉིན་བརྡ་ཁྱབ་བཏང་ནས། ཆང་རག་འཐུང་ནས་རླངས་འཁོར་ཆུང་གྲས་གཏོང་མཁན་ཏུའུ་ཆེ་གེ་མོ་ཁྲའོ་སྤྱི་བདེ་ལས་ཁུངས་ཀྱིས་ཚོད་འཛིན་བྱས་ཡོད་པ་རེད། 

    སྲིད་ཇུས།

  • ཧེ་ལུང་ཅང་གིས་ཇུས་གཞི་དཔར་འགྲེམ་བྱས་ནས་སོག་མ་ཡོངས་རྫོགས་ཞིང་ནང་དུ་སྤྱོད་རྒྱུའི་ལས་དོན་སྤེལ་མཁན་ཞིང་འཕྲུལ་དུད་ཚང་སོགས་ཀྱི་ལས་དོན་བྱེད་པོར་དོན་དངོས་གནས་ཚུལ་གཞིར་བཟུང་ཞིང་ཆེན་རིམ་པའི་ཁ་གསབ་སྤྲོད་རྒྱུ་དང་། ཆེས་མཐོ་ཤོས་ལ་མུའུ་རེར་སྒོར30སྤྲོད་རྒྱུ་རེད། 

  • ཧུའུ་ནན་གྱིས་གཏན་འཁེལ་བྱས་པའི་ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞིར་རྟེན་གཞིའི་ནུས་པ་མི་འདྲ་བར་གཞིགས་ནས་ཐེངས་གཅིག་རང་བཞིན་གྱི་གསོ་སྐྱོང་བྱ་དགའ་སྒོར་ཁྲི60སྤྲོད་རྒྱུ་རེད། 

  • སི་ཁྲོན་ཁྲེང་ཏུའུ་ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་གྲོང་ཁྱེར་དེ་གའི་འཇལ་བཅོལ་ཚོད་འཛིན་མེད་པ་བཟོས་པ་དང་། ཡུལ་གཞན་དུ་བཅོལ་མཁན་གྱིས་ཁྲེང་ཏུའུ་རུ་ཁང་པ་ཉོ་སྐབས། “ཚོང་ལས་གཞུང་སྒྱུར”གྱི་དངུལ་བུན་རེ་ཞུ་བྱེད་ཆོག་པས། ཡུལ་གཞན་དུ་ལས་ཀ་བྱེད་པ་དང་ཕ་ཡུལ་དུ་ལོག་ནས་ལས་ཀ་བྱེད་པ་སོགས་ཀྱི་ཚོགས་སྤྱིར་ཕན་པ་ཐོབ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

ef23cd9cba0c661ee07975c2e5fc0e23.jpg

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་ནང་སོག་གི་ཤར་རྒྱུད། ཤིན་ཅང་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་སོགས་སུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཅིང་། ཤིན་ཅང་ཐེན་ཧྲན་ས་ཁུལ་གྱི་ཤར་རྒྱུད་ས་ཁུལ་ཁག་ཅིག་ཏུ་ཁངས་ཆེན་འབབ་ཀྱི་ཡོད། ནང་སོག་གི་དབུས་རྒྱུད་དང་། ཧྲའན་ཞིའི་བྱང་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཤར་རྒྱུད། ཧྲང་ཧའེ། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་བྱང་རྒྱུད། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཀུའེ་ཀྲོའུ་བྱང་ཤར་རྒྱུད་དང་ནུབ་རྒྱུད། སི་ཁྲོན་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཧུའུ་པེའི་ལྷོ་རྒྱུད་དང་ཧུའུ་ནན་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།