དེ་རིང་ནི2025ལོའི་ཟླ10པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-17 09:01:04   |   116

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། སློབ་གཉེར་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཞིང་ལས་སྟོབས་ཆེར་བཏང་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུའི་དམ་བཅའ་འཇོག་པ་དང་། ཞིང་ལས་ལ་དགའ་ཞེན་བྱེད་མཁན་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན། 

  • ཟླ10ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཙུགས་ནས་ལོ80འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

  • 2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཟླ11པ་ནས་མགོ་རྩོམ་རྒྱུ་དང་ད་ལོ་ཀྲུང་དབྱང་གི་མིང་ཐོག་ནས་ཐོག་མར་སྤེལ་བ་ཡིན་ཞིང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་རེད། 

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། དུས་ཚིགས་གསུམ་པར་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར1.78ཡིན་པ་དང་། རྒྱལ་ཁོངས་སུ་ཡོང་མཁན་ཕྱི་རྒྱལ་བ་དུས་མཚུངས་ལས48.3%འཕར་ཡོད། 

  • ཀྲུང་གོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ལྷོ་ཨ་ཧྥེ་རི་ཁ་དང་བྷེ་ཨུ་རུ་སུ་སོགས་རྒྱལ་ཁབ་བཅུ་ཡི་ཐོན་རྫས་རིགས་ཐེངས15ལ་ཆོག་འཐུས་ཡིག་ཆར་མིང་རྟགས་བཀོད་ཡོད། ལྷོ་ཨ་ཧྥེ་རི་ཁའི་ཉིང་འབྲས་ནས་ཐུར་ཁེའི་མཚོ་ཟས་བར“དར་གོས་ལམ་བུའི་ཞིམ་ཟས”ཀྲུང་གོའི་གསོལ་ལྕོག་ཐོག་མགྱོགས་མྱུར་བསྐྱོད་ཡོད། 

033ed4edcbbd6792530bf2c8d3ed078c.jpg

  • ཚེས16ཉིན། རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་བ་སྤྱད་དེ། སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་ཚན་སྐོར12ཀྱི་སྲུང་སྐར་འཕེན་གཏོང་བྱས། 

  • ཀྲུང་གོའི“བྱང་གསུམ”བཟོ་སྐྲུན་ལ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས“གོ་ལ་ཧྲིལ་པོའི་ལག་རྩལ་གྲུབ་འབྲས་ནགས་ལས་བྱ་དགའ”སྤྲད། 

0290298eccdd81d9ea5cefbf0e1fd05a.jpg

  • ཀྲུང་གོ་ཐེན་ཅིན་རྒྱལ་སྤྱིའི་ཐད་འཕུར་གནམ་གྲུའི་དངོས་མང་སྟོན་ཚོགས་སྐབས་བདུན་པ་དེ་ཚེས16ནས19ཉིན་བར་འཚོག་རྒྱུ་དང་། རྣམ་པ་གསར་བའི་འཕྲལ་རྒོལ་སྐྱེལ་འདྲེན་ཐད་འཕུར་གནམ་གྲུ—20Tཐོག་མར་ཡོངས་བསྒྲགས་བྱས། 

  • ཚེས16ཉིན། ཧྥི་ལི་ཕིན་གྱི་མྱུལ་ཞིབ་གནམ་གྲུ་གཉིས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མཁའ་དབྱིངས་སུ་ཁྲིམས་འགལ་ངང་འཛུལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་དང་སྒྲིག་སྲོལ་ལྟར་རྗེས་སྙེག་ལྟ་ཞིབ་དང་དོ་དམ་ཚོད་འཛིན་བྱས་ནས་ཕྱིད་འབུད་བཏང་། 

    སྤྱི་ཚོགས།

  • ཚེས16ཉིན་གྱི་མཚན་མོ་ནས་ཚེས22ཉིན་བར། མཁའ་རླུང་གྲང་མོ་ཅུང་དྲག་པས་དབུས་ཤར་རྒྱུད་དུ་རྒྱུན་མཐུད་ངང་ཤུགས་རྐྱེན་ཐེབས་ནས། དྲོད་ཚད6~10℃ཆག་པ་དང་། ས་ཁུལ་མང་ཆེ་བར་ད་ལོའི་ལོ་སྨད་ཚུན་གྱི་དྲོད་ཚད་ཆེས་དམའ་ཤོས་སུ་སླེབས་རྒྱུ་རེད། 

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་བུ་བཙའི་གུན་སྐྱོབ་ཐེབས་རྩ་གཡོ་ལེན་བྱས་པའི་དཔེ་མཚོན་གྱོད་གཞི5དམར་འདོན་བྱས་ཡོད། 

  • རྒྱལ་ཁབ་ལྕགས་ལམ་ཅུས་རྒྱལ་ཡོངས་ཀྱི་ལྕགས་ལམ་ལྟ་སྐུལ་ཐད་སྦྲེལ་ཁ་པར12327དངོས་སུ་ཤར་གཏོང་ཐུབ་ནས། སྤྱི་ཚོགས་མང་ཚོགས་ཀྱི་དོ་ཁུར་ལ་ལན་བཏབ་ཡོད། 

  • རོལ་རྩེད《ལྷ་སྒྲུང་ནག་པོ་སྟེ་ཝུའུ་ཁུང》སོགས་ལ་ཀྲུང་གོའི་པར་དབང་གི་གསེར་གྱི་བྱ་དགའ་ཐོབ་ཡོད། 

  • ཞུང་ཨན་ཁུལ་གསར་དུ་ཁ་འགྲེམས་བྱས་པའི་པེ་ཅིང་དུ་ཡོད་པའི་མཐོ་སློབ4ཕྱོགས་ཡོངས་ནས་ཨར་ལས་བྱེད་པའི་དུས་སུ་སླེབས་པ་དང་། སྔོན་དཔག་བྱས་ན2027ལོར་ཁྱོན་ཡོངས་ནས་སྤྱོད་རྒྱུ་ཡིན་པ་རེད། 

  • ཉེ་དུས་རྒྱལ་སྤྱིའི་ལྕགས་རིགས་རྩ་ཆེན་གྱི་རིན་གོང་འཕར་ཆག་ཆེན་པོ་བྱུང་བར་དམིགས་ནས། ཧྲང་ཧའེ་གསེར་ཉོ་འཚོང་ཁང་གིས་ཚོགས་མི་ཁག་ལ་ཉེན་ཁ་ཆེ་བའི་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་དྲན་སྐུལ་བྱས་པ་དང་། མ་འཇོག་བྱེད་མཁན་ལ་ཉེན་ཁ་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་བྱས་པ་རེད། 

  • ཀན་སུའུ་ཞིང་ཆེན་ཡུས་མོན་གྲོང་ཁྱེར་གྱི་ཆན་ཧུང་ཆོན་ནས་ཧེ་ཧྲན་བྱང་ཐང་ས་ཁུལ་དུ་གསེར་གཏེར་ཆེ་གྲས་ཤིག་གསར་དུ་རྙེད་པ་དང་གསེར་གྱི་ཐོན་ཁུངས་གསར་དུ་འཕར་སྣོན་ཚད་ཏུན40ལས་བརྒལ་ཡོད་པ་རེད། 

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་འབར་མའི་བྱང་ཕྱོགས་ཀུའོ་ཀན“ཁྱིམ་རྒྱུད་ཆེན་པོ་བཞི”ཡི་ཉེས་གསོག་ཚོགས་པའི་གྱོད་གཞི་ཚང་མ་ཁྲིམས་འཛིན་གྱི་གོ་རིམ་ནང་ཚུད་ཡོད་པ་རེད། 

  • འཇར་མན་གྱི་མཁས་དབང་གིས་བྲིས་པའི《1932-1945ལོའི་ལྗར་པན་གྱི་སྐྱེ་དངོས་དམག་འཁྲུག་དཔུང་སྡེས་ཀྲུང་གོར་གསོ་རིག་གི་མི་ལུས་ཚོད་ལྟ་བྱས་པ》(རྒྱ་ཡིག་དང་དབྱིན་ཡིག་པར་མ)ཚེས15ཉིན་འཇར་མན་གྱི་ཧྥ་ལན་ཁེ་ཕུའུ་ཡི་དཔེ་དེབ་འགྲེམས་སྟོན་ཐོག་ཐོག་མར་འགྲེམས་སྤེལ་བྱས། 

640.jpg

  • ཚེས15ཉིན་ཉེ་དུས་བསྟུད་མར་ཆར་པ་བབས་པའི་རྐྱེན་གྱིས་ཅི་ནན་པའོ་ཐུའུ་ཆུ་མིག་གི་ཆུ་ཁ་སྨི30.32ལ་སླེབས་ནས། 1966ལོ་ཚུན་གྱི་ཆུ་ཁ་མཐོ་ཤོས་ཀྱི་ཟིན་ཐོ་སླར་ཡང་བཏོད་པ་རེད། 

    སྲིད་ཇུས།

  • སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུ་སོགས་སྡེ་ཁག་དགུ་ཡིས་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། གྲོང་ཁྱེར་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་ཚོང་ལས་རིག་ནུས་ཅན་གྱི་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་དང་སྡོད་ཁང་གི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་ཁག32བཏོན་ཡོད། 

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་བརྡ་ཐོ་བཏང་ནས། 2025ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་སྤྱི་འདོམས་ས་ཁུལ་ཚང་མར་འཕྲལ་དུ་རྩིས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཕྱིར་འཚོང་ལས་སྟེགས་དང་གཉེར་སྐྱོང་མཁན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་འཆར་བསྡུ་ལེན་བྱས་ཏེ། ཕྱིར་འཚོང་ལས་སྟེགས་ཀྱིས“ཟ་ཁང་མེད་པའི”ཚོང་པར་ཆེད་གཏོགས་མཚོན་རྟགས་འགོད་དགོས་པའི་བླང་བྱ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

45767f5ecbacc7f28f619e1b3ee99bcf.jpg

  • ནང་སོག་གི་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དབུས་བྱང་རྒྱུད། ཀན་སུའུ་ཡི་དབུས་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད་པ་དང་། དེའི་ནང་ནང་སོག་གི་བྱང་ཤར་རྒྱུད་དང་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་དྲག་པོ་འབབ་རྒྱུ་རེད། སི་ཁྲོན་གྱི་བྱང་ཤར་རྒྱུད་དང་། ཁྲུང་ཆིང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧྲའན་ཞིའི་ཤར་ལྷོའི་རྒྱུད། ཧུའུ་པེའི་བྱང་རྒྱུད་དང་ནུབ་རྒྱུད། ཧོ་ནན་གྱི་ས་ཆ་མང་ཆེ་བ། ཨན་ཧུའེ་བྱང་རྒྱུད། ཅང་སུའུ་བྱང་རྒྱུད། ཧྲན་ཏུང་གི་ཤར་ལྷོ་རྒྱུད། ཡུན་ནན་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།