དེ་རིང་ནི2025ལོའི་ཟླ10པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-20 09:57:01   |   77

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེང་ལི་ཝུན་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་བ་དང་། ཀྲེང་ལི་ཝུན་གྱིས་ཞི་ཅིན་ཕིང་ལ་ཕྱིར་གློག་འཕྲིན་བཏང་ནས་ཐུགས་རྗེ་ཆེ་ཞུས།

  • ཟླ10ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཚུན་ཧྲན་ཧྥུའུ་ཧྲི་སྐུ་གཤེགས་པར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས། ཚུན་ཧྲན་ཧྥུའུ་ཧྲི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ནང་མིར་འཚམས་འདྲི་གནང་།

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བདུན་ཙམ་བསྡུས་པ་རེད།

  • སྡོད་ཁང་འཛུགས་སྐྲུན་པུ་སོགས་སྡེ་ཚན་དགུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས། 2027ལོའི་ལོ་མཇུག་སྔོན་དུ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ཐད་རིག་ནུས་ཅན་གྱི་གྲོང་ཁྱེར་དོ་དམ་སྒྲིག་བཀོད་སྒྱུར་བཀོད་སོགས་ཁྱབ་ཁོངས་ཆེན་པོ་དགུ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་བཏོན།

  • “ལྔ་ཚན་བཅུ་བཞི”ཚུན་དུ། རང་རྒྱལ་གྱི་རྩིས་རྒྱག་ནུས་པའི་གཞི་ཁྱོན་ལོ་རེར་ཆ་སྙོམས་འཕར་ཚད30%ཟིན་པ་དང་། འཕར་ཚད་བཅུ་ཆ་བདུན་ལས་བརྒལ་བའི་འཕར་ཚད་ནུབ་རྒྱུད་ནས་བྱུང་བ་རེད།

  • ཚེས19ཉིན། ཀྲུང་གོའི་ཕྱི་ཚོང་ནང་འདྲེན་ཉོ་ཚོང་ཚོགས་འདུ་སྐབས138པའི་དུས་ཐེངས་དང་པོ་མཇུག་འགྲིལ་བ་དང་། དུས་ཐེངས་ཚོང་འདུས་ཀྱི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཡུལ་དངོས་སུ་ཞུགས་མཁན་མི་ཁྲི15ལྷག་ཙམ་ཟིན་པ་དང་། དུས་མཚུངས་ལས6.3%འཕར་ཡོད།

  • ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་ལས་གྲུབ་པའི་ཧྲིན་ཀྲོའུ་ཉི་ཤུ་ཚོགས་ཆུང་འཁོར་ལམ་ཐོག་ཉིན་170ལྷག་ཙམ་འགོར་བ་དང་། “བར་སྣང་དུ་ལས་དོན་སྒྲུབ་པའི་ཡུལ་སྐོར”མཇུག་སྒྲིལ་ལ་ཉེ།

01.jpg

  • ཚེས19ཉིན། ལི་ཅན་ཨང་རྟགས་དང་པོའི་ཡོ་པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཏུང་ཧྥེང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་དུ་འཕེན་གཏོང་བྱས་ནས། ཕ་ཁི་སི་ཐན་རྒྱང་ཚོར་སྲུང་སྐར་02དང་། ཀྲུང་ཁོའོ་སྲུང་སྐར་03དང་སྲུང་སྐར04བཅས་སྲུང་སྐར3གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ་བ་རེད།

  • ཁ་ཐར་གྱི་ཕྱི་འབྲེལ་པུས་ཚེས19ཉིན་གསལ་བསྒྲགས་སྤེལ་ནས། ཕ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱིས་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ནས་གྲོས་མོལ་བྱེད་སྐབས་འཕྲལ་དུ་དམག་མཚམས་འཇོག་རྒྱུར་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས19ཉིན། ཧྥ་རན་སེའི་པ་ལིའི་ལུའུ་ཧྥུའུ་ཕོ་བྲང་གི་སྒོ་ཕྱེ་སྐབས་མཚོན་ཆ་བཟུང་ནས་འཕྲོག་བཅོམ་བྱ་བའི་དོན་རྐྱེན་ཞིག་བྱུང་བ་དང་། ཉར་ཚགས་དངོས་རྫས་མང་པོ་ཞིག་རྐུ་འཕྲོག་བྱས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས19ཉིན་གྱི་མཚན་མོ་ནས་ཚེས21ཉིན་བར། དྲོད་ཚད་དམའ་ཤོས0℃ཡི་ཐིག་དེ་ལྷོ་ཕྱོགས་ཧྭ་བྱང་དབུས་རྒྱུད་ནས་ཧྲའན་ཞིས་བྱང་རྒྱུད་དང་ཀན་སུའུ་ཤར་རྒྱུད་དུ་ཐོན་རྒྱུ་རེད།

  • ཉེ་དུས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཨ་རིའི་དྲ་རྒྱའི་རྒོལ་བའི་གྱོད་གཞི་གལ་ཆེན་ཞིག་རྩད་ཆོད་ནས། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུའི་དྲ་རྒྱས་ཀྲུང་གོའི་རྒྱལ་ཁབ་དུས་སྤྲོད་ལྟེ་གནས་ལ་ལྐོག་རྒོལ་བྱས་པའི་བདེན་དཔང་ཁོང་དུ་ཆུད་ཡོད།

  • ཚེས18ཉིན། རྒྱལ་ཁབ་ཀྱི“ལྔ་ཚན་བཅུ་བཞིའི”ལས་གྲྭ་གལ་ཆེན་སྟེ། ཅིན་ཧྲ་ཅང་གཙང་བོའི་ཆུ་ཤུགས་ས་ཚིགས་ཀྱིས་གཙང་པོའི་བཞུར་རྒྱུན་གཅོད་རྒྱུ་ལེགས་གྲུབ་བྱུང་བ་དང་། སྔོན་དཔག་བྱས་ན2028ལོར་ཆུ་ཤུགས་ས་ཚིགས་བསྐྲུན་རྗེས་ཆ་སྙོམས་ལོ་ལྟར་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར43ལྷག་ཙམ་ཐོན་སྐྱེད་ཐུབ་རྒྱུ་རེད།

  • ཉེ་ཆར། དངུལ་ཁང་མང་པོ་ཞིག་གིས་སྤྱི་བསྒྲགས་སྤེལ་ནས་ཡུན་རིང་མི་བཀོལ་བའི་དངུལ་ཁང་གི་དངུལ་ཐོ་ལ་གཙང་བཤེར་བྱ་རྒྱུ་ཡིན་པའི་ནང་མི་སྒེར་གྱིས་ཡུན་རིང་མི་བཀོལ་བ་དང་ལས་ཁུངས་ཀྱིས་ཡུན་རིང་མི་བཀོལ་བའི་དངུལ་ཐོ་ཚུད་ཡོད་ཅེས་བཤད་པ་རེད།

  • རྒྱ་མཚོའི་རླུང་འཚུབ་ཨང24པའི་ཤུགས་རྐྱེན་ཐེབས་ནས། ཆུང་ཀྲོའུ་མཚོ་འགག་གི་འགྲུལ་སྐྱེལ་སྐྱེལ་འདྲེན་དེ་ཚེས་20ཉིན་གྱི་ཆུ་ཚོད་14ཐོག་སྐྱེལ་འདྲེན་བྱེད་མཚམས་འཇོག་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་དུས་ཚོད་ཚེས་23ཉིན་གྱི་སྔ་དྲོ་བར་ཤུགས་རྐྱེན་ཐེབས་རྒྱུ་རེད།

02.jpg

  • ཚེས19ཉིན་ཀྲུང་གོའི་འགྲན་ཞུགས་པ་ལིའུ་དབྱང་མིང་ཡུས་ཀྱིས་2025ལོའི་བྱ་སྒྲོའི་སྤོ་ལོའི་འཛམ་གླིང་གཞོན་ནུའི་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།

  • ཚེས18ཉིན། 2025ལོའིU17མོ་རོ་ཁོའི་བུད་མེད་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཙུའུCཡི་རེས་སྐོར་དང་པོའི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས་5:0གི་སྐར་འབྲས་ཀྱིས་ནོར་ཝེའི་རུ་ཁག་ལས་རྣམ་པར་རྒྱལ་ནས་འགྲན་བསྡུར་གྱི་རྒྱལ་ཁ་དང་པོ་བླངས་པ་རེད།

03.jpg

  • ཚེས21ཉིན་གྱི་ཉི་མ་ནུབ་རྗེས། སྐར་མ་ལྷག་པ་དང་སྐར་མ་མིག་དམར་གཉིས་ནུབ་ཕྱོགས་ཀྱི་མཁའ་དབྱིངས་དམའ་སར་ཐོན་རྒྱུ་ཡིན་པ་དང་། རང་རྒྱལ་སྤྱི་དམངས་ཀྱིས་ལྷག་པ་དང་མིག་དམར་མཉམ་དུ་ཤར་བའི་སྐར་མའི་འདུ་འཛོམས་ཀྱི་རྣམ་པ་མཐོང་རྒྱུ་རེད།

  • པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་བོགས་གཏོང་ཁང་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འགན་མི་འཁུར་བའི་ཁང་བདག1100ལ་ཆད་པ་བཅད་པ་རེད།

04.jpg

  • ཅང་སུའུ་ལེན་ཡུན་གྲུ་ཁའི་སྐྱེས་པ་ཞིག་སེམས་ཆུང་མ་བྱས་པར་མཚོ་ནང་དུ་ལྷུང་བ་དང་། ཉེ་ཁ་ཆེ་བའི་དུས་སུ། ལེན་ཡུན་ཀང་གི་དགུན་དུས་ཆུ་རྐྱལ་རྟེན་གཞིར་ཆུ་རྐྱལ་བཞིན་པའི་ཝང་ཡུས་ཕིང་མྱུར་དུ་མཚོ་ནང་དུ་ལྡིང་ནས་མཚོ་ངོགས་ཀྱི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་མི་དེ་བསྐྱལ་བ་རེད།

སྲིད་ཇུས།

  • ཧོ་ནན་གྱིས་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ་ཞིང་ལས་ཚན་རྩལ་ཅན་གྱི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་གཙོ་བོར་བྱེད་པ་དང་། ཚོང་རས་ཁྲིད་ཕྱོགས་བྱེད་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱེད་པ་བཅས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་རྒྱུ་རེད།

  • ཀོང་ཞི་ཡིས་ཇུས་གཞི་བཏོན་ནས་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐོ་འགོད་ཞིབ་བཤེར་ལེགས་སུ་བཏང་ནས་ནད་ཐོག་སྨན་བཅོས་ལ་མཁོ་བའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་འཕྲལ་དུ་ཞིབ་བཤེར་བྱེད་རྒྱུ་རེད།

  • ཀུའེ་ཀྲོའུ་ཡིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གླ་རྒྱག་ཞིང་པ་སོགས་གཙོ་གནད་ཚོགས་སྤྱིར་ལས་གཏོད་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་གཏོད་ཁག་ཐེག་དངུལ་བུན་མི་སྒེར་དང་ཁེ་ལས་ཕྲན་ཆུང་གི་རེ་ཞུའི་གྲངས་འབོར་གྱི་ཚད་གཞི་སོ་སོར་སྒོར་ཁྲི30དང་སྒོར་ཁྲི400རུ་གཏན་ཁེལ་བྱས།

དེ་རིང་གི་གནམ་གཤིས།

05.jpg

  • ཤིན་ཅང་བྱང་རྒྱུད་ཀྱི་ནུབ་རྒྱུད་དང་། ཐེན་ཧྲན་རི་བོའི་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་འབྲིང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཀན་སུའུ་ཡི་ཤར་ལྷོ་རྒྱུད་དང་། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད། ཁྲུང་ཆིང་གི་ཤར་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།