དེ་རིང་ནི2025ལོའི་ཟླ10པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-21 09:11:36   |   98

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཚེས20ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་ཚབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་ཞུ་གནང་བ་མ་ཟད། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་ཐད་ཀྱི་གྲོས་འགོ་(གྲོས་བསྡུར་མ་ཟིན)》སྐོར་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཀྱང་གནང་བ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པའི་ཞིབ་རྩིས་རགས་ཙམ་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར(GDP)1015036ཟིན་པ་དང་། དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས5.2%འཕར་ཡོད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས5.4%འཕར་ཡོད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས6.2%འཕར་ཡོད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར35.4སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས6%འཕར་ནས། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་གཞི2100ལྷག་ཙམ་དང་མི4400ལྷག་ཙམ་ཁྲིམས་སྦྱོར་བྱས་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པར། ཟླ9པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྡོམ་འབོར་ཁྲི1806.3ཟིན་པ་དང་། དུས་མཚུངས་ལས54.5%འཕར་ཡོད།

  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནུབ་རླངས་ཤར་འདྲེན་སྦུག་ལམ་མ་ལག་གིས་རིམ་རྩིས་བྱས་ན་སྨད་རྒྱུད་ལ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར4000ཡན་བཏང་ཡོད།

  • ཚེས19ཉིན། ཨོ་སི་ཁྲུ་ལི་ཡའི་P-8Aདམག་མིའི་གནམ་གྲུ་ཞིག་ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཀྲུང་གོའི་ཞི་ཧྲའི་མངའ་ཁོངས་བར་སྣང་དུ་ཁྲིམས་འགལ་ངང་ཡོང་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་རྗེས་སྙེག་ལྟ་ཞིབ་དང་། འགོག་རྒོལ་ནུས་ལྡན། ཐ་ཚིག་བསྒྲགས་པ་བཅས་བྱས་ནས་ཕྱིར་འབུད་བྱས་པ་རེད།

  • ཚེས20ཉིན། ཡོ་རོབ་མནའ་འབྲེལ་གྱི་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱིས2028ལོའི་ཟླ1པོའི་གོང་། རིམ་བཞིན་ཨུ་རུ་སུའི་རང་བྱུང་སོལ་རླངས་ནང་འདྲེན་བྱེད་མཚམས་འཇོག་རྒྱུའི་གྲོས་གཞིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

01.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་རླུང་ཆེན་གཡུག་པའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་། ཞིན་ཅང་དང་ཧའེ་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས13གྱི་ས་ཁུལ་ཁག་གཅིག་གི་རླུང་འཚུབ་རིམ་པ7ནས་8བར་ཐོན་རྒྱུ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་ལྟར་ན། ཟླ11ཚེས1ཉིན། རྒྱལ་ཡོངས་སུ་ཞིང་ཆེན25ཡི་(ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས)བུ་བཙའི་ཁ་གསབ་ཐད་ཀར་མི་སྒེར་ལ་སྤྲོད་རྒྱུ་ཡིན་པ་རེད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཉེ་ཆར་བརྡ་ཐོ་བཏང་ནས། ཞིང་ཆེན་ཧྲན་དབྱིན་རྫོང་སང་ཀན་ཆུ་བོ་སོགས་བརླན་ས་གནས་22རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གྱི་མིང་གཞུང་ནང་བཅུག་པ་དང་། ད་བར་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་བརླན་ས་གནས་གལ་ཆེན་80ཟིན་ཡོད།

  • སྤྱི་བདེ་པུས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་དཔེ་མཚོན་གྱོད་དཔེ10ཡོངས་བསྒྲགས་བྱས་པ་དང་། AIབཀོལ་ནས་དཀྲོག་གཏམ་བཟོས་པ་དང་རྫུན་བཟོ་པར་ལེན་སོགས་དང་འབྲེལ་བ་ཡོད།

02.jpg

  • ཉེ་ཆར། ཀྲུའུ་ཆུའེ་ཨང་རྟགས་གསུམ་པའི་མེ་ཤུགས་འཕུར་མདའི་ཐོག་མའི་མཉམ་འཇུག་སྦྱོང་བརྡར་དང་དེ་བཞིན་འཇགས་རྣམ་མེ་འབར་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་ནས། འཕུར་སྐྱོད་ཐོག་མའི་འགག་རྩའི་གྲ་སྒྲིག་དུས་མཚམས་སུ་སླེབས་ནས། ད་ལོ་དངོས་སུ་འཁོར་ལམ་དུ་ཞུགས་ནས་འཕེན་གཏོང་དང་རིམ་པ་དང་པོའི་ཚུར་བསྡུ་བྱ་རྒྱུར་རྨང་གཞི་བཏིང་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ9པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར54ཡིས་གཉེར་སྐྱོང་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག333ཤར་གཏོང་ཐུབ་པ་དང་། གཉེར་སྐྱོང་ལམ་ཚད་སྤྱི་ལེ11330.5ཟིན་ཡོད།

  • 2027རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིU19བུད་མེད་ལན་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་དེ། 2027ལོའི་ཟླ7ཚེས17ནས་ཚེས25ཉིན་བར་ཁྲེང་ཏུའུ་རུ་གཉེར་རྒྱུ་ཡིན་པ་དང་། དེ་ནི་འགྲན་བསྡུར་དེ་ཀྲུང་གོ་ནས་གཉེར་ཐེངས་དང་པོ་ཡིན་པ་རེད།

  • ཉེ་ཆར། པེ་ཅིང་གིས་གཉིད་ཁུག་གི་འགལ་རྐྱེན་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་རྒྱུན་ཆད་མེད་པར་མང་དུ་བཏང་ནས། སྨན་བཅོས་སྒྲིག་གཞི་བརྒྱ་ལྷག་ཙམ་གྱིས་གཉིད་ཁུག་སྒོ་བསྟེན་སྨན་ཁང་བཙུགས་ཡོད་པ་རེད།

  • ཚེས20ཉིན། རང་རྒྱལ་གྱི་ཆེས་བྱང་ན་ཡོད་པའི་ཧེ་ལུང་ཅང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཧའར་པིན་ལ་དངོས་སུ་དྲོད་རླངས་མཁོ་འདོན་བྱས་པ་རེད།

  • ཉེ་ཆར། རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་འཕྲུལ་མིའི་རྩིས་ཐབས་ཁྱབ་ཁོངས་སུ་གྲུབ་འབྲས་ཚད་བརྒལ་བྱུང་ནས་གོ་ལ་ཧྲིལ་པོའི་སྟོབས་ཤུགས་མཉམ་བསྲེས་ཚོད་འཛིན་རྩིས་ཐབས་ཀྱི་གཅིག་གྱུར་རིགས་པའི་གཞུང་ལུགས་ཐོག་མ་དེ་བཏོན་ཡོད།

སྲིད་ཇུས།

  • ཀོང་ཞི་ཡིས་ཁེ་ལས་ཀྱིས་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཚོད་ལྟ་ཁང་དང་། རང་སྐྱོང་ལྗོངས་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས། འཛུགས་སྐྲུན་བྱེད་རིང་དུད་ཚང་རེར་སྒོར་ཁྲི5000ལས་མི་བརྒལ་བའི་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

  • ལེའོ་ཉིང་གིས་ཞིང་ཆེན་རིམ་པའི་སྲིད་འཛིན་བྱ་གཞག་ཚན་པའི་གཞུང་ཁོངས་རྒྱུ་ནོར་བོགས་མར་གཏོང་བའི་དུས་ཚད་སྤྱིར་བཏང་ལོ་ལྔ་ལས་བརྒལ་མི་ཆོག་པ་དང་། བོགས་མར་གཏོང་བའི་དུས་ཡུན་ལོ་གསུམ་ལས་བརྒལ་རིགས་ལ་བོགས་དངུལ་རིམ་འཕར་བྱེད་སྟངས་ཁ་གསལ་བཟོ་དགོས་ཟེར།

  • ཀུའེ་ཀྲོའུ་ཡིས་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། གྲངས་གཞིའི་མཚོན་རྟགས་ཁེ་ལས་ཀྱི་ལོ་དེའི་གྲངས་གཞིའི་ཐོག་བཀོད་པའི་ལས་ཞུགས་མི་སྣ་ཐོག་མར་མི300དང་མི1000  མི5000ཐོན་པར་སོ་སོར་སྒོར་ཁྲི100དང་། སྒོར་ཁྲི300 ཁྲི་1000བཅས་སྤྲོད་ཐེངས་གཅིག་གི་བྱ་དགའ་སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

03.jpg

  • ཞིན་ཅང་ནན་ཅང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཅང་ནན་གྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་དང་། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།