དེ་རིང་ནི2025ལོའི་ཟླ10པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-22 09:32:03   |   59

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • “ལོ་ལྔ་ཚན་བཅུ་བཞིའི”རིང་། རང་རྒྱལ་གྱིས་གཞི་གྲངས་མངའ་ཁོངས་ནས་འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་བྱུང་བ་དང་། མི་ཐབས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་སྡོམ་འབོར་གྱི60%ཟིན་ཡོད།

  • དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ནང་གི་སྡོད་དམངས་གནས་སྐོར་དུ་སོང་ཚད་མི་ཐེངས་དུང་ཕྱུར49.98ཡིན་ལ། ལོ་གོང་མའི་དུས་མཚུངས་ལས་དུང་ཕྱུར7.61འཕར་བ་དང་། དུས་མཚུངས་ལས18.0%འཕར་ཡོད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་ཁྲིམས་ཁང་གིས་འདྲི་གཅོད་ལག་བསྟར་གྱོད་གཞི་སྣ་ཚོགས་ཁྲི3225.7བདག་སྤྲོད་བྱས་པ་དང་། ལོ་གོང་མའི་དུས་མཚུངས་སུ་གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་ལེགས་གྲུབ་བྱུང་བ་ཚུད་པའི་གྱོད་གཞི་སྣ་ཚོགས་དང་བསྡུར་ན9.17%མར་ཆག་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར། རྒྱལ་ཡོངས་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མ་མཉམ་འབྲེལ་ཐོག་གདན་ཞུ་བྱེད་པའི་སྟོན་དུས་ཆེད་དོན་ཁྱད་ལྡན་ཞབས་ཞུའི་བྱེད་སྒོ་ཁག་གསུམ་པ་སྤེལ་ནས། མཐོ་སློབ་མཐར་ཕྱིན་སློབ་མར་དམིགས་སའི་རང་བཞིན་ལྡན་པའི་སྣ་མང་ཅན་གྱི་ལས་ཞུགས་ཞབས་ཞུའི་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《ཞིབ་སྲོལ》གསར་ཤོས་ཁྱབ་བསྒྲགས་བྱས་ནས། སྒོ་ངའི་ཐོན་རྫས་ཁེ་ལས་ཀྱི་ཐོན་སྐྱེད་བྱ་ཡུལ་དང་། སྒྲིག་ཆས་སྒྲིག་བཀོད། བཟོ་རྩལ་བརྒྱུད་རིམ་སོགས་ཀྱི་ཞིབ་བཤེར་བླང་བྱ་ཁ་གསལ་བཟོས་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔའི་བར། རྒྱལ་ཡོངས་ཀྱི་རླུང་གློག་གི་དྲ་སྦྲེལ་ཤོང་ཚད་སྟོང་ཝ་ཁྲི5784ལས་བརྒལ་ཡོད་པ་དང་། རང་རྒྱལ་གྱི་རླུང་གློག་གི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ལོ15བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ནས། ལོ་རེར་ཆ་སྙོམས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར1ཡན་གསར་དུ་འཕར་བའི་དུས་རབས་གསར་པར་སླེབས་ཡོད།

  • ཉེ་ཆར། རྒྱང་སྐྱོད་ཨང་རྟགས་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའYF-75DBཆིང་དབྱང་སྒུལ་བྱེད་འཕྲུལ་འཁོར་གསལ་འབྱེད་ཚོད་ལྟའི་འཁོར་སྐྱོད་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། དེས་སྒུལ་བྱེད་འཕྲུལ་འཁོར་དེ་ལས་གྲྭའི་བཀོལ་སྤྱོད་དུས་མཚམས་སུ་དངོས་སུ་སླེབས་པ་མཚོན་ཡོད་པ་རེད།

01.jpg

  • མིག་སྔར། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ453ཡིན་པའིCR450ཤུགས་འགྲེམས་མེ་འཁོར་གྱིས་མྱུར་ཚད་རིམ་པ་མི་འདྲ་བ་དང་བེད་སྤྱོད་རྣམ་པ་མི་འདྲ་བའི་ཁྲོད་ཀྱི་རྣམ་པ་མང་པོའི་ཚོད་ལྟ་ལེགས་གྲུབ་ཟིན་ནས། ད་ལྟ་ཧྲང་ཧའེ་དང་ཁྲུང་ཆིང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་བེད་སྤྱོད་དཔྱད་ཞིབ་བྱེད་བཞིན་ཡོད་པ་རེད།

  • སྡོམ་རྩིས་རགས་ཙམ་བྱས་པར་གཞིགས་ན། ཚེས20ཉིན་བར། 2025ལོར་ཀྲུང་གོའི་གློག་བརྙན་གྱི་ཕྱི་རྒྱལ་གྱི་སྤ་སེ་བཙོངས་པའི་ཡོང་འབབ་ཁྱོན་ཨ་སྒོར་དུང་ཕྱུར1.4ཟིན་པ་དང་། ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར10ཙམ་ཟིན་ཡོད་པ་རེད།

  • ཚེས21ཉིན་རི་པིན་གྱི་རང་དབང་དམངས་གཙོ་ཏང་གི་ཙུང་ཚའེ་ཀའོ་ཧྲི་ཙའོ་མིའོ་ཡིས་གནས་སྐབས་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་དབུ་བཞུགས་བློན་ཆེན་གྱི་མིང་འདོན་འདེམས་བསྐོའི་ནང་རྒྱལ་ཁ་བླངས་ནས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཐེངས104པར་བདམས་ཐོན་བྱུང་བ་རེད།

སྤྱི་ཚོགས།

  • སྔོན་དཔག་བྱས་ན་ཚེས25ནས26ཉིན་བར། རེས་སྐོར་གསར་པའི་མཁའ་རླུང་གྲང་མོ་དེས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། གཙོ་བོ་བྱང་ཕྱོགས་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ནས། བྱང་ཕྱོགས་ས་ཁུལ་མང་ཆེ་བར4℃ནས6℃བར་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད8℃ཡས་མས་མར་ཆག་རྒྱུ་རེད།

  • མིག་སྔར། རང་རྒྱལ་ལྷོ་ཕྱོགས་ཞིང་ཆེན་གྱི་ཆམ་རིམས་ཀྱི་འགུལ་སྐྱོད་ཇེ་མཐོར་འགྲོ་བཞིན་ཡོད། ཆེད་མཁས་པས་སྔོན་དཔག་བྱས་པར་གཞིགས་ན། ད་ལོ་རང་རྒྱལ་གྱི་ཆམ་རིམས་ཁྱབ་པའི་དུས་ཚིགས་སྔ་སྣུར་དུ་ཡོང་སྲིད་པ་དང་། ནད་དུག་གི་རིགས་ཡང་ན་ནིང་དང་མི་འདྲ་ཟེར།

  • ལྕགས་བཞུ་རྒྱུ་ཆའི་དངོས་ཁམས་རྫས་འགྱུར་རིག་པ་དང་། སློབ་གསོ་རིག་པ་གྲགས་ཅན། ཀྲུང་གོའི་ཚན་རིག་སློབ་གླིང་ཡོན་ཧྲི་སྐུ་ཞབས་ཀྲོའུ་གོ་ཀྲི་ལགས་པེ་ཅིན་གྱི་དུས་ཚོད་ཚེས20ཉིན་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ88ཡིན།

  • ཉིན་ཤས་གོང་། 2025ལོའི་ལུས་སྦྱོང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ལུས་རྩལ་འགྲན་བསྡུར་ནང་། ཀྲུང་གོའི་འགྲན་ཞུགས་པ་ཙའུ་ཅིང་ཡོན་གྱིས་སྐར་མ་15.466ཡི་ཐོག་ནས་འཛམ་གླིང་གི་ལེགས་སྐྱེས་འགྲན་བསྡུར་གྱི་རྣམ་གྲངས་རྐྱང་པའི་སྐར་གྲངས་མཐོ་ཤོས་བཏོད་པ་རེད།

  • ཚེས23ཉིན་གྱི་ཉི་མ་ནུབ་པའི་མཚམས་སུ། སྐར་མ་ལྷག་པ་དང་། སྐར་མ་མིག་དམར། མོ་སྨི་ཟླ་བ་བཅསས་ནུབ་ཕྱོགས་མཁའ་དབྱིངས་ཀྱི་དམའ་ས་ནས་འཛོམས་རྒྱུ་ཡིན་པ་དང་། དེ་ནི་རྒྱུན་དུ་མཐོང་མི་ཐུབ་པ་དང་ལྟ་རིན་ཡོད་པའི་ལྟད་མོ་ཞིག་རེད།

  • ཅང་སུའུ་ཞིང་ཆེན་ས་གཤིས་བརྟག་དཔྱད་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྩད་ཞིབ་ཚོགས་པས་ལོ་བཞི་ལ་རྩད་ཞིབ་བྱས་ཐོག སི་གཏེར་ཁྲི་ཆེ་གྲས་ཤིག་གསར་དུ་རྙེད་པ་དང་། སི་གཏེར་ཁ(ཐེན་ཆིང་རྡོ)གཏེར་རྡོ་ཚོད་དཔག་བྱས་ན་ཐོན་ཁུངས་ཏུན་སྟོང545.55ཡོད་པ་རེད།

02.jpg

  • ཉེ་ཆར། ཕྱི་དབྱིབས་སྡོང་ལོ་དང་འདྲ་བའི་རྩ་ཆེའི་འབུ་སྲིན་ཡུན་ནན་ཟངས་པེ་ཡུན་ནན་གྱི་ཐུང་པི་འགག་གི་སྲུང་སྐྱོང་ཁུལ་དུ་མངོན།

03.jpg

  • ཉེ་ཆར། ཀན་སུའུ་ཞིང་ཆེན་མིང་ཆེན་རྫོང་བརྒྱུད་པའི་ཧྲི་དབྱང་གཙང་པོར“མདོག་གཉིས་མཉམ་འདྲེས་ཀྱི་ངོ་མཚར་ལྡན་པའི་རྣམ་པ་ཞིག་མངོན་པ་དང་། རྨ་ཆུ་དང་མདོ་ལ་རིང་མོའི་གངས་ཆུ་གཙང་པོར་འདྲེས་པའི་མཚམས་སུ། དབྱེ་མཚམས་གསལ་པོ་ཡིན་པ་དང་། གཙང་པོ་གཉིས་ཀྱི་མཉམ་དུ་སྔོ་ལྗང་ཁུལ་དུ་བཞུར་བའི་རྣམ་པ་མངོན།

  • ཉེ་དུས། གཞས་པ་མང་པོ་ཞིག་གིས་ཧྥུའུ་ཅན་ཧྥུའུ་ཀྲོའུ་རུ་གླུ་དབྱངས་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཞིང་། ལྟད་མོ་བ་ཚོའི“གཟའ་མཇུག་འཁྲབ་སྟོན་ལ་ལྟ་བ་དང་ཕྱི་ཉིན་ལས་ཀར་འགྲོ་བའི”དགོས་མཁོ་སྐོང་ཆེད། ཉིན་ཤས་གོང་། ཧྥུའུ་ཅན་ཞིང་ཆེན་གྱིས“གླུ་གཞས་ལ་དགའ་མཁན་གྱི་ཆེད་སྤྱོད་མེ་འཁོར”ཐོག་མར་བཏང་ནས་གཏན་འཁེལ་རང་བཞིན་གྱི་ཕྱིར་སྐྱོད་ཞབས་ཞུ་མཁོ་འདོན་བྱས་ཡོད།

04.jpg

  • ཉེ་ཆར། ལོ28ལ་སླེབས་པའི་ཝུའུ་ཧན་གྱི་བུ་མོ་མེན་མེན(སྒྱུར་མིང་)སྟབས་མ་ལེགས་པར་ཚེ་ལས་འདས་པ་དང་། ནང་མིས་སེམས་སྡུག་ཆེན་པོས་ཁོང་གི་དབང་པོ་ཞལ་འདེབས་འབུལ་རྒྱུའི་ཐག་བཅད་པ་དང་། ཐབས་ཟད་པའི་ནད་པ་ལྕི་མོ་གསུམ་ལ་སླར་ཡང་ཚེ་སྲོག་བྱིན་པ་དང་། མི་གཉིས་ལ་སླར་ཡང་འོད་སྣང་བྱིན།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས་དགེ་རྒན་སྐོར་སྐྱོད་ལམ་སྲོལ་གསར་གཏོད་བྱས་ཏེ། གྲོང་ཁྱེར་གསར་པ་ལྔའི་གསར་སྣོན་སྐོར་སྐྱོད་ནང་ཞུགས་པའི་དམིགས་བསལ་རིམ་པའི་སློབ་སྤྱི་དང་། དམིགས་བསལ་རིམ་པའི་དགེ་རྒན། མཐོ་རིམ་དགེ་རྒན་རྒན་བཅས་སྔོན་ལ་གྲོང་གསར་ནང་ཁུལ་དུ་སྐོར་སྐྱོད་བྱེད་ཀྱི་རེད།

  • ཧྲའན་ཞི་ཡིས་བརྡ་ཐོ་བཏང་ནས་གནས་སྐོར་མཛེས་ལྗོངས་ཁུལ་གྱི་གནས་སྐོར་གསང་སྤྱོད་རིག་ནུས་ཅན་གྱི་སྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱས་ཏེ། བུད་མེད་ཀྱི་གསང་སྤྱོད་གནས་དང་། གསང་སྤྱོད་ཁང་གསུམ་པ། གེགས་མེད་སྒྲིག་བཀོད་བཅས་གཙོ་གནད་ཐོག་མང་དུ་གཏོང་རྒྱུ་དང་། 5Aདང་4Aམཛེས་ལྗོངས་ཁུལ་གྱི་ཙོག་སྡོད་ཀྱི་བསྡུར་ཚད་འོས་འཚམ་ངང་མཐོ་རུ་གཏོང་དགོས།

  • ཅང་སུའུ་ཡིས་བྱེད་ཐབས་བཏོན་ནས་སྤུས་རྟགས་ཞབས་ཞུའི་སྒྲིག་གཞི་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ནས། 2027ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱིས་ཤེས་བྱའི་བདག་དབང་ཞབས་ཞུའི་སྣེ་འདྲེན་སྒྲིག་གཞི20དང་གཞི་ཁྱོན་ཡན་གྱི་ཞབས་ཞུའི་སྒྲིག་གཞི100སྐྱེད་སྲིང་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་དབུས་རྒྱུད་དང་། ཤིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད། ཀོང་ཏུང་གི་ལེ་ཀྲོའུ་ཕྱེད་གླིང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་ཆེན་པོ་འབབ་རེད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་ཀྱི་རེད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། ས་ཆ་ལ་ལར་དྲག་ཆར་ཆེས་ཆེན་པོ་འབབ་ཀྱི་རེད།



མཉམ་སྤྱོད།