དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-23 09:15:02   |   178

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་སྦྲག་སྲིད་མྱུར་སྐྱེལ་དྲ་རྒྱ་ཆེས་ཆེ་ཤོས་བསྐྲུན་ཟིན་པ་དང་ཟོག་འགྲེམས་ལས་རིགས་ཀྱི་ཁྲོམ་རའི་གཞི་ཁྱོན་ལོ་བཅུ་རིང་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་རེ་ཡོད་པ་རེད། 

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2026ལོ་ནས་བཟུང་ལོ་རེའི་ཟླ་བཞི་པའི་གཟའ་འཁོར་བཞི་པ་དེ“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”ལ་གཏན་འཁེལ་བྱ་རྒྱུའི་མཆན་བཀོད་བཀའ་ལན་གནང་བ་རེད། 

  • དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས9.7%འཕར་བ་དང་། རིམ་རྩིས་བྱས་ན་འཕར་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་བསྡུར་ཚད་ལས35.9%ཟིན་ལ། རིག་ནུས་ཅན་དང་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་རྒྱུན་མཐུད་མགྱོགས་སུ་ཕྱིན་ཡོད་པ་རེད། 

  • དུས་ཚིགས་དང་པོ་ནས་གསུམ་པའི་བར། དམངས་སྤྱོད་མཁའ་འགྲུལ་གྱིས་རིགས་ཁག་གི་འཕུར་སྐྱོད་གནམ་གྲུ་ཁྲི488འགན་ལེན་བྱས་པ་དང་། ཉིན་རེར་ཆ་སྙོམས་གནམ་གྲུ་ཁྲི1.8ཡིན་པ་དེ་དུས་མཚུངས་ལས5%འཕར་ཡོད། 

  • དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ཕྱི་ཕྱོགས་དང་འབྲེལ་བའི་གཏོང་ཡོང་གི་སྤྱིའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི11.6ལ་སླེབས་ནས། ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དེ་དུས་མཚུངས་ལས10.5%འཕར་ཡོད། 

  • སློབ་གསོ་པུས་ནུས་རྒྱུ་གསར་པའི་རླངས་འཁོར་དང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་སྒྲིག་ཆས། ཆ་འཕྲིན་ལག་རྩལ་རབས་གསར་པ་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས6ལ་དམིགས་ནས། “རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་ཁྱུ་ཚོགས་གསོ་སྐྱོང་འཆར་གཞི”ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། 

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་མ་ཡུམ་གཙང་པོ་སླར་གསོའི་བྱ་སྤྱོད་སྤེལ་མགོ་བརྩམས་ཚུན་ནས2025ལོའི་ཟླ9པའི་ཟླ་མཇུག་བར། མ་ཡུམ་གཙང་པོ(མཚེའུ)སླར་གསོའི་དམིགས་ཚད་ལས་འགན88ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། 

  • རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པས་ཨོ་སི་ཁྲུ་ལི་ཡའི་དམག་མིའི་གནམ་གྲུས་ཞི་ཧྲ་ཡི་མངའ་ཁོངས་བར་སྣང་དུ་བཙན་འཛུལ་བྱས་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པར་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་དབང་གནོད་འཁྲུག་རྐྱེན་སློང་བ་དང་ངན་སྐུལ་དྲིལ་བསྒྲགས་བྱེད་མཚམས་འཇོག་པ་དང་། འཐབ་ཕྱོགས་དང་པོའི་མཁའ་དབྱིངས་ཀྱི་དམག་ཤུགས་བྱ་སྤྱོད་ལ་ཚོད་འཛིན་ནན་པོ་བྱས་ནས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་དབར་གྱི་འབྲེལ་བར་གཏོར་བཤིག་མི་ཕོག་པ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད། 

  • ཚེས21ཉིན། རྒྱལ་སྤྱིའི་ལག་ཡོད་ཚོང་ཟོག་གསེར་དངུལ་ཁྲོམ་རའི་ཐོག་རྒྱ་ཁྱབ་ངང་ཕྱིར་འཚོང་བྱས་པས་རིན་གོང་ཆེས་ཆེར་ཆག་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཚེས22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་འཛམ་གླིང་གནམ་གཤིས་ཚོགས་ཆེན་གྱི་དམིགས་བསལ་ཚོགས་འདུར་ཞུགས་པ་དང་འབྲེལ་སྙན་ཞུ་གསར་ཤོས་ལས་འདས་ཟིན་པའི་ལོ་བཅུ་ནི་ཟིན་ཐོ་བཀོད་ཚུན་གྱི་ཆེས་དྲོ་བའི་ལོ་བཅུ་ཡིན་པ་བརྗོད་ཡོད། 

    སྤྱི་ཚོགས།

9a04a24518614f88ba53f0ff5662e05a.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་རླུང་ཆེན་གྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ནས། སྔོན་དཔག་བྱས་ན་དེ་རིང་ཤར་རྒྱ་མཚོའི་མཚོ་ཁོངས་མང་ཆེ་བ་དང་། བྱང་རྒྱུད་མཚོ་ཁུག པ་ཧྲི་མཚོ་འགག ཆུང་ཀྲོའུ་མཚོ་འགག ལྷོ་རྒྱ་མཚོའི་བྱང་ཤར་རྒྱུད་ཀྱི་མཚོ་ཁོངས་བཅས་སུ་རིམ་པ7ནས8བར་གྱི་རླུང་ཆེན་གཡུག་པ་དང་། ཐོལ་རླུང་རིམ་པ9བར་སླེབས་རྒྱུ་རེད། 

  • ཚེས21ཉིན་ཝུའུ་སུའུ་ལི་གཙང་པོའི་གཞུང་ཆུའི་དུས་ཡུན་ཉིན20ཡི་སྟོན་དུས་ཀྱི་ཉ་འཛིན་མི་ཆོག་པའི་དུས་ཚོད་དངོས་སུ་མཇུག་སྒྲིལ་ཡོད། 

  • ཚེས21ཉིན། དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་གྲོང་ཁྱེར་ཆུང་ངུ་སྟེ། ཧོ་པེ་ཁྲུང་ལིའི་དབན་ལུང་གངས་ཤུད་ར་བ་དངོས་སུ་མགོ་བརྩམས་ཡོད། 

  • དེ་རིང་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་བྱས་ནས་ལོ་བདུན་འཁོར་བའི་ལོ་རེད། ཚེས22ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པའི་བར། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་དུ་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི9334ལས་བརྒལ་ཡོད། 

  • ཚེས22ཉིན། མཁའ་འགྲུལ་གནམ་གྲུ་ཐེན་ཅིན་སྤྱིའི་སྒྲིག་སྦྱོར་བཟོ་གྲྭའིA320རིམ་པའི་གནམ་གྲུའི་སྤྱིའི་སྒྲིག་སྦྱོར་ལམ་ཐིག་གཉིས་པ་དངོས་སུ་སྤྱོད་མགོ་བརྩམས། 

281a1ebeddb8e74543c4b141ee45a4a0.jpg

  • ཚེས22ཉིན། “ཞུང་ཨན་བཟོ་བའི”སྲུང་སྐར་ཐོག་མ་སྟེ“ཞུང་ཨན་རྟགས་ཅན་དང་པོ”(ཧུང་ཧུའུ་ལག་རྩལ་ར་སྤྲོད་སྲུང་སྐར)ཐོན་སྐྱེད་བྱས་ཤིང་། དེས་ཞུང་ཨན་ཁུལ་གསར་གྱི་མཁའ་དབྱིངས་ཆ་འཕྲིན་ཐོན་ལས་ཀྱི་རིག་ནུས་བཟོ་སྐྲུན་ནུས་པ“0ནས1བར”མཆོང་སྐྱོད་གལ་ཆེན་བྱུང་བ་མཚོན་ཡོད། 

  • རང་རྒྱལ་གྱི་བད་ཀན་མེ་ཉམས་ཀྱི་ནད་གཙང་སེལ་དང་སྨན་བཅོས་ཞིབ་འཇུག་ལ་ཚད་བརྒལ་གསར་པ་བྱུང་བ་དང་། འབྲེལ་ཡོད་གྲུབ་འབྲས་ཉིན་ཤས་གོང《ལྕང་ལོའི་གྲི—འགོས་ནད་རིག་པའི》དྲ་ཐོག་ཏུ་སྤེལ་ཡོད།

  • ཚེས21ཉིན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི2025ལོའི་མི་ལྔའི་ལམ་ལུགས་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་ཤན་འབྱེད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་ཤན་འབྱེད་པ་ལེང་ཆིང་ཡུན་དང་ཀྲུའུ་ཤིན་བདམས་ཐོན་བྱུང་བ་རེད། 

  • 2025ལོའི་ཀྲུང་གོའི་བུམ་པའི་འཛམ་གླིང་སྣ་མང་དར་ཤུད་ཀྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་དེ་ཟླ10ཚེས24ནས་ཚེས26ཉིན་བར་ཁྲུང་ཆིང་དུ་གཉེར་རྒྱུ་དང་། ལོ17ལ་སླེབས་པའི་ཀྲང་རུའེ་དབྱང་བུད་མེད་རྐྱང་འགྲན་ནང་ཞུགས་རྒྱུ་རེད། 

640.png

  • ཉེ་ཆར་ཀན་སུའུ་ཆིང་དབྱང་གི་འགྲུལ་པ་ཞིག་གླ་གཏོང་རླངས་འཁོར་ནང་གློ་བུར་དུ་ནད་ཕོག་པ་ན། ཁ་ལོ་བ་ཆང་ཁྲའོ་ཡིས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྙན་སེང་ཞུས་རྗེས། ལམ་བར་དུ་གློག་དམར་པོ་བསྟུད་མར་བརྒལ་ཏེ། སྐར་མ15ལས་མ་འགོར་བར་འགྲུལ་པ་བདེ་འཇགས་ངང་སྨན་བཅོས་བྱེད་པར་བསྐྱལ་བ་རེད། 

    སྲིད་ཇུས།

  • ཀུའེ་ཀྲོའུ་ཡིས་བྱེད་ཐབས་བཏོན་ནས། ལོ་རེར་གྲོང་གསེབ་ཀྱི་སྨན་པ་སྒྲིག་འཛུགས་བྱས་ནས་ཉུང་མཐར་ཡང་སློབ་ཚན60ཡི་དུས་ཚོད་ཐོག་གསོ་སྦྱོང་ནང་ཞུགས་རྒྱུ་དང་། ལོ་གསུམ་རེར་གྲོང་གསེབ་ཀྱི་སྨན་པར་དྲ་ཕྱིའི་རེས་སྐོར་སྦྱོང་བརྡར་ཐེངས་གཅིག་ཡན་བྱ་རྒྱུ་རེད། 

  • ཀོང་ཏུང་གིས་ཇུས་གཞི་དཔར་འགྲེམ་བྱས་ནས་གློག་རྡུལ་ཆ་འཕྲིན་དང་སྒྲིག་ཆས། མ་བཅོས་རྒྱུ་ཆ། འཛད་སྤྱོད་དངོས་རྫས་སོགས་ལས་རིགས་ལ་དམིགས་ནས་བཟོ་ལས་ཁེ་ལས་དང་ལས་སྟེགས་ཁེ་ལས། གྲངས་གཞིའི་ཞབས་ཞུའི་ཁེ་ལས་བཅས་ཀྱིས་སྤུས་ཚད་མཐོ་བའི་ལས་རིགས་ཀྱི་ཀུན་ཤེས་དང་ལས་རིགས་ཀྱི་ཆེད་སྤྱོད་གྲངས་གཞི་ཕྱོགས་བསྒྲིགས་ལ་རྒྱབ་སྐྱོར་བྱས་ཏེ། བཟོ་ལས་ཤེས་བྱའི་སྐད་ཡིག་མཛོད་བསྐྲུན་རྒྱུ་རེད། 

  • ཧྲང་ཧའེ་ཡིས་ཇུས་གཞི་དཔར་འགྲེམ་བྱས་ནས། 2030ལོར་སླེབས་སྐབས། རིག་ནུས་དྲོད་ཁང་དང་རྩི་ཤིང་བཟོ་གྲྭ10ཡན་དང་། ཐོག་ཁང་གི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ4ཡན། བཟོ་གྲྭ་ཅན་གྱི་རིག་ནུས་ཆུ་ཐོན་གསོ་ཚགས་རྟེན་གཞི3ཡན་བཅས་བསྐྲུན་རྒྱུ་ཡིན་ཞེས་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

ad1c2375c8d13ccdb9ae9c393602c500.jpg

  • ཤིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ལྷོ་ནུབ་རྒྱུད་ཀྱི་རི་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་སུ་དྲག་ཆར་བར་འབབ་རྒྱུ་རེད། 


མཉམ་སྤྱོད།