དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-24 08:37:25   |   97

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས།

  • ཀྲུང་གུང་ཀྲུང་དབྱང་གིས་ཟླ10ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ངོ་སྤྲོད་དང་འགྲེལ་བཤད་བྱ་རྒྱུ་རེད།

  • ད་ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་བཙུགས་ནས་ལོ་10འགོར་བའི་ལོ་ཡིན་པ་དང་། མིག་སྔའི་བར། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས54ཡིས་བསམ་འཆར66000ལྷག་ཙམ་བསྡུ་ལེན་བྱས་ཡོད།

01.jpg

  • རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། སྟོན་འབྲུའི་རྒྱུག་དུས་ཀྱི་ཉོ་སྒྲུབ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གློག་རྡུལ་ཚོང་དོན་རྒྱུན་མཐུད་དང་འཕེལ་རྒྱས་ཕྱིན་ནས་རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད9.8%འཕར་ཡོད།

  • ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1582.6ཟིན་པ་དང་། དུས་མཚུངས་ལས་15%འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པར། ཟླ་དགུ་པར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར8886ཟིན་པ་དང་། དུས་མཚུངས་ལས་4.5%འཕར་ཡོད།

  • ཚེས22ཉིན་བར། 2025ལོའི་རྒྱལ་ཡོངས་ཀྱི་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི1000ལས་བརྒལ་ཡོད་པ་རེད།

  • ཀྲུང་གོ་དང་ཨ་རིས་ཟླ10ཚེས24ནས27ཉིན་བར། མ་ལེ་ཞི་ཡ་ནས་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱ་རྒྱུ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས23ཉིན། ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་རེས་སྐོར19པའི་བཀག་སྡོམ་དངོས་སུ་གྲོས་འཆམ་བྱུང་བ་དང་། རེས་སྐོར་འདིའི་བཀག་སྡོམ་དེ་ཨུ་རུ་སུའི་རང་བྱུང་སོལ་རླངས་ལས་རིགས་ལ་ཕོག་ཐུག་ཐེངས་དང་པོ་བཏང་བ་རེད།

སྤྱི་ཚོགས།

  • རྨ་ཆུ2025ལོ་ནས2026ལོའི་བར་གྱི་འབྲུབ་དུས་སུ་སླེབས་ཉེར་ཡོད་པ་དང་། ད་ལོའི་འབྲུབ་འགོག་དུས་བབ་སྔར་བས་རྙོག་འཛིང་ཆེ་བ་ཡིན།

  • ད་ལོ་རང་རྒྱལ་གྱི་གཏེར་ཁ་རྩད་ཞིབ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་གཏེར་ཁ་ཐོན་ཡུལ80ཡན་གསར་དུ་ཤེས་རྟོགས་བྱུང་བའི་ནང་། གཏེར་ཁུངས་ཆེ་འབྲིང་གིས་70%ཙམ་ཟིན་ཡོད།

  • བཟོ་འཕྲིན་པུས་ཉིན་ཤས་གོང་རྒྱལ་ཁབ་བཟོ་ལས་ཤུལ་བཞག་ཁག་བདུན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མེ་ཤུགས་འཕུར་མདའི་སྤྱིའི་སྒྲིག་སྦྱོར་བཟོ་གྲྭ་དང་གཉིས་བདུན་མེ་འཁོར་གྱི་སྤྱིའི་སྒྲིག་སྦྱོར་བཟོ་གྲྭ་སོགས་བཟོ་ལས་ཤུལ་བཞག32མིང་ཐོའི་ནང་ཚུད་ཡོད་པ་རེད།

02.jpg

  • ས་གནས་དེ་གའི་དུས་ཚོད་ཚེས22ཉིན། 2026ལོར་སྨི་ལན་ནས་ཁོར་ཏི་ན་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨའོ་རྩལ་འགྲན་ཚོགས་ཀྱི་གཞུང་ཕྱོགས་མཚོན་རྟགས་རང་བཞིན་གྱི་བརྡ་ཁྱབ་དངོས་སུ་འགྲེམས་སྟོན་བྱས་པ་རེད།

  • ཚེས23ཉིན། རང་རྒྱལ་གྱིས་ཞིབ་འཇུག་བྱས་པའི་ཕྱིར་གཏོང་འབར་རྫས་གཉིས་ཀྱི་འགྲུལ་སྐྱེལ་གྲུ་གཟིངས་ཆེ་གྲས་ཐོག་མ་དེ་ཀོང་ཀྲོའུ་ནན་ཧྲ་རུ་རྩིས་སྤྲོད་བྱས་པ་རེད།

  • འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་གྱང་ངོས་ལ་དཀར་རྩི་བྱུགས་པའི་དུས་ཚིགས་ཚེས22ཉིན་དངོས་སུ་འགོ་ཚུགས་པ་དང་། ད་ལོའི་དཀར་རྩི་བྱུགས་པའི་ལས་དོན་དེ་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་བར་སྤེལ་རྒྱུ་རེད།

03.jpg

  • ཀོང་ཏུང་ཀྲའོ་ཆིང་བདེ་ཆེན་རྫོང་དུ་གནས་པའི་ཅིན་ལིན་སྐར་རྡོའི་དོང་དེ་ཉེ་ཆར་སའི་གོ་ལའི་ཐོག་རྙེད་པའི་དུས་རབས་གསར་པའི(11700ལོའི་གོང་ནས་ད་བར་)སྐར་རྡོའི་དོང་ཆེ་ཤོས་སུ་གཏན་འཁེལ་བྱས་པ་རེད།

  • ཚེས23ཉིན་ཤིན་ཅང་ཧ་སྨི་གྲོང་ཁྱེར་དབྱི་ཀྲོའུ་ཆུས་ནགས་ལས་དང་རྩྭ་ཐང་ཅུ་ཡིས“མི་དམངས་ལ་ཞབས་འདེགས་ཞུ”ཞེས་པའི་མཁའ་འགྲུལ་མཚོན་རྟགས་ལ་གཏོར་བཤིག་བཏང་བའི་གྱོད་གཞི་བརྡ་ཁྱབ་བཏང་བ་དང་དོ་བདག་ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ་ལ་སྲིད་འཛིན་ཆད་པ་བཅད་པ་རེད།

  • པེ་ཅིང་གྲོང་ཁྱེར་གྱིས་ཟླ10པའི་ཟླ་མཇུག་གོང་དྲོད་རླངས་མཁོ་འདོན་ཚོད་ལྟ་བྱས་ནས་དྲོད་རླངས་མཁོ་འདོན་མ་ལག་གིས་ཟླ11ཚེས1ཉིན་དྲོད་རླངས་མཁོ་འདོན་གྱི་ཆ་རྐྱེན་འཛོམས་པར་འགན་ལེན་བྱ་རྒྱུ་རེད།

04.gif

  • ཡུན་ནན་གྱི་མྱུར་བགྲོད་གཞུང་ལམ་ཞིག་གི་འགྲམ་གྱི་ཐོ་རེངས་སུ་གློ་བུར་དུ་རི་ཉིལ་བྱུང་བ་དང་ཉེ་འགྲམ་དུ་སྐོར་ཞིབ་བྱེད་བཞིན་པའི་ལས་བཟོ་པ་ཝང་ཝུན་ཀུའེ་ཡིས་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་རྗེས་འཕྲལ་མར་འོད་ཤུགས་ལག་གློག་གི་ཉེན་བརྡ་བཏང་བ་དང་ཆབས་ཅིག་འཁོར་ལམ་དུ་ལམ་འགོག་ཉེན་ཁའི་མཚོན་རྟགས་བཞག་པས། སྐར་མ་གསུམ་ནང་རླངས་འཁོར་ལྔ་བཀག་ནས་ཚེ་སྲོག་བཅུ་ལྷག་ཙམ་སྐྱོབ་ཐུབ་པ་བྱུང་།

སྲིད་ཇུས།

  • ལེའོ་ཉིང་གིས་སྡོད་ཁང་རྙིང་པ་རང་བརྟེན་གསར་སྒྱུར་ལས་དོན་གྱི་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ་དང་། སྡོད་ཁང་ཆ་ཚང་མིན་པའི་རིགས་དང་ཡང་ན་ཁང་པའི་ནང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ90མན་གྱི་སྡོད་ཁང་གིས་འབྲེལ་ཡོད་ཚད་ལྡན་གཞིར་བཟུང་ཐབ་ཚང་དང་གསང་སྤྱོད་ཀྱི་རྒྱ་ཁྱོན་ཁ་སྣོན་བྱས་ཆོག

  • ཧྲན་ཤིས་ཡིས“བྱེད་ཐབས་བཙན་པོ་བཅུ”བཏོན་ནས་རྣམ་གྲངས་ཞིབ་མཆན་འགོད་རྒྱུ་ཚོད་འཛིན་ནན་མོ་བྱེད་པ་དང་། ས་ཆ་འདེམས་པའི་བཀོད་པ་ཚད་ལྡན་དུ་གཏོང་བ་སོགས་ཕྱོགས་བཅུའི་ཐད་ནས་རྫས་འགྱུར་བཟོ་ལས་ཀྱི་བདེ་འཇགས་དོ་དམ་སྔར་བས་ནན་མོ་བྱས་ཡོད།

  • ཁྲུང་ཆིང་གིས་ཇུས་གཞི་པར་འགྲེམས་བྱས་ནས་ཁང་པ་དང་། གྲོང་ཁྱེར་དོ་དམ་ལས་དོན། གཞུང་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས། གྲོང་ཁྱེར་གྱི་སྒྲིག་བཀོད་བདག་སྐྱོང་སོགས་ཁྱབ་ཁོངས་སུ་ཨར་སྐྲུན་འཕྲུལ་མི་ཁྱབ་གདལ་གཏོང་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ས་ཆ་མང་ཆེ་བ། ཀན་སུའུ་ཡི་དབུས་རྒྱུད་དང་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་ས། ཁྲོན་ནུབ་ས་མཐོའི་དབུས་ལྷོ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།