དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-27 09:26:36   |   1220

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ10ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་པོའི་མ་ཡུམ་ཧྲི་ལི་ཅི་སྐུ་འདས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། 

  • 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི401.7དང་། གཞུང་ཁོངས་མ་རྩའི་ཁེ་དབང་སྒོར་དུང་ཕྱུར་ཁྲི109.4ཡོད། 

  • རྒྱལ་ཁབ་ནུས་རྒྱུ་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དགུ་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར37.2ཡིན་པ་དེ་དུས་མཚུངས་ལས17.5%འཕར་ཡོད། 

  • སྙན་ཞུའི་ནང་མངོན་པར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི10.496ལ་སླེབས་ནས་ཤིང་ཆ་ལས་སྣོན་དང་དཔལ་འབྱོར་ནགས་ཚལ། ནགས་ཚལ་གནས་སྐོར། ནགས་ཁྲོད་དཔལ་འབྱོར་བཅས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་ཀ་རྟེན་ཐོན་ལས4ཆགས་ཡོད་པ་རེད། 

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་ཞབས་ཞུ་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས6.1%འཕར་བ་དང་། ཞིབ་འཇུག་གསར་སྤེལ་གསར་གཏོད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་པ་རེད། 

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དགུ་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན28640ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི36870ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད། 

b11fcf53040ddd4f8e0e731390feb97c.jpg

  • ཚེས26ཉིན་གྱི་དུས་ཚོད11:55སྟེང་། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་སྐར་མ་མཐོན་པོ་བཅུ་བཞི་པའི་སྲུང་སྐར02མཁའ་དབྱིངས་སུ་འཕེན་གཏོང་བྱས། 

  • ཉེ་ཆར། ཤར་རྒྱུད་འཐབ་ཁུལ་གྱི་མཁའ་དམག་གིས-6Kཐའེ་ཝན་གླིང་ཕྲན་གྱི་མཐའ་འཁོར་དུ་བསྐྱོད་དེ་ལད་ཟློས་འགྲན་རྒོལ་གྱི་སྦྱོང་བརྡར་བྱས། 

  • ས་གནས་དེ་གའི་དུས་ཚོད་ཟླ10ཚེས25ནས་ཚེས26ཉིན་བར། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར་དུ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱས། 

    སྤྱི་ཚོགས།

  • ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2026ལོ་འཁོར་གྱི་གཞུང་ཞབས་པར་རྒྱུགས་སྤྲོད་བསྡུ་སྤྱོད་ཀྱི་དྲ་ཐོག་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་ལས་དོན་མིག་སྔར་མཇུག་སྒྲིལ་ནས། མི་ཁྲི371.8ལ་མི་སྤྱོད་ཚན་པའི་ཐོབ་ཐང་ཞིབ་བཤེར་བྱས་པ་རེད། 

  • རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཚེས26ཉིན་ནས་བཟུང་། དགུན་དཔྱིད་ཀྱི་མཁའ་འགྲུལ་དུས་ཚིགས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་མཁའ་འགྲུལ་སྤྱི་གཉེར210ཡིས་གཟའ་འཁོར་རེར་འགྲུལ་སྐྱེལ་ཟོག་འདྲེན་དུས་གཏན་གནམ་གྲུ་ཐེངས་ཁྲི11.95བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས1.3%འཕར་ཡོད། 

  • དུས་ཚིགས་གསུམ་པའི་དུས་མཇུག་ཏུ་རང་རྒྱལ་གྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི43.51ཡིན་པ་དེ་ལོ་མགོ་ལས17.5%འཕར་བ་དང་དུས་ཚིགས་དང་པོ་ནས་གསུམ་པའི་བར་སྒོར་དུང་ཕྱུར་ཁྲི6.47འཕར་ཡོད། 

067ac8c18f74a2a6d89c8832772479a5.jpg

  • ལུས་སྦྱོང་འཛམ་གླིང་གཟེགས་རྟགས་འགྲན་བསྡུར་སྐབས53པ་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐར་མཇུག་སྒྲིལ་བ་དང་། ཀྲུང་གོའི་ལུས་རྩལ་རུ་ཁག་གིས་གསེར་གྱི་རྟགས་མ3དང་། དངུལ་གྱི་རྟགས་མ1དང་། ཟངས་ཀྱི་རྟགས་མ3བཅས་ཀྱི་ཐོག་ནས་གསེར་གྱི་རྟགས་མའི་ཨང་རིམ་དང་བྱ་དགའི་རྟགས་མའི་ཨང་རིམ་གཉིས་ཀྱི་ཨང་དང་པོ་བླངས་པ་རེད། 

  • ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་ཉེ་ཆར་སྨན་བཅོས་ཀུན་སྐྱོབ་ཀྱི་ཁ་བསླུས་གྱོད་གཞི་ཞིག་ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་ཟླ་བརྒྱད་པའི་བར་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་དོགས་ཅན120ལྷག་ཙམ་བཟུང་ལ། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི1200ལྷག་ལ་སླེབས་པ་རེད། 

  • ཀྲན་ཅང་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཟླ10ཚེས27ཉིན་ནས་ཟླ11ཚེས15ཉིན་བར། ཉིན་རེར་ཆུ་ཚོད5:00ནས7:30བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་ཚོད་ལྟའི་བྱེད་སྒོ་སྤེལ་ནས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་ཡོད། 

  • ཚེས25ཉིན། མགོ་རྩོམ་ས་ནི་ཤར་རླུང་འཇིག་རྟེན་འཕུར་སྐྱོད་གྲོང་དུ་གནས་པ་དང་མཐའ་སྣེ་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཅིན་ཐ་རྫོང་དུ་ཡོད་པའི་འཇིག་རྟེན་འཕུར་སྐྱོད་གྲོང་རྡལ་གྱི་རྒྱལ་ལམ213ལམ་ཐིག་གི་འཇིག་རྟེན་འཕུར་སྐྱོད་ལམ་དངོས་སུ་ཤར་གཏོང་ཐུབ་ཡོད། 

  • ཚེས26ཉིན། ཐེན་ཅིན་གྱི་མ་ལ་སུང་རྒྱང་རྒྱུག་མཇུག་སྒྲིལ་བ་དང་ད་ཐེངས་ཀྱི་འགྲན་ཞུགས་གཞི་ཁྱོན་མི་ཁྲི3.3ལ་སླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

dc5c335777aec761861c58965809e8f9.jpg

  • ཉེ་ཆར་རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཀུན་འཕྲོད་གཟུགས་དྭངས་གསལ་དང་གཟུགས་ཆུ་མོ་དང་འདྲ་བའི་འདྲ་བཟོས་འཕྲུལ་མི་ཞིག་གྲུབ་འབྲས་ཐོབ་པའི་ངང་ཞིབ་བཟོ་བྱས་པས། ཆུའི་ཁོར་ཡུག་གི་རིག་ནུས་འཚོལ་ཞིབ་དང་དུས་ཐོག་རྟོག་འཇལ་ཐུབ་རྒྱུ་རེད། 

    སྲིད་ཇུས།

  • ཧྲང་ཧའེ་ཡིས་ཇུས་གཞི་དཔར་འགྲེམ་བྱས་ནས་ཁྱིམ་སྲིད་ལས་རིགས་ཀྱི་ལས་མིས་གན་རྒྱ་བཞག་པའི་ཁེ་ལས་ལ་ལས་ཀ་བྱེད་རིང་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་ཚེ། གཏན་འབེབས་གཞིར་བཟུང་། རྩལ་ནུས་མཐོར་གཏོང་གི་ཁ་གསབ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད། 

  • ཐེན་ཅིན་གྱིས་ཡིག་ཆ་བཏང་ནས་སློབ་ཆེན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིས་ཐེན་ཅིན་དུ་ཁང་པ་གླས་ནས་ལས་གཏོད་བྱ་རྒྱུར་སྐུལ་ལྕག་བཏང་བ་དང་ཆ་རྐྱེན་དང་མཐུན་རིགས་ལ་གཏན་འབེབས་ལྟར་ཁང་གླའི་ཁ་གསབ་སྤྲོད་རྒྱུ་རེད། 

  • མཚོ་སྔོན་གྱིས་རླངས་འཁོར་བེད་མེད་གསར་བརྗེའི་བྱེད་སྒོའི་སྒྲིག་སྲོལ་ལེགས་སྒྲིག་བྱས་ནས་ཁ་གསབ་ཐོབ་ཐང་སྤྲོད་རྒྱུ་དེ“ཟླ་རེར་སྤྲོད་ཐེངས་རེ”ནས“གཟའ་འཁོར་རེར་སྤྲོད་རྒྱུའི”བར་ལེགས་སྒྲིག་བྱས་ཡོད། 

    དེ་རིང་གི་གནམ་གཤིས།

4463a20d0c5653e846308650e5928253.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཤིན་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ལྷོ་ནུབ་ས་ཁུལ་གྱི་དབུས་ཤར་རྒྱུད་དང་ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་བར་འབབ་ཀྱི་ཡོད་ལ། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་པ་དང་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།