དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-28 09:12:46   |   99

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཕོ་བྲང་རྙིང་བའི་རྟེན་མཛོད་ཁང་བསྐྲུན་ནས་ལོ100འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚེས27ཉིན་གྱི་སྔ་དྲོར། ཕོ་བྲང་རྙིང་བའི་རྟེན་མཛོད་ཁང་དུ་ཕེབས་ནས། “ལོ་བརྒྱའི་སྲུང་སྐྱོབ་སྟེ།  ཕོ་བྲང་སྨུག་པོ་ནས་ཕོ་བྲང་རྙིང་བའི་རྟེན་མཛོད་ཁང་བར”གྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་། 

  • ཟླ9པར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི4.20ཡིན་པ་དེ་དུས་མཚུངས་ལས3.0%འཕར་ཡོད། 

  • རྒྱལ་ཁབ་བསྡོམས་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1ནས9པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར53732.0ཡིན་པ་དེ་དུས་མཚུངས་ལས3.2%འཕར་ཡོད། 

  • སྙན་ཞུའི་ནང་མངོན་པར་གཞིགས་ན། མིག་སྔའི་བར། ཀྲུང་གོའི་རྒྱ་མཚོའི་སྒྲིག་ཆས་ཐོན་ལས་ཀྱི་གོ་ཆོད་ཁེ་བེད་བདག་ཐོབ་ཁྲི16.66ཙམ་ཡིན་པ་དེས་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི54.4%བཟུང་ཡོད། 

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཟླ་མཇུག་བར། རང་རྒྱལ་གྱི5Gགཞི་གནས་བསྡོམས་འབོར་ཁྲི470.5ཡིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི45.5འཕར་ཡོད། 

  • 2026ལོ་འཁོར་གྱི་ཀྲུང་དབྱང་ལས་ཁུངས་ཀྱིས་ཡོངས་བསྒྲགས་ངང་གཞུང་ཞབས་པ་འདེམས་སྒྲུག་དང་ཡོངས་བསྒྲགས་ངང་གདམ་གསེས་སྐོང་འཐེན་དེ་རིང་ནས་བཟུང་མིང་ཐོ་འགོད་རྒྱུ་རེད། 

  • ལྷ་གྲུ་ཉེར་གཅིག་པའི་གྲུ་མདའ་སྡེབ་སྒྲིག་གཟུགས་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས་ནས། ཉེ་ཆར་གོ་སྐབས་བདམས་ནས་འཕེན་གཏོང་བྱེད་རྩིས་ཡོད་པ་རེད། ཚེས27ཉིན་འཕེན་གཏོང་བྱ་ཡུལ་གྱིས་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་མ་ལག་ཡོངས་ཀྱི་མཉམ་སྦྱོང་བྱས། 

a8e1fbc50e22da4fc20e7024115167d7.jpg

  • ཚེས27ཉིན་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་རྒྱལ་སྤྱིའི་འཁྱགས་གཏོར་ནུས་པ་ལྡན་པའི་མི་བཞུགས་མཚོར་འཛུལ་ལས་སྒྲུབ་གྲུ་གཟིངས་ཨ་མ“འཚོལ་ཞིབ་ཨང་གསུམ་པ”དང“འབད་འཐབ་པ”རྟགས་ཅན་གྱི་མི་བཞུགས་ཆུ་འཛུལ་ཡོ་བྱད་ལ་བརྟེན་ནས། བྱང་སྣེའི་མི་བཞུགས་མཚོར་འཛུལ་ལས་འགན་སྒྲུབ་མཁན་ཚན་རིག་རྟོག་ཞིབ་རུ་ཁག་བདེ་བླག་ངང་ཕྱིར་ལོག་པ་རེད། 

  • ཨ་རིའི་དམག་སྤྱོད་ཐད་འཕུར་གནམ་གྲུ་དང་འཐབ་འཛིང་གནམ་གྲུ་ཞིག་སྔ་རྗེས་སུ་ལྷོ་རྒྱ་མཚོར་ལྷུང་བ་དང་། རང་རྒྱལ་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་དམག་དོན་གནམ་གྲུ་ནི་ལྷོ་རྒྱ་མཚོར་དམག་དོན་ནང་སྦྱོང་བྱེད་སྐབས་ལྷུང་བ་ཞིག་ཡིན་པ་དང་། ཨ་རི་ཕྱོགས་ཀྱིས་དམག་གྲུ་དང་དམག་སྤྱོད་གནམ་གྲུ་མངགས་ནས་ལྷོ་རྒྱ་མཚོར་དྲག་ཤུགས་ངོམ་པར་བསྐྱོད་པ་ནི་མཚོ་ཐོག་བདེ་འཇགས་ཀྱི་གནད་དོན་འབྱུང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་འབྱུང་རྩ་ཡིན་ཞེས་བཤད་པ་རེད། 

    སྤྱི་ཚོགས།

  • ཀྲུང་གོའི་ལག་ཁྱེར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་བསམ་འཆར་སྤེལ་ནས། མ་འཇོག་བྱེད་མཁན་འབྲིང་ཆུང་གིས་བཏོན་པའི་མ་རྐང་གསར་པ་འགྲེམས་སྤེལ་གྱི་རིན་གོང་མཐོ་དྲགས་པའི་གནད་དོན་ལ་དམིགས་ནས་བླང་བྱ་བཏོན་ཡོད།

  •  “སྦྲུམ་མ་ཐེ་ལན་གྱི་གཡང་གཟར་དུ་ལྷུང་བའི”གཉེན་སྒྲིག་གྱོད་གཞིར་དམིགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉིན་ཤས་གོང་རྒྱལ་ཁོངས་ལས་བརྒལ་བའི་བརྙན་ལམ་ཁྲིམས་རའི་འདྲི་གཅོད་ཀྱི་འབྲེལ་ཡོད་གནད་དོན་གསལ་འགྲེལ་བྱས་ཡོད། 

  • ཚེས27ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར265དང་སྒོར255གཅོག་རྒྱུ་རེད། 

  • རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཨུ་ཡོན་དང་རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཅང་ཁྲའོ་ལེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས། 

  • ཀྲུང་གོ་དབྱི་ཀྲུང་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་རྒྱུན་ཨུ་དང་སྤྱི་གཉེར་གཞོན་པ་ལུའུ་ཝུན་ཅུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས། 

  • རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཅུ་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་ནས་ཕྱིར་འབུད་བྱས། 

edd48068b1e9df6217a3fe22c7444a26.jpg

  • ཚེས27ཉིན། སྐམ་ས་ཆེན་པོའི་འཁྱགས་ལྟིར་གཟེགས་རྟགས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ནང་། ཀྲུང་གོའི་བུད་མེད་རུ་ཁག་གིས་བསྡུར་ཚད7བསྡུར6གིས་འཛམ་གླིང་གི་ཨང་དང་པོ་ཡིན་པའི་ཁ་ན་ཏའི་རུ་ཆེན་ལས་རྣམ་པར་རྒྱལ་ནས། བསྟུད་མར་རྒྱལ་ཁ་ཐེངས་དགུ་ཐོབ་པའི་འགྲན་མེད་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་རེད། 

  • པེ་ཧའེ་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས27ནས28ཉིན་བར། ཉིན་རེའི་ཆུ་ཚོད8:30ནས18:00བར་བྱང་རྒྱུད་མཚོ་ཁུག་གི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་སྦྱོང་བརྡར་བྱས་ཏེ། གྲུ་གཟིངས་བསྐྱོད་མི་ཆོག་པ་བྱས་ཡོད། 

a83a0d27fa419a4cc13bb2cae48c0edd.jpg

  • ཚེས26ཉིན། རང་རྒྱལ་གྱི་ཆེས་རིང་བའི་དྲོད་རླངས་མཁོ་འདོན་བཟོ་སྐྲུན“ལེའོ་རེ་རུའུ་ཅིའི(聊热入济)”བར་ཐག་རིང་བའི་དྲོད་རླངས་མཁོ་འདོན་བཟོ་སྐྲུན་བྱང་རྒྱུད་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས། ད་ལོའི་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་དུས་ཚིགས་སུ་འཁོར་སྐྱོད་ཐུབ་རྒྱུ་རེད། 

    སྲིད་ཇུས།

  • པེ་ཅིང་གིས་བྱ་ཐབས་དཔར་འགྲེམ་བྱས་ནས་རང་འགུལ་ངང་རླངས་འཁོར་གཏོང་བ་དང་རང་འགུལ་ངང་སྤྱི་སྤྱོད་རླངས་འཁོར་བཏང་ནས་འགྲོ་ལམ་བེད་སྤྱོད་ཚོད་ལྟ་བྱས་ཉིན་ནས་བཟུང་ལོ་ལྔའི་ནང་རླངས་འཁོར་རེར་ལོ་རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས་པ་དང་། ལོ་ལྔ་ལས་བརྒལ་ན་ཟླ་དྲུག་རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 

  • ཐེན་ཅིན་གྱིས་བསམ་འཆར་བསྡུ་ལེན་བྱེད་སྐབས། ཡུལ་གྲོང(ཁྲོམ་གཞུང)ཚང་མར་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་འཛུགས་དགོས་པ་དང་། སློབ་ཡོན་མི་དགོས་པའི་རིག་གནས་བྱེད་སྒོའི་རྣམ་གྲངས6ལས་མི་ཉུང་བ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 

  • ཧྲན་ཞིས་ལས་ཐོག་སྡེ་བའི་སྨན་པའི་བསླབ་གནས་མཐོར་གཏོང་འཆར་གཞི་ལག་ལེན་བསྟར་ནས། ལས་ཐོག་གྲོང་གསེབ་སྨན་པའི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གླིང་དུ་ལོགས་སུ་སློབ་བསྡུའི་ལས་དོན་སྤེལ་རྒྱུ་དང་། 2026ལོར་སློབ་མ1000བསྡུ་རྩིས་ཡོད་པ་རེད། 

    དེ་རིང་གི་གནམ་གཤིས།

0ec52beb2d610d937e7c7a91fa10a19c.jpg

  • ཤིན་ཅང་བྱང་རྒྱུད་ཀྱི་ཤར་རྒྱུད་དང་དབྱི་ལི་ལུང་གཞུང་དང་། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད་ལ། དེའི་ནང་བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་འབྲིང་ནས་ཁངས་ཆེན་འབབ་པ་དང་། ས་ཁུལ་ཁག་གཅིག་ཏུ་ཁངས་དྲག་པོ་འབབ་ཀྱི་ཡོད། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་ཀྱི་ཡོད་པ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།