དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-29 09:04:00   |   78

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ10ཚེས28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི《〈རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་མགོའི〉སྐོར་གྱི་གསལ་བཤད》ཁྱབ་བསྒྲགས་བྱས། 

  • ཟླ10པའི་ཚེས28ཉིན། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་མགོ》ཁྱབ་བསྒྲགས་བྱས། 

  • 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་མགོ》ཞེས་པའི་དེབ་རྐྱང་པ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་འཚོང་ཁང་ནས་འགྲེམས་སྤེལ་བྱས་ཡོད། 

  • ཚེས28ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་མཇུག་སྒྲིལ་ཞིང་། གསར་དུ་བཟོ་བཅོས་བརྒྱབ་པའི་མཚོ་ཐོག་ཚོང་དོན་བཅའ་ཁྲིམས་སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་། 

  • ཟླ10ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས། 

4de8333a5d3366643de4e5f63856cfda.jpg

  • ཟླ1ནས9པའི་བར། རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི7.5གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཡོད། 

  • ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ་གཉིས་རིང་གི“དྲ་རྒྱའི་ཐད་གཏོང་དང་ལེགས་སྐྱེས་སྟེར་བའི་རྣམ་པ་བཅོས་སྒྲིག་བྱེད་པའི་དྭངས་གཙང”ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས། 

  • 2025ལོའི་ཟླ9པའི་ཟླ་མཇུག་བར། གྲངས་འཛིན་མི་དམངས་ཤོག་སྒོར་ཚོད་ལྟའི་ས་ཁུལ་དུ་རིམ་རྩིས་བྱས་ན་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི14.2ལ་སླེབས་ཡོད། 

  • ཚེས28ཉིན་ཀྲུང་དབྱང་དངུལ་ཁང་གིས་གཏན་འཇགས་སྐྱེད་ཀ་དང་གྲངས་འབོར་འོས་སྐུལ་གྱི་བྱེད་ཐབས་ཐོག་ནས་སྒོར་དུང་ཕྱུར4753ཉིན7གྱི་དུས་ཚོད་ལྡོག་ནས་ཉོ་སྒྲུབ་བྱས་ཡོད། 

  • ཚེས28ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ3.0ཡི་རིམ་སྤོར་གྲོས་ཆོད་ཡི་གེར་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར་དུ་མིང་རྟགས་བཀོད། 

    སྤྱི་ཚོགས།

ca93beda3e31a09d318afb9b39e40d4b.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པ་སེར་པོའི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་པེ་ཅིང་དང་ཐེན་ཅིན། ཧོ་པེ། ཧོ་ནན། ཧུའུ་པེ་སོགས་ས་ཁུལ་ཁག་གཅིག་ཏུ་མཐོང་ཚད་སྨི500ཡང་ཟིན་མེད་པའི་སྨུག་པ་སྟུག་པོ་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་མཐོང་ཚད་སྨི200ཡང་ཟིན་མེད་པའི་སྨུག་པ་ཆེན་པོ་ཡོད། 

  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཟླ11ཚེས5ནས10ཉིན་བར་གཉེར་རྒྱུ་ཡིན་པ་དང་། མིག་སྔར་གྲ་སྒྲིག་ལས་དོན་ཁག་ཕལ་ཆེར་ལེགས་གྲུབ་ཟིན་ནས་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས155ཞུགས་རྒྱུ་དང་ཕྱི་རྒྱལ་གྱི་ཁེ་ལས4108འགྲེམས་སྟོན་ནང་ཞུགས་རྒྱུ་རེད། 

  • ཁག་བཅུ་གཅིག་པའི་རྒྱལ་ཁབ་ཀྱི་སྨན་རྫས་གཅིག་སྡུད་འཚོལ་བསྡུ་སྒྲིག་འཛུགས་འདེམས་སྒྲུག་བྱས་འབྲས་ནང་ད་ཐེངས་ཀྱི་ཕྱོགས་བསྡུས་སྨན་རྫས་རིགས55ནང་བཅུག་པ་དེ་འགོས་ནད་འགོག་པ་དང་ཚོར་ཐལ་འགོག་པ་སོགས་ཁྱབ་ཁོངས་ཀྱི་རྒྱུན་སྤྱོད་སྨན་རྫས་ལ་ཁྱབ་ཡོད་པ་རེད། 

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་བྱ་ཡུལ་ཡོངས་བསྒྲགས་བྱས་པ་དང་། སུན་དབྱིང་ཧྲ་དང་ཧྥན་ཀྲེན་ཏུང་སོགས་ལ་གཟེངས་བསྟོད་ཐོབ་རྩིས་ཡོད་པ་རེད། 

  • འགྲིམ་འགྲུལ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ཧང་ཀྲང་གཞོན་པ་ཧོའུ་ཝུའེ་ཏུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • ཀྲུང་གོ་འབྲེལ་འཕྲིན་གྱི་དེ་སྔའི་སྤྱི་གཉེར་གཞོན་པ་ཚའོ་ཤིང་གི་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོ་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཚའོ་ཤིང་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

  • སྤྱི་བདེ་ལས་ཁུངས་ཀྱིས “ཐའེ་ཝན་རང་བཙན”གྱི་ངན་རེངས་པ་ཧྲེན་པོ་དབྱང་ལ་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱ་རྒྱུའི་ཐག་བཅད། 

  • ཚེས28ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྲུང་ཐུང་མྱུར་སྐྱེལ་མ་རྐང་ཚད་ཡོད་སྤྱི་གཉེར་ལ་སྲིད་འཛིན་གྱི་ཁ་ཆད་གྲོས་མོལ་བྱས་པ་རེད། 

  • གསར་དུ་ཐོ་འགོད་བྱས་པའི་ཚན་རྩལ་གསར་གཏོད་འཚར་ལོངས་རིམ་པའི་ཁེ་ལས་ཁག་དང་པོ་དེ་ཚེས28ཉིན་ཚན་རྩལ་གསར་གཏོད་པང་ལེབ་ཏུ་དངོས་སུ་བུད་ཅིང་། དེ་སྐྱེ་དངོས་སྨན་རྫས་དང་གློག་འདྲེན་ཕྱེད་གཟུགས་ཀྱི་རྒྱུ་ཆ་སོགས་ཁྱབ་ཁོངས་དང་འབྲེལ་ཡོད་པ་རེད། 

5b1b36047b300a06478be9bc711d0d6a.jpg

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་ནུས་ཤུགས་ཡོད་རྒུས་དྲོད་ཚད་མཐོ་བའི་གེགས་མེད་ཐག་པའི་རྒྱུ་ཆ་རབས་གཉིས་པ་སྟེ། ཧ་ཧྲི་བསྲེས་ལྕགས(C276)ལྕགས་རིགས་རྨང་ཐག་བཟོས་ནས། རྒྱུ་ཆ་དེ་ཡུན་རིང་ནང་འདྲེན་ལ་བརྟེན་པའི་རྣམ་པ་གཏོར་ཡོད། 

    སྲིད་ཇུས། 

  • པེ་ཅིང་གིས་འབྱུང་འགྱུར་གྲངས་འཛིན་བར་མཐོངས་གསར་གཏོད་ཚོད་ལྟ་ཁུལ་གྱིས་གཙོ་གནད་ཐོན་ལས་དང་འབྲེལ་བའི་རྒྱལ་ཁབ་རིམ་པ་དང་གྲོང་ཁྱེར་རིམ་པའི་གཙོ་གནད་ཚོད་ལྟ་ཁང་ནང་འདྲེན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། དོན་དངོས་ཐོག་དོན་འཁྱོལ་བྱེད་པའི་གཙོ་གནད་ཚོད་ལྟ་ཁང་ལ་ལོ་རེར་གཉེར་སྐྱོང་འགྲོ་གྲོན་ཆེས་མཐོ་ཤོས་སྒོར་ཁྲི500ཡི་རྒྱབ་སྐྱོར་བྱ་རྒྱུ་རེད། 

  • ཁྲུང་ཆིང་གིས2025ལོ་ནས་བཟུང་སྡོད་དམངས་ཀྱི་སྨན་བཅོས་གུན་སྐྱོབ་ནང་བསྟུད་མར་ཞུགས་ནས་ལོ4འཁོར་བའི་གུན་སྐྱོབ་ནང་ཞུགས་མཁན་ལ་དེ་རྗེས་གུན་སྐྱོབ་ནང་ཞུགས་ནས་ལོ་གཅིག་བསྟུད་མར་གྲོན་དངུལ་སྤྲད་དེ་སྡོད་དམངས་ཀྱི་ནད་གཞི་ལྕི་རིགས་གུན་སྐྱོབ་ཀྱི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་སྒོར4000མཐོ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། 

  • ཅི་ལིན་གྱིས2026ལོའི་ལོ་འཁོར་གྱི་སྡོད་དམངས་ཀྱི་སྨན་བཅོས་གུན་སྐྱོབ་ཀྱི་མ་དངུལ་གྲབས་གསོག་ཚད་གཞི་སྒོར1100ལས་མི་དམའ་བ་བྱ་རྒྱུའི་ནང་ནོར་སྲིད་ཀྱི་ཁ་གསབ2025ལོའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར700ལས་མི་དམའ་བ་དང་མི་སྒེར་གྱི་གྲོན་དངུལ་སྤྲོད་པའི་ཚད་གཞི་ནི་མི་རེར་ལོ་རེར་སྒོར400ཡིན་པ་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས། 

a820128a1ae1bfc9a0500c97d085e0ff.jpg

  • ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད། ཧྲན་ཞིའི་བྱང་རྒྱུད། བོད་ལྗོངས་ཀྱི་དབུས་ལྷོ་རྒྱུད། ཅང་ཧན་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་འབབ་པ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད། 


མཉམ་སྤྱོད།