དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-30 09:07:14   |   70

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་དུས་ཚོད་ཟླ10ཚེས30ཉིན་ལྷོ་ཁོ་རེ་ཡའི་ཧྥུའུ་ཧྲན་དུ་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་དང་མཇལ་འཛོམས་གནང་ནས། ཀྲུང་ཨའི་འབྲེལ་བ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་རྒྱུ་རེད། 

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བརྒྱད་ཙམ་བསྡུས་ཡོད་པ་རེད། 

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱིས་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར506ཡིན་པ་དེ་དུས་མཚུངས་ལས3.1%འཕར་ཡོད། 

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི263.2ཡིན་པ་དེ་དུས་མཚུངས་ལས5.4%འཕར་ཡོད། 

  • ཉིན་ཤས་གོང་། སློབ་གསོ་པུས《2025ལོ་ནས2028ལོ་བར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕྱོགས་པའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་མིང་ཐོ》ཁྱབ་བསྒྲགས་བྱས་པར་ཁྱོན་འགྲན་བསྡུར་ཁག47མིང་ཐོའི་ནང་ཚུད་ཡོད་པ་རེད། 

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མི་ཁྲི67.7ལ་ཆད་པ་བཅད་པའི་ནང་ཞིང་ཆེན་དང་པུ་རིམ་པའི་ལས་བྱེད་པ41ཚུད་ཡོད། 

  • ཚེས29ཉིན། ལྷ་གྲུ་ཉེར་གཅིག་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལས་འགན་གྱིས་ཁོངས་ཡོངས་ཀྱི་མཉམ་སྦྱོང་སྒྲིག་འཛུགས་བྱས། མིག་སྔར་འཕེན་གཏོང་ལས་འགན་གྱི་མ་ལག་ཁག་གིས་འབྲེལ་ཡོད་ནུས་པར་ཞིབ་བཤེར་བྱས་པ་དང་འབྲེལ་འཕེན་གཏོང་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད། 

d8eb42916199ff0a6a5b4502612a44e3.jpg

  • ཚེས28ཉིན་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཧྲིལ་པོར་རིམ་རྩིས་བྱས་ན་དངོས་ཟོག་མེ་འཁོར་ཁྲི6.3བཏང་བ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི7000ལས་བརྒལ་ཡོད། 

  • ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ཁྲོད“ཞི་བས་གཅིག་གྱུར”ཞེས་པའི་སྐོར་བཏོན་མེད་པར་ལན་སློག་པ་སྟེ། ང་ཚོས་ཞི་བས་གཅིག་གྱུར་ཡོང་བར་བར་མཐོངས་རྒྱ་ཆེན་པོ་གཏོད་འདོད་ཡོད་མོད། འོན་ཀྱང་ང་ཚོས་དྲག་ཤུགས་སྤྱོད་རྒྱུ་འདོར་རྒྱུའི་ཁས་ལེན་གཏན་ནས་བྱེད་ཀྱི་མིན། 

    སྤྱི་ཚོགས།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི1057གསར་དུ་ལས་ཞུགས་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི88%ལེགས་གྲུབ་བྱུང་ཡོད། 

  • ཉེ་ཆར། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ“དངུལ་ཆུ་དམར་པོའི་གཡོ་ཐབས”གྱོད་གཞི་ཞིག་རྩད་ཆོད་ནས་རྒྱ་ཆེའི་མང་ཚོགས་ལ་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་དྲན་སྐུལ་བྱས་ཡོད། 

  • སྙན་ཞུ་ལས་མངོན་པ་ལྟར་ན། རང་རྒྱལ་གྱིIPv6འཁྲུག་ཆ་དོད་པའི་སྤྱོད་མཁན་དུང་ཕྱུར8.65ལ་སླེབས་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། 

  • མཚོ་སྔོན་ཞིང་ཆེན་ཏང་ཨུའི་དེ་སྔའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་དབྱང་ཧྥ་སེན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཡོངས་བསྒྲགས་བྱས་པ་དང་། དབྱང་ཧྥ་སེན་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད། 

  • དྲ་གྲོགས་ཤིག་གིས་པའོ་པའོ་པ་ཧྲིའི་གཤམ་འོག་གིAPPབརྙན་ཤེལ་མགོ་རྩོམ་སྐབས་མ་རབས་ཐ་ཤལ་གྱི་བརྡ་ཁྱབ་ཡོད་པ་དང་། པའོ་པའོ་པ་ཧྲི་སྤྱི་གཉེར་ཀྱིས་དགོངས་དག་ཞུས་པ་དང་། དག་ཐེར་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། 

  • ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་སྐྱེས་པ་ཁྲེན་ཆེ་གེ་མོས་དམག་ལ་ཞུགས་རྗེས་དམག་ཞབས་ཞུ་རྒྱུ་དང་ལེན་མ་བྱས་པར་གཞུང་ལས་པར་བསྡུ་མི་ཆོག་པ་དང་། དངུལ་ཆད་སྒོར26736སོགས་ཀྱི་ཉེས་ཆད་ཁག7བཅད་པ་རེད། 

8f47e79ec3a438dc8e05fa0f08a90930.jpg

  • ཚེས29ཉིན། ཀྲུང་གོའི་སྦྲག་སྲིད་ཀྱིས《ཤིང་རྟ་ལོ》ཞེས་པའི་དམིགས་བསལ་སྦྲག་རྟགས་ཏེ་རྟ་ལོའི་ལོ་རྟགས་ཀྱི་སྦྲག་རྟགས་རི་མོའི་མ་ཟིན་དངོས་སུ་ཁྱབ་བསྒྲགས་བྱས། 

  • ཚེས28ཉིན། རང་རྒྱལ་གྱིས་ད་ལྟའི་བར་གྱི་དུས་རབས་ཀྱི་སྨྱུག་ལེབ་ཆེས་སྔ་ཤོས་ཤེས་རྟོགས་བྱུང་བ་སྟེ། ད་བར་ལོ་ངོ2400ལྷག་ཙམ་སོང་བའི་ཙེང་ཧོའུ་དབྱི་བང་སོའི་སྨྱུག་མའི་དཔེ་དེབ་ཧུའུ་པེར་འགྲེམས་སྟོན་བྱས། 

55c1ab89cc30dd54d8cc94f26d4b044e.jpg

  • རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ལུའུ་ཤང་གཡམ་སྣུམ་དཔེ་སྟོན་ཁུལ་དང་པོ་སྟེ། ཤིན་ཅང་ཅི་མུའུ་སར་གཡམ་སྣུམ་དཔེ་སྟོན་ཁུལ་གྱི་ད་ལོའི་ཐོན་འབབ་ཏུན་ཁྲི150ལས་བརྒལ་བས། ལོ་རྒྱུས་དུས་མཚུངས་ཀྱི་ཆུ་ཚད་ཆེས་མཐོ་ཤོས་བཏོད་ཡོད། 

    སྲིད་ཇུས།

  • པེ་ཅིང་གིས་འཁྲབ་སྟོན་གྱི་གྲོང་ཁྱེར་དང་དཔེ་ཀློག་གི་རྒྱལ་ས། གློག་བརྙན་བརྙན་འཕྲིན་གྱི་མཐོ་ས། རྟེན་མཛོད་ཁང་གི་གྲོང་ཁྱེར་སོགས་གཙོ་གནད་རིག་གནས་འཛུགས་སྐྱོང་ལས་འགན་དང་དེ་བཞིན་རིག་གནས་འཛད་སྤྱོད་ཀྱི་རྣམ་པ་གཞན་དག་ལ་དམིགས་ནས། རིག་གནས་དམངས་ཕན་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛད་སྤྱོད་པར་དམངས་ཕན་ཁ་གསབ(འཛིན་ཤོག)སྤྲོད་རྩིས་ཡོད་པ་རེད། 

  • ཧྲང་ཧའེ་ཡིས་ལོ་ཚད་ལས་བརྒལ་བའི་ལས་ཞུགས་མི་སྣ་དང་དངོས་སྦྱོང་སློབ་མ་ལས་རྨས་འགན་བཅོལ་ནང་ཞུགས་མཁན་ལ་མི་སྤྱོད་ཚན་པས་ཟླ་རེར་ལས་རྨས་འགན་བཅོལ་གྲོན་དངུལ་སྤྲོད་དགོས་པ་ཁ་གསལ་བཏོན་ཡོད། 

  • ཧྲན་ཏུང་གིས་བྱེད་ཐབས་བཀྲམ་ནས་དམངས་གཉེར་ཁེ་ལས་ཀྱིས་སྣེ་ཁྲིད་དེ་གོ་དོན་ར་སྤྲོད་ལྟེ་གནས་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཚོད་ལྟའི་རྟེན་གཞི་འཛུགས་རྒྱུར་སྐུལ་ལྕག་བཏང་ནས། ཞབས་ཞུ་མངོན་གསལ་ཡིན་པའི་ཞིང་ཆེན་རིམ་པའི་འབྲིང་རིམ་ཚོད་ལྟའི་རྟེན་གཞིར་ལོ་འཁོར་གྱི་བྱ་དགའ་ཆེས་མཐོ་ཤོས་སྒོར་ཁྲི200ཁ་གསབ་བྱ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

f80cd8def24b52ba52da0eb7620a162e.jpg

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་བྱང་རྒྱུད། ཅི་ལིན་གྱི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་དབུས་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། ཅི་ལིན་གྱི་ཤར་ལྷོ་རྒྱུད་དང་། ལིའོ་ཉིང་ཤར་རྒྱུད་དང་ལྷོ་རྒྱུད། ཧོ་པེའི་བྱང་ཤར་རྒྱུད། ཐེན་ཅིན་གྱི་དབུས་ལྷོ་རྒྱུད། ཨན་ཧུའེ་ཡི་ལྷོ་ནུབ་རྒྱུད། ཧུའུ་པེའི་ཤར་རྒྱུད། ཧུའུ་ནན་ནུབ་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད། 


མཉམ་སྤྱོད།