དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-10-31 09:10:17   |   150

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

fae3d7cdfd1d48e7aeef122a5e6a5990.jpg

  • ས་གནས་དེ་གའི་དུས་ཚོད་ཟླ10ཚེས30ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས། ལྷོ་ཁོ་རེ་ཡར་འབྱོར་ནས་ལྷོ་ཁོ་རེ་ཡ་ཆེན་མོའི་མིན་གོའི་ཙུང་ཐུང་ལི་ཙའེ་མིང་གི་གདན་ཞུས་ལྟར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་པ་དང་འབྲེལ་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་།

e3b2e24166d1bc5381dd1c822ceef997.jpg

  • ས་གནས་དེ་གའི་དུས་ཚོད་ཟླ10ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲན་དུ་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་དང་མཇལ་འཛོམས་གནང་། 

eee2a6a5b05a31dbc0c8e764235c4faa.jpg

  • རང་རྒྱལ་གྱིས་ཟླ10པའི་ཚེས31ཉིན་གྱི་དུས་ཚོད23:44སྟེང་ལྷ་གྲུ་ཉེར་གཅིག་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་བྱས་པ་དང་། འཕུར་སྐྱོད་ཚོ་ཆུང་ནི་འཇིག་རྟེན་འཕུར་སྐྱོད་ཁ་ལོ་བ་ཀྲང་ལུའུ་དང་། འཕུར་སྐྱོད་བཟོ་བཀོད་པ་ཝུའུ་ཧྥེ། ཐེག་འཁུར་ཆེད་མཁས་པ་ཀྲང་ཧུང་ཀྲང་བཅས་ཀྱིས་གྲུབ་པ་དང་། ཀྲང་ལུའུ་ཡིས་བཀའ་བཀོད་དཔོན་གྱི་འགན་འཁུར་ཡོད། 

7f371857a15cf00d63d21fee8281ca7c.jpg

  • ལྷ་གྲུ་རྟགས་ཅན་ཉི་ཤུ་པའི་ཚོ་ཆུང་གི་བཀའ་བཀོད་དཔོན་ཁྲེན་ཏུང་འཁོར་ལམ་ཐོག་བཅའ་སྡོད་བྱེད་པའི་དུས་ཚོད་ཉིན400ལས་བརྒལ་བའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་པ་དང་། རིམ་རྩིས་བྱས་ན། གྲུ་ཁང་ནས་ཕྱིར་ཐོན་པའི་བྱེད་སྒོ་ཐེངས6ལེགས་གྲུབ་བྱུང་ནས། མིག་སྔར་གྲུ་ཁང་ཕྱི་རོལ་དུ་ལས་འགན་སྒྲུབ་ཐེངས་ཆེས་མང་ཤོས་ཀྱི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་གྱུར་ཡོད། 

  • HPVརིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ནང་བཅུག་པ་དང་། ཟླ11པའི་ཚེས10ཉིན་ནས་བཟུང་། ལོ13ལ་སོན་པའི་བུ་མོས་རིན་གོང་གཉིས་ལྡན་གྱི་རིམས་འགོག་སྨན་ཁབ་ཐེངས་གཉིས་བརྒྱབ་ཆོག

  • 《གྲོང་ཁྱེར་གྱི་ཚོང་ལས་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ཇུས་གཞི》ཁྱབ་བསྒྲགས་བྱས་ནས། དམངས་ཕན་འཚོ་བའི་ཁུལ་རྒྱ་ཇེ་ཆེར་གཏོང་བ་དང་རིམ་སྤོར་བྱེད་པ་སོགས་ཀྱི་བྱེད་ཐབས21བཏོན་ཡོད། 

  • རང་རྒྱལ་གྱི་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་གི་སྲིད་ཇུས་དེ་ཟླ11ཚེས1ཉིན་ནས་བཟུང“རིམ་སྤོར”བྱ་རྒྱུ་ཡིན་ལ། དེའི་ནང་རྒྱལ་ནང་གི་ཚོང་ཟོག་ཚོང་ཁང་དུ་ཕྱིར་འཚོང་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་གི་གཉེར་སྐྱོང་དངོས་རྫས་རྒྱ་ཆེར་གཏོང་རྒྱུ་སོགས་ཚུད་ཡོད། 

  • དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བརྡ་ཐོ་བཏང་ནས། རྒན་གསོའི་རྒྱུ་ནོར་བདག་གཉེར་ཐོན་རྫས་ཚོད་ལྟའི་ས་ཁུལ་རྒྱལ་ཡོངས་སུ་རྒྱ་ཆེར་བཏང་ནས་ཚོད་ལྟའི་དུས་བཀག་ལོ་གསུམ་ཡིན། 

  • ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་རྐྱེན་སྲོལ་གཞུང་ལས་ཁང་དང་ཀྲུང་དབྱང་སྒྲིག་ཨུའི་གཞུང་ལས་ཐིང་གིས་ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན2ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་། 

  • ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་དང་ཨ་རིའི་ཁྭ་ལ་ལུམ་ཕུར་གྱི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་མཉམ་འབྲེལ་བཀོད་སྒྲིག་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 

    སྤྱི་ཚོགས།

e496a79d8ac5ac38efea719627171f98.jpg

  • ཚེས30ཉིན་གྱི་མཚན་མོ་ནས་ཚེས31ཉིན་གྱི་ཞོགས་པའི་བར། ཧྭ་བྱང་གི་དབུས་ལྷོ་རྒྱུད་དང་ཧོང་ཧོའེ་སོགས་སུ་སྨུག་རྡུལ་གྱི་གནམ་གཤིས་ཡོད་པ་དང་། ས་ཁུལ་ཁག་གཅིག་ཏུ་མཐོང་ཚད་སྨི500ཡང་མ་ཟིན་པའི་སྨུག་པ་སྟུག་པོ་ཡོད་པས་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་སྨུག་སྤྲིན་སེར་པོའི་ཉེན་བརྡ་བཏང་ཡོད། 

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར109589མངོན་འགྱུར་བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས7.9%འཕར་ཡོད། 

  • ཀྲུང་གོ་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་གླེང་མང་བའི་དཔྱད་རྩོམ་གྱི་གྲངས་འབོར་འཛམ་གླིང་གིས་བཟུང་བའི་བསྡུར་ཚད་ཐེངས་དང་པོར་ཕྱེད་ཀ་ལས་བརྒལ་བས། ནང་འདྲེན་བྱས་པའི་དཔྱད་རྩོམ་གྱི་གྲངས་འབོར་དང་ཨ་རིའི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ཡོད། 

1b0754e591822e882524f38a4c8d428b.jpg

  • ཚེས30ཉིན། པོ་ཡིངT1400མི་མེད་ཐད་འཕུར་གནམ་གྲུ་ཧར་པིན་དུ་ཐེངས་དང་པོར་འཕུར་ནས་རང་རྒྱལ་གྱི་ཏུན་རིམ་པའི་མི་མེད་ཐད་འཕུར་གནམ་གྲུའི་སྟོང་ཆ་བསྐངས་པ་རེད། 

  • ཧྲང་ཧའེ་ཤར་རྒྱུད་ཀྲུང་ཧྭ་གྲུ་གཟིངས་བཟོ་གྲྭ(ཚོགས་པ)ཚད་ཡོད་སྤྱི་གཉེར་གྱིས་ཟླ་རེར་སྐྱེལ་འདྲེན་གྲུ་གཟིངསLNGཅན4ཐོག་མར་རྩིས་སྤྲོད་བྱས་ཤིང་། དེས་རང་རྒྱལ་གྱི་གྲུ་གཟིངས་བཟོ་བའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པ་མཚོན་ཡོད། 

640.gif

  • ཀོང་ཀྲོའུ་པའེ་ཡུན་རྒྱལ་སྤྱིའི་གནམ་ཐངT3གནམ་གྲུའི་འབབ་ཚུགས་དང་རྒྱུག་ལམ་ལྔ་པ་དངོས་སུ་སྤྱོད་མགོ་བརྩམས་པ་དེ་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་ཚོང་སྤྱོད་རྒྱུག་ལམ་ལྔ་ཡོད་པའི་གནམ་ཐང་དང་པོར་གྱུར་པ་དང་། ལྟེ་བའི་ནུས་རིམ་སླར་ཡང་འཕར་ཡོད། 

  • བོད་ལྗོངས་ཀྱི་དིང་རི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་དང་ཁང་པ་ཉམས་གསོ་བརྟན་དུ་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྲད་པ་རེད། 

beb4089e416771443d1302c0ab186d0b.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ11ཚེས11ཉིན། ཀྲུང་གོའི་གློག་བརྙན་བྱུང་ནས་ལོ120འཁོར་བའི་གསེར་དངུལ་གྱི་དངུལ་ལོར་ཆ་ཚང3འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས། 

a6b369b2337f0f2c1fc7a02ce7030c95.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཧུའུ་པེ་དབྱི་ཁྲང་རྡོ་གཡམ་གྲམ་ཐང་གི་སྐྱེ་དངོས་ཁྱུ་ཚོགས་ཁྲོད་སྲོག་ཆགས་ཀྱི་ཁུང་བུའི་རྗེས་ཤུལ་གྱི་འགྱུར་རྡོ་རྙེད་པ་དང་། ད་བར་ལོ་ངོ་དུང་ཕྱུར5.5ཙམ་གྱི་ལོ་རྒྱུས་ལྡན་ཡོད། 

  • པེ་ཅིང་འགག་སྒོས་མུ་ཏིག་ལྐོག་ཚོང་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར2ཙམ་ཟིན་ལ། ཉེས་གསོག་དོགས་ཅན་གཙོ་བོ་གཉིས་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། 

    སྲིད་ཇུས།

  • པེ་ཅིང་གི《མཉེན་གཤིས་གྲོང་ཁྱེར་འཛུགས་སྐྲུན་གྱི་ཕྱོགས་སྟོན》ལ་བསམ་འཆར་བསྡུ་ལེན་བྱས་ནས་སློབ་གྲྭའི“བདེ་འཇགས་གླིང་ཕྲན”ཁག་བགོས་ནས་བསྐྲུན་རྒྱུ་དང་རི་ཁུལ་དུ་སྲུང་སྐར་འཕྲིན་གཏོང་སྒྲིག་ཆས་དང་འཕྲལ་སྡོམ་ཆུ་གཙང་སྒྲིག་ཆས་སོགས་སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད། 

  • ཀྲེ་ཅང་གིས་ཐད་སྦྲེལ་ཁ་པར12345དོ་དམ་བྱེད་ཐབས་བཏོན་ནས་མྱུར་བགྲོད་དོན་ཚན་ཐོ་འགོད་བྱས་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་གསུམ་ནང་ཚུན་དུ་བསྒྲུབས་ཚར་བ་བྱེད་དགོས་པ་དང་། སྤྱིར་བཏང་གི་དོན་ཚན་ཐོ་འགོད་བྱས་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་བདུན་གྱི་ནང་ཚུན་དུ་བསྒྲུབས་ཚར་བ་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

  • སི་ཁྲོན་གྱིས་ས་མིང་དོ་དམ་བྱེད་ཐབས་བཏོན་ནས། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་པ་དང་། ཀྲུང་ཧྭའི་ལོ་རྒྱུས་རིག་གནས་ཀྱི་རིག་གནས་མཚོན་པའི་ས་མིང་གཏན་འབེབས་བྱས་པར་སྤྱིར་བཏང་མིང་བསྒྱུར་མི་ཆོག

    དེ་རིང་གི་གནམ་གཤིས།

243716af3f9e6e7218fb62418a658e3f.jpg

  • བོད་ལྗོངས་ཀྱི་དབུས་ལྷོ་རྒྱུད་དང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་དྲག་པོ་འབབ་ཀྱི་ཡོད་པ་དང་། དེའི་ནང་བོད་ལྗོངས་དབུས་ཁུལ་གྱི་ས་ཁུལ་ཁག་ཅིག་ཏུ་ཁངས་དྲག་ཆེན་པོ་འབབ་ཀྱི་ཡོད་ལ། བོད་ལྗོངས་ལྷོ་ཕྱོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་དྲག་ཆེན་པོའམ་ཡང་ན་ཁངས་དྲག་ཤིན་ཏུ་ཆེན་པོ་འབབ་ཀྱི་ཡོད། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། ཧྲན་ཏུང་ཕྱེད་གླིང་། སི་ཁྲོན་གྱི་དབུས་ལྷོ་རྒྱུད། ཡུན་ནན་གྱི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་ཀྱི་ཡོད་པ་དང་། དེའི་ནང་བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་འབབ་རྒྱ་རེད།


མཉམ་སྤྱོད།