དེ་རིང་ནི2025ལོའི་ཟླ11པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-03 09:42:52   |   195

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཨེ་ཅིབ་ཀྱི་རྟེན་མཛོད་ཁང་ཆེན་མོའི་སྒོ་ཕྱེ་བར་རྟེན་འབྲེལ་ཞུས་པ་རེད།

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། སྟོན་དགུན་གྱི་ལོ་ཏོག་གཙོ་བོ་དགུན་གྲོ་འདེབས་འཛུགས་བྱེད་ཚད་བཅུ་ཆ་གསུམ་ལས་བརྒལ་ཡོད་པ་རེད།

  • དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ངར་ལྕགས་ལས་རིགས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར960ཟིན་པ་དང་། དུས་མཚུངས་ལས་ལྡབ1.9འཕར་ནས་ལས་རིགས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

  • དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17686ཟིན་པ་དང་། ལོ་སྔོན་མ་ལས་དངོས་སུ6%འཕར་ཡོད།

  • ཉེ་ཆར། ཆུ་བེད་པུས་གཏན་ཁེལ་བྱས་པའི་རང་རྒྱལ་གྱི་བདེ་སྐྱིད་གཙང་པོ་དང་མཚེའུ་ཡི་རྒྱལ་ཁབ་ཚད་གཞི་ཐོག་མ་དེ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ5ཚེས1ཉིན་ནས་བཟུང་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད།

  • 《2025ལོའི་ཀྲུང་གོའི་ཚན་རྩལ་དཔྱད་རྩོམ་གྱི་སྡོམ་རྩིས་སྙན་ཞུའི》ནང་། རང་རྒྱལ་གྱི་དཔྱད་རྩོམ་ཚ་ཤོས་ཀྱི་གྲངས་འབོར་གྱི་འཛམ་གླིང་གིས་བཟུང་བའི་བསྡུར་ཚད་ཐོག་དང་པོར་ཕྱེད་ཀ་ལས་བརྒལ་ནས53.2%རུ་ཐོན་ཏེ། འཛམ་གླིང་གི་ཨང་རིམ་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཁབ་གློག་དྲ་གཉེར་སྐྱོང་ཁུལ་ནང་གི་ལྗང་མདོག་གློག་གཏོང་ཉོ་ཚོང་བྱེད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར2026ཟིན་པ་དང་། དུས་མཚུངས་ལས62%འཕར་ནས། ཉོ་ཚོང་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

01.jpg

  • རྒྱལ་ཡོངས་ཀྱི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་དེ་ཚེས2ཉིན་ཤང་ཀང་དང་། ཨའོ་མོན། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར་བཞིར་དུས་མཉམ་དུ་སྤེལ་བ་དང་། དེ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་རྒྱལ་མཚམས་སྒྲོལ་བའི་དཔལ་འབར་བརྒྱུད་སྤྲོད་བྱེད་ཐེངས་དང་པོ་ཡིན་ལ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཤང་ཀང་དང་ཨའོ་མོན་དུ་བརྒྱུད་སྤྲོད་བྱེད་ཐེངས་དང་པོ་དེའང་རེད།

02.jpg

  • ཧྲིན་ཀྲོའུ་ཨང་ཉི་ཤུ་པའི་འཕུར་གྲུའི་ཕྱིར་ལོག་ལས་འགན་ལྡོག་རྩིས་དུས་ཚོད་ལ་སླེབས་པ་དང་། ཏུང་ཧྥེང་མར་འབབ་གནས་ཀྱི་མ་ལག་ཁག་ཚང་མ་གྲ་སྒྲིག་བྱས་ཚར་ཡོད།

  • མར་ཏི་ཝེའི་འཕྲོད་བསྟེན་པུས་ཟླ11ཚེས1ཉིན་ཁྱབ་སྒྲོག་སྤེལ་ཏེ། ཉིན་དེ་ནས་བཟུང2007ལོའི་ཟླ1ཚེས1ཉིན་དང་དེ་རྗེས་སུ་སྐྱེས་པའི་མི་སྣར“དུས་རབས་ཀྱི་ཐ་མག་བཀག་སྡོམ་བཀའ་རྒྱ”ལག་བསྟར་བྱས་པ་དང་། བཀག་རྒྱའི་སྤྱོད་ཁོངས་སུ་ཕྱི་རྒྱལ་གྱི་གནས་སྐོར་བའང་ཚུད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཅུང་ཆེ་བའི་གྲང་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས5ནས7ཉིན་བར། ཤིན་ཅང་གི་མང་ཆེ་བ་དང་། མཚོ་བོད་ས་མཐོའི་ནུབ་རྒྱུད། ནང་སོག་གི་ནུབ་རྒྱུད་བཅས་སུ་དྲོད་ཚད་ཏུའུ6ནས8བར་དམའ་རུ་འགྲོ་རྒྱུ་རེད།

  • 2026ལོའི་དམག་དཔུང་གི་ཞི་དོན་མི་སྣའི་ཡོངས་བསྒྲགས་རྒྱུགས་ལེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། རྒྱུགས་སྤྲོད་སློབ་མས་ཚེས3ཉིན་གྱི་ཆུ་ཚོད8པ་ནས་9ཉིན་གྱི་ཆུ་ཚོད18བར། དམག་དཔུང་གི་འཇོན་མིའི་དྲ་བར་ཞུགས་ནས་དྲ་ཐོག་ནས་མིང་ཐོ་འགོད་ཆོག

  • ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་སྐབས་བརྒྱད་པའི་རིང་། འགྲེམས་ཚོགས་བྱ་ཡུལ་དུ་མཐའ་མཚམས་བརྒལ་བའི་ཁྲལ་སློག་གི“ཉོ་འཕྲལ་ཕྱིར་སྤྲོད”ཀྱི་གཅིག་སྡུད་གཏོང་སྤྲོད་ས་ཚིགས་ཐོག་མར་སྤེལ་རྒྱུ་ཡིན་པ་རེད།

  • འགག་གསུམ་ལས་གྲྭ་ཧྲིལ་པོ་ལེགས་གྲུབ་བྱུང་ནས་ལོ་ལྔའི་རིང་། རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར4230ལས་བརྒལ་ཡོད་པ་རེད།

03.jpg

  • ཉེ་ཆར། འཛམ་གླིང་ཐོག་གི་མུན་ཤུན་འཐེན་སྐྱེད་འཕྲུལ་འཁོར་ཆེ་ཤོས་དངོས་སུ་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། དེས་རང་རྒྱལ་གྱི་མཁའ་འགྲུལ་བཟོ་སྐྲུན་དང་། མྱུར་བགྲོད་ལྕགས་ལམ། རྩེར་སོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་རང་རྒྱལ་ནས་ཐོན་པའི་འཕེལ་རིམ་ལ་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་ཡོད།

04.gif

  • རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་ཆུ་མཆོང་རྣམ་གྲངས་འགྲན་བསྡུར་ཁྲོད། ཀོང་ཏུང་རུ་ཁག་གི་ཆོན་ཧུང་ཁྲན་དང་ཝང་ཝེ་ཡིང་གིས་བུད་མེད་ཚོགས་པའི་མི་གཉིས་མཉམ་འགྲན་གྱི་སྨི10ཡི་མཆོང་སྟེགས་ཀྱི་ཨང་དང་པོ་བླངས། མཇུག་མཐར་ཀོང་ཏུང་རུ་ཁག་གི་སྤྱིའི་སྐར་གྲངས་ཨང་དང་པོ་ཡིན་ལ། ཆུ་མཆོང་བུད་མེད་ཚོགས་པའི་རྣམ་གྲངས་ཀྱི་ཨང་དང་པོ་བླངས།

  • “སུའུ་ཁྲའོ”ལས་ཨང་དང་པོ་ཐོབ་རྗེས།  ཅང་སུའུ་ཐའེ་ཀྲོའུ་གྲོང་ཁྱེར་གྱིས“འཛིན་བྱང་མི་དགོས་པ་དང་རིན་ཐང་ལས་བརྒལ་བའི་ཕན་བདེའི”རིག་གནས་གནས་སྐོར་གྱི་གཟིགས་སྐྱོང་ལག་རྟགས་སྟེར་བའི་བྱེད་སྒོ་སྤེལ་ནས་གོ་ལ་ཧྲིལ་པོའི་གནས་སྐོར་བ་ལྷག་བསམ་རྣམ་དག་ངང་གདན་ཞུ་བྱས་པ་རེད།

  • ཚེས2ཉིན། ཧུའུ་ནན་ཧོའེ་ཧྭ་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་ལྟར་ན། ཕྲུ་གུ་ལྐོག་ཚོང་གི་དོགས་ཡོད་ཉེས་གསོག་དོགས་ཅན4འཛིན་བཟུང་བྱས་ནས་ཕྲུ་གུ3བདེ་བླག་ངང་བསྐྱབས་པ་རེད།

  • ཚེས1ཉིན་གྱི་སྔ་དྲོར། ཧའེ་ནན་ཧའེ་ཁོའུ་ཡི་ཉ་པ་ལྔ་ཡིས་ཉ་འཛིན་སྐབས། ཉ་གྲུ་རླུང་རླབས་ཀྱིས་བརྒྱབ་ནས་མགོ་རྟིང་སློག་པ་དང་། ཧའེ་ནན་མཚོ་ཐོག་ཉེན་རྟོག་ཅུ་ཡི་ཉེན་རྟོག་པས་ཤེས་རྗེས་མྱུར་དུ་རོགས་སྐྱོབ་བྱས་པ་དང་། མི4ཉེན་ཁ་ལས་ཐར་བ་དང་། མི1སྟབས་མ་ལེགས་པར་ཆུར་ལྷུང་བ་རེད།

སྲིད་ཇུས།

  • ཐེན་ཅིན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་གྱི་ཟམ་པའི་འོག་གི་བར་མཐོངས་ཁྱབ་ཁོངས་ནང་ཁྲིམས་འགལ་ངང་བཀྲམ་འཚོང་དང་། བཟའ་བཏུང་། རོལ་རྩེད། འཕྲུལ་སྒུལ་འཁོར་རིགས་གཙང་འཁྲུད་དང་ཉམས་གསོ། རླངས་འཁོར་སྦྱོང་བརྡར་སོགས་ཀྱི་གཉེར་སྐྱོང་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱ་རྒྱུ་རེད།

  • ཧྲང་ཧའེ་ཡིས་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་ནས་དར་སྲོལ་གྱི་འཛད་སྤྱོད་དངོས་རྫས་ཐོན་ལས་ཇུས་འགོད་བཟོ་སྐྲུན་གྱི“AI+དར་སྲོལ་གྱི་འཛད་སྤྱོད་དངོས་རྫས”དང“བྱེད་ནུས་མཛེས་ཆས”སོགས་གསར་གཏོད་ཐོན་རྫས་རིགས་བཞི་ལ་རྒྱབ་སྐྱོར་བྱས་ནས། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་རེ་ཞུ་བྱས་ཆོག་པ་རེད།

  • ཀུའེ་ཀྲོའུ་ཡིས“ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སྦྱིན་བདག་ཆུང་ཆུང”སྐྱེད་སྲིང་འདུ་འགོད་ཀྱི་ལག་བསྟར་ཇུས་གཞི་བཟོས་ནས་འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ལ་གཏན་འབེབས་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར5000སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། འབྲི་ཆུའི་ལྷོ་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད། ཧྭ་ལྷོའི་བྱང་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་ཀྱི་རེད། དེའི་ནང་། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་རེད།


མཉམ་སྤྱོད།